ཀུ་ཤུ་ཀུང་སིའི་སྤྱི་བསྒྲགས་གསར་ཤོས།
ཀུ་ཤུ་ཀུང་སིའི་སྤྱི་བསྒྲགས་གསར་ཤོས།
སྤྱི་ཚེས15ཉིན། ཏའོ་ཆུང་སིའི་མངའ་འོག་གི་Market Watchཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཀུ་ཤུ་ཀུང་སིས་ཧྥ་རན་སིའི་རྒྱལ་ཁོངས་སུ་iPhone12སྤྱོད་མཁན་ལ་མཉེན་ཆས་གསར་བརྗེ་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།
སྤྱི་ཚེས་15ཉིན་ཀུ་ཤུ་ཀུང་སིའི་མགྲིན་ཚབ་པ་ཞིག་གིས་ཧྥ་རན་སིའི་སྤྱོད་མཁན་ལ་མཉེན་ཆས་གསར་བ་བརྗེས་ཏེ་ཧྥ་རན་སིའི་ལྟ་སྐུལ་དོ་དམ་སྒྲིག་གཞིའི་ལག་བསྟར་ཚད་གཞི་དང་འཚམ་པར་བྱ་རྒྱུ་ཡིན་པ་མ་ཟད། ལག་ཐོགས་ཁ་པར་དེ་མུ་མཐུད་དུ་ཧྥ་རན་སི་རུ་འཚོང་ཐུབ་པའི་རེ་བ་བཅངས་ཡོད་ཅེས་བཤད་པ་དང་། མགྲིན་ཚབ་པ་དེས་ད་དུང་སྤྱི་ལོ་2020ལོར་བཏོན་པ་ནས་བཟུང་། iPhone12ཡི་ཁས་ལེན་བདེན་དཔང་ཐོབ་ཡོད་པ་དང་། གོ་ལ་ཧྲིལ་པོའི་འབྲེལ་ཡོད་ཁྲིམས་སྲོལ་དང་ཚད་གཞི་ཚང་མ་ལོན་པའམ་ཚད་གཞི་ལས་བརྒལ་ཡོད་ཅེས་བརྗོད།
ཧྥ་རན་སིའི་རྒྱལ་ཁབ་ཟློས་ཕྱོད་དོ་དམ་ཅུས་ཀྱིས་སྤྱི་ཚེས་12ཉིན་སྤྱི་བསྒྲགས་སྤེལ་ནས། ཞིབ་དཔྱད་ཚད་ལེན་བྱས་འབྲས་ལས་མངོན་པ་ལྟར་ན། ཁ་པར་iPhone12ཀྱི་གློག་སྡུད་རླབས་ཁྱབ་འགྱེད་འཕྲོའི་ཚད་གཞི་དེ་ཡོ་རོབ་མནའ་འབྲེལ་གྱི་ཚད་གཞི་ལས་བརྒལ་ཞིང་། ཀུ་ཤུ་ཀུང་སིས་ཉིན་དེ་ནས་བཟུང་ཧྥ་རན་སིའི་ཁྲོམ་ར་ནས་གནས་སྐབས་སུ་ལག་ཐོགས་ཁ་པར་དེ་ཕྱིར་ཚོང་བྱེད་མཚམས་འཇོག་དགོས་པའི་བླང་བྱ་བཏོན།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག བཀྲ་ཤིས་བཟང་པོ།
སྒྲིག་སྒྱུར། སྙན་དབྱངས།