དུག་རྫས་གཡོ་འཕྲུལ་བྱེད་མཁས་པས། གཡོ་འོག་ཚུད་པར་དོགས་ཟོན་བྱོས།
དུག་རྫས་གཡོ་འཕྲུལ་བྱེད་མཁས་པས། གཡོ་འོག་ཚུད་པར་དོགས་ཟོན་བྱོས།
ཉེ་ཆར། འགག་སྒོའི་ལས་བྱེད་མི་སྣས་ནང་འདྲེན་སྦྲག་དངོས་ལ་ཞིབ་བཤེར་བྱེད་སྐབས་སྦྲག་དངོས་དེར་དོགས་གཞི་བྱུང་ནས་སྦྲག་དངོས་ཁ་ཕྱེ་ནས་ཞིབ་བཤེར་བྱེད་སྐབས་དེ་ནི་ཁ་དམ་ཁུག་མ་ཞིག་ཡོད་པ་དང་ཁུག་མའི་ནང་དུ་ཤོག་བྱང་གཉིས་ཡོད་པ་རེད།
ཤོག་བྱང་དེ་གཉིས་ཞིབ་བཤེར་དུ་བསྐྱལ་དུས།
ཤོག་བྱང་དེ་གཉིས་ཐོག་གསར་དར་གྱི་དུག་རྫས་LSDལྷེབ་མ100སྦས་སྐུངས་བྱས་ཡོད་པ་རེད།
LSD(མའེ་ཅའོ་སྐྱུར་གཉིས་ཁ་རྨང་ཞན་ཨན།)
མིང་གཞན་ལ་“སྦྲག་བྱང་”ཟེར།
དེ་ནི་མི་བཟོས་འཕྲུལ་བྱེད་དུག་རྫས་ཤིག་ཡིན་ལ།
རང་རྒྱལ་གྱིས་སྔ་ས་ནས་དོ་དམ་སྨན་རྫས་ཀྱི་དཀར་ཆག་ཏུ་བཀོད་ཡོད་ཅིང་། དེ་ནི་བསམ་པའི་སྨན་རྫས་རིགས་དང་པོའི་ཁོངས་སུ་གཏོགས་ཀྱི་ཡོད།
དུག་རྫས་གཡོ་འཕྲུལ་བྱེད་མཁས་པས། གཡོ་འོག་ཚུད་པར་དོགས་ཟོན་བྱོས།
འཚོ་བའི་ཁྲོད་དུ།
འདི་ལྟ་བུའི་ཤོག་བུ་ཁྲ་ཁྲ་དང་། དཀར་ཁྲ་ལྷེབ་མ་སོགས་ལ།
གཞོན་ནུ་ལོ་ཆུང་ཚོས་དོགས་ཟོན་བྱེད་དཀའ་བས།
མི་ངན་གྱིས་སླུ་བྲིད་འོག་ཏུ་ཚུད་ནས།
ལོག་ལམ་དུ་འགྲོ་བའི་ཉེན་ཁ་ཆེ།
དུག་འགོག་ཐབས་ཤེས།
གཅིག དུག་རྫས་ཀྱི་རིགས་དང་གནོད་འཚེ་ཤེས་པར་བྱ་དགོས་ཏེ། ལྷག་པར་དུ་དུག་རྫས་གསར་པའི་རྫུས་ཆས་ལ་རྒྱུས་ལོན་གསལ་པོ་བྱས་ནས། མྱུར་དུ་དུག་རྫས་ལ་དབྱེ་འབྱེད་བྱེད་ཐུབ་པ་དང་། དུག་རྫས་བཀག་འགོག་བྱ་དགོས།
གཉིས། གཞོན་ནུ་ལོ་ཆུང་རྣམས་མཚན་གུང་ནང་མ་སོགས་མི་སྣ་འདྲ་མིན་སྣ་ཚོགས་འདུ་ས་དང་རྙོག་འཛིང་ཆེ་བའི་སྤྲོ་སེང་གཏོང་ཡུལ་དུ་འགྲོ་ཉུང་ཙམ་བྱས་ནས། སྣང་མེད་ངང་དུག་རྫས་ཀྱི་གནོད་འཚེ་ཕོག་རྒྱུར་སྔོན་འགོག་བྱ་དགོས།
གསུམ། གྲོགས་པོ་སྒྲིག་དུས་གཟབ་གཟབ་བྱེད་དགོས་ཏེ། གོམས་གཤིས་ངན་པ་ཅན་གྱི་གྲོགས་པོ་དང་བར་ཐག་རིང་དུ་ཕྱེ་དགོས། ཉེ་འགྲམ་གྱི་གྲོགས་པོས་ཁྱེད་ལ་དུག་རྫས་འདྲ་བའི་དངོས་པོ་གསར་པ་ངོ་སྤྲོད་བྱས་ན། གཏན་ནས་ལེན་མི་རུང་།
བཞི། རྨོངས་ཚོད་ཀྱིས་ཡ་མཚན་དང་སྟེས་དབང་གི་བསམ་ཚུལ་འཛིན་མི་རུང་། དུག་འཐེན་པ་ནི་ཕྱིར་འཐེན་བྱེད་ཐབས་མེད་པའི་ལམ་བུ་ཞིག་ཡིན་པས། དུག་རྫས་འགོས་ན་མི་ཚེ་གང་པོར་ཤུགས་རྐྱེན་ཐེབས་ངེས་ཡིན།
ལྔ། ཧུར་བརྩོན་ཡར་སྐྱེད་ཀྱི་སེམས་ཁམས་སྲུང་འཛིན་བྱེད་དགོས་པ་ལས། འཚོ་བར་དཀའ་ཁག་ཆེ་བའམ་བློ་སྟོབས་ཉམས་པ་སོགས་ཀྱི་དབང་གིས་དུག་རྫས་ལ་བརྟེན་ཏེ་རང་ཉིད་སྦྲིད་དུ་འཇུག་མི་རུང་། གནད་དོན་ཡོད་ཚེ་ཉེ་འགྲམ་གྱི་གྲོགས་པོ་དང་གཉེན་ཉེར་སྐད་ཆ་མང་ཙམ་བཤོད་དགོས།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག བསྟན་འཛིན་དབང་ཕྱུག
ཡིག་སྒྱུར། བྱམས་མཚོ།