ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

ཐེངས་དང་པོར་མི་ལོ་6000སྔོན་གྱི་གནའ་མིའི་DNAབསྡུ་ལེན་ཐུབ་པ།

2023-09-20 17:51:00     责编:桑吉卓玛

ཐེངས་དང་པོར་མི་ལོ་6000སྔོན་གྱི་གནའ་མིའི་DNAབསྡུ་ལེན་ཐུབ་པ།

 

       སྤྱི་ཟླ་9པའི་ཚེས་17ཉིན་ཅང་སུའུ་ཝུའུ་ཤིས་སུ་འཚོགས་པའི་༼གནའ་རྫས་རྟོག་ཞིབ་སྔོག་འདོན་བྱ་ཡུལ་དངོས་ཀྱི་རིག་དངོས་སྲུང་སྐྱོང་བྱེད་པའི་རྒྱལ་ཁབ་རིག་དངོས་ཅུས་ཀྱི་གཙོ་གནད་ཚན་ཞིབ་རྟེན་གཞིའི་ཧྭ་ཏུང་ལས་དོན་ས་ཚིགས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོའི་ཐོག ཝུའུ་ཤིས་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་དང་ཧྥུའུ་ཏན་སློབ་ཆེན་གྱིས་མཉམ་འབྲེལ་ཐོག་ཚན་རྩལ་གནའ་རྫས་རྟོག་ཞིབ་ཀྱི་གྲུབ་འབྲས་གསར་ཤོས་ཏེ་ཝུའུ་ཤིས་གྲོང་ཁྱེར་མ་ཅ་པིན་རིག་གནས་དུས་སྐབས་ཀྱི་མི་རུས་ཞིབ་དཔྱད་སྙན་ཞུ་ཁྱབ་བསྒྲགས་བྱས་ཡོད།

 

 

       སློབ་གསོ་པུའི་རྒྱལ་ཁབ་འཕེལ་རྒྱས་དང་རིག་ནུས་བཅོས་སྐྱོང་ཕྱོགས་བསྡུས་ཚོད་ལྟ་ཁང་གི་ཀྲུའུ་རེན་གཞོན་པ། ཧྥུའུ་ཏན་སློབ་ཆེན་ཚན་རྩལ་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གི་དགེ་རྒན་ཆེན་མོ་གཞོན་པ་ཝུན་ཧྲའོ་ཆིང་གིས། དེ་ནི་ལོ་6000གོང་མ་ཅ་པིན་རིག་གནས་དུས་སྐབས་ཀྱི་གནའ་བོའི་མིའི་རིགས་ཀྱི་གཞི་རྒྱུའི་ཚོགས་པའི་གྲངས་གཞི་ཐོག་མར་ཐོབ་པ་ཞིག་ཡིན་པ་དང་། ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ནས་ཉར་ཚགས་ཡག་པོ་མ་བྱུང་བའི་རྐྱེན་གྱིས་ཀྲུང་གོའི་ལྷོ་ཕྱོགས་ཀྱི་གནའ་བོའི་DNAལ་ཞིབ་འཇུག་མི་འདང་བ་ཁ་གསབ་བྱས་ཡོད་ཅིང་། འབྲི་ཆུའི་སྨད་རྒྱུད་ཀྱི་ཡི་གེ་མ་བྱུང་གོང་གི་མི་ཚོགས་ཀྱི་འབྱུང་ཁུངས་དང་གནས་སྤོའི་ཐད་ཤེས་རྟོགས་བྱ་རྒྱུར་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད་ཅེས་ངོ་སྤྲོད་བྱས་འདུག

       ཤེས་རྟོགས་བྱུང་བར་གཞིགས་ན། མ་ཅ་པིན་རིག་གནས་ནི་ཝུའུ་ཤིས་ས་ཁུལ་ནས་རྙེད་པའི་རྡོ་ཆས་གསར་མའི་དུས་རབས་ཀྱི་རིག་གནས་སྔ་ཤོས་དེ་ཡིན་པས་ཝུའུ་ཤིས་ཀྱི་ས་ཁོངས་ཤེས་དཔལ་གྱི་འབྱུང་ཁུངས་རེད་ཅེས་བརྗོད་ཆོག 2023ལོའི་ཟླ་6པར་རང་བྱུང་དང་རིག་གནས་ཤུལ་བཞག་ཉིན་མོའི་བྱེད་སྒོའི་ཁྲོད་ཝུའུ་ཤིས་ཀྱིས་ཝུའུ་ཤིས་ཀྱི་མ་ཅ་པིན་རིག་གནས་ཀྱི་བང་སོ་གཉིས་ཀྱི་གནའ་རྫས་རྟོག་ཞིབ་སྔོག་འདོན་གནས་ཚུལ་ཐད་གཏོང་བྱས་པ་དང་། གནའ་མིའི་རུས་སྒྲོམ་གཉིས་རྙེད་ཡོད། ཧྥུའུ་ཏན་སློབ་ཆེན་ཚན་རྩལ་གནའ་རྫས་རྟོག་ཞིབ་སློབ་གླིང་གིས་རུས་སྒྲོམ་གཞི་གཉིས་ལས་མ་དཔེ་བསྡུ་ལེན་བྱས་པ་དང་། དེ་ལས་གཅིག་ནས་གནའ་མིའི་DNAལེན་ཐུབ་ཡོད།

 

 

