ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

འབྱུང་ཁམས་ཤེས་དཔལ་འཛུཊ་སྐྱོང་སྐོར་གྱི་གླེང་སྟེཊ་ཟི་ལིང་དུ་གཉེར།

2023-05-29 18:37:00     责编:卓玛才让

     ཟླ་5པའི་ཚེས་26ཉིན། གཙང་གསུམ་ཆུ་འགོ་འབྱུང་ཁམས་སྲུང་སྐྱོང་ཐེབས་རྩ་ལྷན་ཚོགས་དང་གཙང་གསུམ་ཆུ་འགོ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་། ཀྲུང་གོ་ཚན་རིག་ཁང་ནུབ་བྱང་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་ཡིས་གཙོ་གཉེར་བྱས་ཤིང་། མཚོ་སྔོན་མི་རིགས་སློབ་ཆེན་གྱིས་གཉེར་འགན་འཁུར་བའི་མཚོ་བོད་ས་མཐོའི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་གླེང་སྟེགས་སྐབས་བཞི་པ་ཟི་ལིང་དུ་གཉེར་བ་རེད།

     སྐབས་འདིའི་གླེང་སྟེགས་ཐོག རྒྱལ་ཁབ་ཀྱི་དོན་ཆེན་སེམས་ལ་འཆང་ཞིང་། ཆུ་འགོའི་འགན་འཁྲི་ཁུར་ནས། ཐུན་མོང་ཐོག་སའི་གོ་ལའི་ལས་དབང་གཅིག་མཐུན་མ་ལག་གཏོད་ཅེས་པ་བརྗོད་དོན་གཙོ་བོར་བྱས་ཡོད། འབྱུང་ཁམས་སྲུང་སྐྱོང་ཁྱབ་ཁོངས་ཀྱི་འབྲེལ་ཡོད་ཚན་པ་དང་ཚན་རིག་ཞིབ་འཇུག་ཁང་། མཐོ་སློབ་ཁག་གི་རིགས་གཅིག་མཁས་ཅན་དང་རིག་གནས་པ། ཞིབ་འཇུག་མི་སྣ། ཆེད་ལས་དགེ་སློབ་བཅས་ཁྱོན་མི་900ལྷག་ཙམ་གླེང་སྟེགས་ནང་ཞུགས་ཡོད།

     དེའི་རིང་། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཧྥེང་ཆི་དང་། ཆིང་ཧྭ་སློབ་ཆེན་རྒྱལ་ཁབ་སྤྱི་གླིང་ཞིབ་འཇུག་ཁང་གི་ཡོན་ཀྲང་དབྱང་རུའེ། ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་ཀྲུའུ་ལི་ཕིང་། ཀྲུང་གོ་ཚན་རིག་ཁང་ནུབ་བྱང་འབྱུང་ཁམས་ཁོར་ཡུག་ཐོན་ཁུངས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཧྲེན་ཚུང་ཕིང་སོགས་རིགས་གཅིག་མཁས་ཅན་དང་རིག་གནས་པ་བདུན་གྱིས་ཨ་ཤེ་ཡའི་ཆུ་གསོག་མཐོ་ལྕོག་གི་འགྱུར་ལྡོག་དང་དེར་ཁ་གཏད་གཅོག་ཐབས་ཞེས་པ་དང་། རྨ་ཆུ་དང་ཙོང་ཆུའི་ས་ཁུལ་གྱི་སྔ་དུས་ཤེས་དཔལ་ཅན་གྱི་འཕེལ་རིམ་ཞེས་པ། མཚོ་བོད་ས་མཐོའི་འཁྱགས་རོམ་འགྱུར་ལྡོག་དང་དེའི་ཐོན་ཁུངས་ཁོར་ཡུག་དང་འབྱུང་ཁམས་ཕན་ནུས་ཞེས་པ་སོགས་ཀྱི་ནང་དོན་ལ་གཞིགས་ཏེ་ཆེད་དོན་སློབ་ཁྲིད་གནང་ཡོད།

     གཙང་གསུམ་ཆུ་འགོ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་ཏང་ཨུད་ཧྲུའུ་ཅི། ཅུས་ཀྲང་ཝང་ཤང་གོ་ཡིས་ཤིས་ཚིག་གནང་སྐབས། མཚོ་བོད་ས་མཐོའི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་གླེང་སྟེགས་ནི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་གི་རིགས་པའི་གཞུང་ལུགས་ཞིབ་འཇུག་གི་མཐོ་ས་ཞིག་ཡིན་པ་དང་། མ་དངུལ་བསྡུ་རུབ་ཀྱིས་ཞིང་འབྲོག་ཁུལ་འཛུགས་སྐྲུན་ལ་རམ་འདེགས་བྱེད་པའི་ཐབས་ལམ་གསར་པ་ཞིག་ཡིན་ཞེས་གསུངས་པ་རེད།

     གཙང་གསུམ་ཆུ་འགོ་འབྱུང་ཁམས་སྲུང་སྐྱོང་ཐེབས་རྩ་ལྷན་ཚོགས་ཀྱི་ལས་འཛིན་དཔོན་སྟག་འབུམ་ཐར་གྱིས་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་གནང་སྐབས། ཐེངས་འདིའི་གླེང་སྟེགས་གཉེར་བ་ནི་འབྱུང་ཁམས་བདེ་འཇགས་དང་ལྗང་མདོག་འཕེལ་རྒྱས། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན། འབྱུང་ཁམས་ཤེས་དཔལ་ལམ་ལུགས་གསར་གཏོད། མཐུན་སྦྱོར་གཞི་གཅིག་ཅན་གྱི་འཕེལ་རྒྱས་བཅས་ལོ་རྒྱུས་ཐོག་སྔར་བྱུང་མ་མྱོང་བའི་རླབས་ཆེན་འདུ་འགོད་དེ་མཉམ་དུ་ལག་བསྟར་བྱ་ཆེད་ཤུགས་སྣོན་རྒྱག་པ་དང་། རྒྱལ་ནང་གི་རྩེར་སོན་གྱི་རིགས་གཅིག་མཁས་ཅན་གདན་ཞུ་བྱས་པ་བརྒྱུད་རིགས་པའི་གཞུང་ལུགས་ཀྱི་འཚོལ་ཞིབ་དང་ཞིབ་འཇུག་གི་འགུལ་རྣམ། གྲུབ་འབྲས་མཉམ་སྤྱོད་གསར་ཤོས་བཅས་ཀྱི་ཐོག་ནས་ཚན་རིག་ཞིབ་འཇུག་དང་རིག་གཞུང་སྤེལ་རེས་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་སྟེ་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གྲུབ་འབྲས་ཀྱི་ཉིང་བཅུད་ཆགས་པ་བྱས་ནས་སྤྱི་ཚོགས་ཀྱི་སྟོབས་ཤུགས་གཅིག་སྡུད་ཀྱིས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་ཆེད་བསམ་བློའི་འདེགས་སྐྱོར་མཁོ་འདོན་དང་གཙང་གསུམ་ཆུ་འགོ་འབྱུང་ཁམས་སྲུང་སྐྱོང་ལ་སྔར་བས་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་དེ་ཡིན་ཞེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག གཡུ་སྒྲོན།

གསར་འགོད་པ། རྡོ་ཐར།

中央广播电视总台 央广网 版权所有

འབྱུང་ཁམས་ཤེས་དཔལ་འཛུཊ་སྐྱོང་སྐོར་གྱི་གླེང་སྟེཊ་ཟི་ལིང་དུ་གཉེར།