ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

ཀུན་སྤྱོད་བཟང་པོ་ནི་བྱ་སྤྱོད་འདི་དག་ཁྲོད་ནས་མངོན།

2023-03-25 17:20:00     责编:桑吉卓玛

ཀུན་སྤྱོད་བཟང་པོ་ནི་བྱ་སྤྱོད་འདི་དག་ཁྲོད་ནས་མངོན།

 

您的浏览器不支持 audio标签

       ཀུན་སྤྱོད་བཟང་པོ་ནི་མི་ཕན་ཚུན་གྱི་འབྲེལ་བ་དང་སྤྱོད་ལམ་ཁྲོད་ནས་མངོན་པའི་བྱང་ཚད་ཅིག་ཡིན། དེ་ནི་རྒྱན་གོས་མཆོར་མིན་དང་འབྲེལ་བ་མེད་ལ་བྱད་བཞིན་མཛེས་ཉེས་དང་ཡང་འབྲེལ་བ་མེད། 

       དྲ་གྲོགས་ཤིག་གིས་རང་སོའི་ལོ་རྒྱུས་བརྗོད་པར། ཁོང་ཆུང་དུས་སྡོད་སའི་སྡེ་ཁུལ་དེའི་སྒོ་འགྲམ་དུ་རྟག་པར་རྒན་རྒོན་ཁག་གཅིག་གིས་ཚལ་འཚོང་གི་ཡོད། 

       ཁྱིམ་དུ་ཚལ་རྫོགས་སྐབས་ཨ་ཕས་ཁོང་ལ་དངུལ་སྨར་སྤྲད་ནས་ཚལ་ཉོ་བར་གཏོང་གི་ཡོད། ཨ་ཕས་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་ཁྲོམ་འདོན་པར་ཡོང་མཁན་རྒན་རྒན་ཚོའི་ངོས་ནས་བརྗོད་ན་སྒོར་ཙག་དེ་དག་མང་པོ་མ་རེད། འོན་ཀྱང་ཁོང་ཚོས་དེ་དག་སྤྱད་ནས་ཚ་སོབ་སོབ་ཀྱི་ཟ་མ་ཞིག་བཟའ་ཐུབ་ཅེས་ཤོད་མྱོང་། 

       དོན་ངོ་མའི་སེམས་བཟང་ནི་ཁ་བཤད་ཀྱི་ངོ་སོ་ཞིག་མིན་པར་དོན་དམ་པའི་ལག་ལེན་ལས་མངོན་ཐུབ།

       ཀུན་སྤྱོད་བཟང་པོ་ནི་རྗེས་ཤུལ་མེད་པའི་དྲོ་སྐྱིད་བརྒྱུད་སྤྲོད་བྱེད་པ་ཞིག་ཡིན་ཏེ་བྱ་སྤྱོད་ཐོག་ནས་དེ་ཡོད་པ་ཚོར་ཐུབ།

       ངས་ཁྱེད་ལ་ཡག་པོ་བྱེད་པ་ལས་ཁྱེད་རང་ལ་ཁག་པོ་བཟོ་འདོད་མེད། ཁྱེད་རང་ནས་ཀྱང་སེམས་འཛིན་བྱེད་དགོས་དོན་མེད།

       དེ་ལྟར་ཡག་པོ་ཚད་རན་པོ་བྱས་ནས་རྐྱོང་སྐུམ་བྱེད་ས་འཇོག་པ་དང་། དེ་ལྟར་ཡག་པོ་ཚད་རན་པོ་བྱས་ནས་གྲགས་འགུལ་ཆེན་པོ་མ་ཡོང་བ་བྱ་དགོས། 

       འཚོ་བའི་ཁྲོད་ཀྱི་བྱ་སྤྱོད་ཆུང་ཙག་ལས་མི་ཞིག་གི་ཀུན་སྤྱོད་མཐོང་ཐུབ་སྟེ།

       ཅ་དངོས་སྤྲོད་ལེན་བྱེད་སྐབས་ལག་གཉིས་ཀྱིས་འཛིན་པ་དང་། གཞན་གྱི་ཁྱིམ་དུ་སླེབས་སྐབས་ཉལ་ཁྲིའི་སྟེང་མི་སྡོད་པ། ལག་པ་བཀྲུས་རྗེས་ཆུ་ཟེགས་གང་བྱུང་དུ་མི་འཐོར་བ་བྱེད་པ། མི་གཞན་གཉིད་ཁུག་ཡོད་དུས་རྡག་རྡིག་དང་སྐད་སྒྲ་ཆེན་པོ་མི་འདོན་པ། ཚང་མས་གྲལ་འགྲིག་སྐབས་སྲུབ་འཚང་མི་རྒྱག་པ། གཞན་གྱིས་གསང་བའི་ཨང་གྲངས་མནན་སར་མི་བལྟ་བ། འཁྱིལ་ཆུ་ཡོད་སར་རླངས་འཁོར་གཏོང་སྐབས་མྱུར་ཚད་དལ་དུ་གཏོང་བ་དང་། རྐང་ཐང་འགྲུལ་པ་སྔོན་ལ་གཏོང་བ་སོགས་ལས་མཐོང་ཐུབ།