       ཝུན་ཧྲའོ་ཆིང་གིས་ངོ་སྤྲོད་བྱས་པ་ལྟར་ན། རུས་སྒྲོམ་མ་དཔེ་དེ་ནི་སྐྱེས་པ་ཞིག་ཡིན་པ་དང་། དེའི་མ་རྒྱུད་ནི་ལྡབ་རྐྱང་གི་ཁྱུ་F1a1·4ཡི་ཁོངས་སུ་གཏོགས་ཀྱི་ཡོད་པ་དང་། གནའ་རབས་ས་ཁུལ་ཁག་གི་གནའ་རྫས་རྟོག་ཞིབ་བྱས་ནས་བླངས་པའི་སྐུད་རྡོག་གཟུགས་DNAགཞི་གྲངས་དག་དང་བསྡུར་བ་བྱེད་སྐབས།  DNAདེ་རིགས་ནི་ཡོ་ནན་གྱི་བྱང་རྒྱུད(ད་ལྟའི་དུས་ནས་ལོ་4000ནས་2000སྔོན་གྱི་བར་)དང་། ལོ་སིའི་བྱང་རྒྱུད(ད་ལྟའི་དུས་ནས་ལོ་3000སྔོན་གྱི་བར)ཧིན་རྡུ་ཉི་ཞི་ཡ(ད་ལྟའི་དུས་ནས་ལོ་2000སྔོན་གྱི་བར)ཧྥི་ལི་ཕིན་(ད་ལྟའི་དུས་ནས་ལོ་1800སྔོན་གྱི་བར)བཅས་ཀྱི་གནའ་བོའི་རྗེས་ཤུལ་དང་ཐེ་ལན་གྱི་བྱང་རྒྱུད(ད་ལྟའི་དུས་ནས་ལོ་2500ནས་ལོ་800ཡི་སྔོན་གྱི་བར)བཅས་སུ་དུར་འཇུག་བྱས་པའི་ནང་ཡོད་པ་རེད།

       ཝུན་ཧྲའོ་ཆིང་གིས། ཝུའུ་ཤིས་མ་ཨན་རྗེས་ཤུལ་མ་ཅ་པིན་རིག་གནས་ཀྱི་གནའ་མིའི་རྒྱུད་དང་དེང་རབས་ཀྱི་སྐད་ཁོངས་ཁག་གི་མི་ཚོགས་ཀྱི་ཁྱིམ་རྒྱུད་མ་ལག་བསྡུར་བ་བྱས་ཚེ། མ་ཨན་གནའ་མི་དང་། ཀྲུང་གོའི་ལྷོ་ཕྱོགས་དང་ཨེ་ཤ་ཡ་ཤར་ལྷོའི་རྒྱུད་ཀྱི་གནའ་བོའི་མི་ཚོགས་དབར་རིགས་རྒྱུད་ཀྱི་འབྲེལ་བ་ཡོད་པ་ཤེས་རྟོགས་ཐུབ་པ་དང་། དེ་དང་དུས་མཚུངས་སུ་དེང་རབས་ཀྱི་སྐད་ཁོངས་སོ་སོའི་མི་ཚོགས་ཀྱི་ཁྱིམ་རྒྱུད་དང་བསྡུར་བ་བྱས་ན། མ་ཨན་གནའ་རབས་ཀྱི་མི་དང་དེང་རབས་ཀྱི་ཏུང་ཐའེ་སྐད་ཀྱི་མི་ཚོགས་དབར་དང་། ཀྲུང་གོའི་ལྷོ་ཕྱོགས་ཀྱི་རྒྱ་རིགས་དབར་ལ་རིགས་རྒྱུད་ཀྱི་འབྲེལ་བ་ཟབ་མོ་ཡོད་པ་ཤེས་རྟོགས་ཐུབ། ཞིབ་འཇུག་འདིས་འབྲི་ཆུའི་སྨད་རྒྱུད་ཀྱི་གནའ་བོའི་མ་དཔེའི་སྐུད་རྡོག་གཟུགས་གཞི་རྒྱུའི་ཚོགས་པའི་གོ་རིམ་ཐོག་མར་ཤེས་རྟོགས་ཐུབ་ཡོད། མིག་སྔར་འབྲི་ཆུ་འབབ་རྒྱུད་ཀྱི་གནའ་བོའི་DNAཡི་གཞི་གྲངས་ལ་སྔར་བཞིན་མང་པོ་མེད་པས། དེའི་ཐད་ཀྱི་ལས་དོན་སྤེལ་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་རེད་ཅེས་བརྗོད་ཡོད། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག བསྟན་འཛིན།
ཡིག་སྒྱུར། སྒྲོལ་མ་མཚོ།

 

中央广播电视总台 央广网 版权所有

ཐེངས་དང་པོར་མི་ལོ་6000སྔོན་གྱི་གནའ་མིའི་DNAབསྡུ་ལེན་ཐུབ་པ།

སྤྱི་ཟླ་9པའི་ཚེས་17ཉིན་ཅང་སུའུ་ཝུའུ་ཤིས་སུ་འཚོགས་པའི་༼གནའ་རྫས་རྟོག་ཞིབ་སྔོག་འདོན་བྱ་ཡུལ་དངོས་ཀྱི་རིག་དངོས་སྲུང་སྐྱོང་བྱེད་པའི་རྒྱལ་ཁབ་རིག་དངོས་ཅུས་ཀྱི་གཙོ་གནད་ཚན་ཞིབ་རྟེན་གཞིའི་