▶ཀྲུང་གོས་ཨུ་ཡུག་གདོང་ཐུག་ལ་བར་འདུམ་བྱེད་སྲིད་དམ་ཞེས་དྲིས་པར་་་
ཚེས་29ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་གསར་འགོད་པའི་འཆར་ཅན་ཚོགས་འདུ་གཙོ་སྐྱོང་གནང་སྐབས། གསར་འགོད་པ་ཞིག་གིས། ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ནས་ཨ་རི་དང་། ཡུག་རེན། ཨུ་རུ་སུ་བཅས་ཀྱི་ཕྱི་འབྲེལ་པུའུ་ཀྲང་དང་མཇལ་འཕྲད་གནང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་དང་ཡུག་རེན་དབར་གྱི་གདོང་ཐུག་ལ་བར་འདུམ་བྱེད་སྲིད་དམ་ཞེས་དྲིས་པ་རེད།
ལིན་ཅན་གྱིས། ཡུག་རེན་གྱི་ཉམས་ཉེན་ཐད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་སྔ་ཙམ་དམག་མཚམས་འཇོག་པ་དང་ཆབ་སྲིད་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ཕྱོགས་ཁག་གི་ཐུན་མོང་ཁེ་ཕན་དང་མཐུན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་སྐད་ཆ་ཤོད་རེས་དང་དབྱེན་འབྱེད་གྲོས་མོལ་བྱ་རྒྱུ་དེ་ནི་ཡུག་རེན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་ལག་ལེན་བསྟར་རུང་བའི་ཐབས་ལམ་ཉག་ཅིག་དེ་ཡིན་པའི་འདོད་ཚུལ་འཛིན་གྱི་ཡོད། ཐོག་མཐའ་བར་གསུམ་དུ་དོན་དངོས་དང་མཐུན་པའི་དྲང་གཞག་གི་ལངས་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་ཞི་བའི་གྲོས་མོལ་བྱ་རྒྱུར་སྐུལ་ལྕགས་གཏོང་གི་ཡོད། ཀྲུང་གོས་མུ་མཐུད་ཞི་བདེ་དང་སྐད་ཆ་ཤོད་རེས་ཀྱི་ཕྱོགས་སུ་ལངས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཐུན་མོང་གི་ངོས་འཛིན་དེ་བས་མང་བ་གཅིག་སྡུད་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ། ཆབ་སྲིད་ལ་བརྟེན་ནས་ཉམས་ཉེན་ཐག་གཅོད་ཐུབ་རྒྱུར་ལག་ལེན་བསྟར་རུང་བའི་ཐབས་ལམ་ཐུན་མོང་ཐོག་འཚོལ་རྒྱུ་ཡིན་ཞེས་གསུངས་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག ཟླ་བ་ཚེ་རིང་།
སྒྲིག་སྒྱུར། བསྟན་འཛིན་འཇམ་དཔལ།