       དོན་ངོ་མའི་སྤྱོད་བཟང་ཅན་ཞིག་ཡིན་ན། རྒྱབ་མདུན་གང་དུ་ཡིན་རུང་རང་ཚོད་རང་གིས་འཛིན་པ་དང་། དུས་དང་རྣམ་པ་ཀུན་དུ་རང་ཉིད་ཀྱི་གཏམ་སྤྱོད་ཐད་ཡིད་གཟབ་བྱེད་ཀྱི་ཡོད།

       དེར་འབོད་ཚིག་སྒྲོག་དགོས་དོན་མེད་ལ་ངག་ཐོག་ནས་ཚ་འདེད་ཀྱང་གཏོང་དགོས་དོན་མེད།

       མཚམས་དང་ཚོད་ཤེས་པ་མི་ཞིག་གི་ཀུན་སྤྱོད་ཀྱི་གཞི་རྩ་ཡིན།

       མཚམས་དང་ཚོད་ཅེས་པ་ནི་མི་གཞན་ལ་ཁག་པོ་མི་བཟོ་བ་དང་། མི་གཞན་ཁ་སྐྱེངས་པར་མི་བྱེད་པ། མི་གཞན་བློ་ཕམ་པར་མི་བྱེད་པ་དེ་ཡིན། མི་གཉིས་ཀྱི་བར་མཚམས་དང་ཚོད་མེད་པར་གྱུར་བ་ནི་མི་དེ་གཉིས་བར་ཕན་ཚུན་བརྩི་འཇོག་མེད་པར་གྱུར་བའི་རྟགས་མཚན་ཡིན།

       རང་གིས་རང་ནན་པོས་གཅུན་པ་དང་། སྐད་ཆ་ཤོད་དུས་བག་དང་ལྡན་པ། བྱ་བ་སྒྲུབ་སྐབས་གཟབ་ནན་བྱེད་པ། གང་ས་ཅི་ཐད་ལ་མཚམས་དང་ཚོད་ཤེས་པ། རང་ཉིད་ཀྱི་སེམས་ནང་གི་དམ་ཚིག་བརྟན་སྲུང་ཐུབ་པ་བཅས་ཀྱི་མི་ཞིག་ཡིན་ཚེ་མི་དེའི་མི་ཚེའི་ལམ་བུའི་ཐོག་འཕྲད་པ་ནི་མཛེས་སྡུག་དང་བདེ་སྐྱིད་ཁོ་ན་རེད།

       ཀུན་སྤྱོད་བཟང་པོ་ནི་དོན་དངོས་ཐོག་གཞན་ལ་སྤྲོ་སྣང་སྟེར་བ་དང་རང་ཉིད་བག་ཕེབས་པ་དེ་རེད།

       གཞན་གྱིས་ཁྱེད་ལ་ཡག་པོ་བྱས་པ་དེ་ནི་ཡིན་དགོས་བྱུང་སྙམ་རྒྱུ་མེད།

       མི་གཞན་གྱིས་ཁྱེད་ལ་རོགས་བྱས་པ་དེ་ནི་ཅིག་བྱས་ན་ལན་དུ་རེ་བ་ཞིག་ཡིན་མི་སྲིད། ཡིན་ནའང་ཁྱེད་ཀྱིས་རང་འགུལ་ཐོག་ཁྱེད་ལ་རོགས་བྱེད་མཁན་དེར་དྲིན་ལན་འཇལ་བ་ནི་མི་ཞིག་གི་དོན་ངོ་མའི་བྱང་ཚད་ཡིན། 

       རྩོམ་པ་པོ་ཞིག་གིས་ཀུན་སྤྱོད་ནི་ཁྲག་རྩ་དང་འདྲ་བར་མི་ཞིག་གི་གཟུགས་པོའི་ཤ་རུས་གང་སར་འཐིམས་པ་ལྟར་རེད་ཅེས་གསུངས་མྱོང་།

       མདོར་ན། ཀུན་སྤྱོད་བཟང་པོ་ནི་ང་ཚོའི་ནང་སེམས་ཀྱི་བག་ཡོད་དང་། གཏམ་བརྗོད་ཁྲོད་ཀྱི་མཚམས་དང་ཚོད། འབྲེལ་འདྲིས་ཁྲོད་ཀྱི་ཁོག་ཡངས། སེམས་གཏིང་གི་ཡ་རབས་བཅས་ཡིན།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག མིག་དམར་རྒྱལ་པོ།

ཡིག་སྒྱུར། མཚམས་གཅོད།

中央广播电视总台 央广网 版权所有

ཀུན་སྤྱོད་བཟང་པོ་ནི་བྱ་སྤྱོད་འདི་དག་ཁྲོད་ནས་མངོན།

ཀུན་སྤྱོད་བཟང་པོ་ནི་མི་ཕན་ཚུན་གྱི་འབྲེལ་བ་དང་སྤྱོད་ལམ་ཁྲོད་ནས་མངོན་པའི་བྱང་ཚད་ཅིག་ཡིན། དེ་ནི་རྒྱན་གོས་མཆོར་མིན་དང་འབྲེལ་བ་མེད་ལ་བྱད་བཞིན་མཛེས་ཉེས་དང་ཡང་འབྲེལ་བ་མེད།