ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

▶ཀྲུང་གོར་དམག་འཐབ་གནམ་གྲུ་གསར་པ་ཞིག་ཐོན་འདུག

2024-11-07 09:34:00     责编:娜科

     སྤྱི་ཚེས་5ཉིན་གྱི་སྔ་དྲོ། མཁའ་དམག་གིས་རྒྱལ་ས་པེ་ཅིང་དུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས།  མི་དམངས་མཁའ་དམག་དབུ་བརྙེས་ནས་བགྲང་བྱ་75འཁོར་བ་དང་། དེ་བཞིན་སྐབས་བཅོ་ལྔ་པའི་ཀྲུང་གོའི་མཁའ་འགྲུལ་མཁའ་སྐྱོད་འགྲེམས་སྟོན་སྐོར་གྱི་འབྲེལ་ཡོད་ཆ་འཕྲིན་ངོ་སྤྲོད་བྱས་པ་རེད།  

མཁའ་དམག་སྒྲིག་ཆས་པུའུ་ཡི་དམག་དཔོན་ནེའུ་ཝུན་པོའོ་ཡིས། སྐབས་བཅོ་ལྔ་པའི་ཀྲུང་གོའི་མཁའ་འགྲུལ་མཁའ་སྐྱོད་འགྲེམས་སྟོན་རིང་། མངོན་མེད་སྤྱོད་སྒོ་མང་བའི་དམག་འཐབ་གནམ་གྲུ་འབྲིང་གྲས་ཚར་གཅོད་-35Aམི་ཚང་མས་མཐོང་བའི་གོ་སྐབས་ཡོད་སྲིད་ཅེས་ངོ་སྤྲོད་གནང་བ་རེད།

 

 

དམག་དོན་རིགས་གཅིག་མཁས་ཅན་ལི་ལི་ཡིས།  དེའི་ཐོག་ནས་རང་རྒྱལ་གྱི་མཁའ་དམག་ལ་དུས་མཚུངས་སུ་མངོན་མེད་དམག་འཐབ་གནམ་གྲུ་གཉིས་ཡོད་པ་མཚོན་ཏེ།  གཅིག་ནི་ཚར་གཅོད་-20ཡིན་པ་དང་། ཅིག་ཤོས་ནི་ཚར་གཅོད་-35Aཡིན་ཞིང་། ཨ་རིའི་མཁའ་དམག་གི་སྒྲིག་ཆས་F-22དང་F-35ཡི་རྗེས་སུ། ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོའི་ངོས་ནས་བརྗོད་ན་དུས་མཚུངས་སུ་མི་མངོན་པའི་དམག་འཐབ་གནམ་གྲུ་ཁག་གཉིས་དབང་བའི་རྒྱལ་ཁབ་ཅིག་ཏུ་གྱུར་བ་རེད།  ཕྱོགས་ཁག་གི་ཕྱོགས་བསྡུས་ཆ་འཕྲིན་འབྱུང་ཁུངས་ལ་བལྟས་ན། ཚར་གཅོད་-35Aནི་འབྱུང་འགྱུར་གནམ་ཐང་གྲུ་གཟིངས་ཐོག་གི་གནམ་གྲུ་རབ་དང་རིམ་པར་འགྱུར་ནས་རང་རྒྱལ་གྱི་མཚོ་ཐོག་དང་མཁའ་དབྱིངས་དམག་འཐབ་ཀྱི་སྤྱི་ཡོངས་ཀྱི་སྟོབས་ཤུགས་ཆེ་རུ་ཤུགས་ཆེན་འགྲོ་རྒྱུ་རེད་ཅེས་གསལ་འགྲེལ་གནང་བ་རེད། 

 སྐབས་བཅོ་ལྔ་པའི་ཀྲུང་གོའི་མཁའ་འགྲུལ་མཁའ་སྐྱོད་འགྲེམས་སྟོན་དེ་སྤྱི་ཟླ་11པའི་ཚེས་12ཉིན་ནས་ཚེས་17ཉིན་བར་གཉེར་རྒྱུ་ཡིན་ཞིང་། སྐབས་དེ་དུས་ང་ཚོས་མཉམ་དུ་ཀྲུང་གོའི་དམག་འཐབ་གནམ་གྲུ་གསར་པ་དེའི་མཚར་སྡུག་ལ་མྱོང་རོལ་གནང་ཆོག 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག མིག་དམར་རྒྱ་མཚོ། 

སྒྲིག་སྒྱུར། གངས་ཕྲུག་བློ་རྒྱ། 

中央广播电视总台 央广网 版权所有

▶ཀྲུང་གོར་དམག་འཐབ་གནམ་གྲུ་གསར་པ་ཞིག་ཐོན་འདུག

དམག་དོན་རིགས་གཅིག་མཁས་ཅན་ལི་ལི་ཡིས། དེའི་ཐོག་ནས་རང་རྒྱལ་གྱི་མཁའ་དམག་ལ་དུས་མཚུངས་སུ་མངོན་མེད་དམག་འཐབ་གནམ་གྲུ་གཉིས་ཡོད་པ་མཚོན་ཏེ།