ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

གཏམ་བཟང་། བོད་ལྗོངས་ཀྱི་ལག་རྩལ་སྟོང་ཆ་ཞིག་བསྐངས་པ།

2023-03-25 17:20:00     责编:桑吉卓玛

གཏམ་བཟང་། བོད་ལྗོངས་ཀྱི་ལག་རྩལ་སྟོང་ཆ་ཞིག་བསྐངས་པ།

 

       ཉེ་སྔོན། ཀྲུང་དབྱང་རྩ་འཛུགས་པུའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་མི་སྣ་སྐོར་ཐེངས་བརྒྱད་པའི་མཛུབ་སྟོན་འོག་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིས་བདེ་བླག་ངང་སྙིང་གི་གཡས་པའི་འཕར་སྒྲ་རིག་པའི་བརྙན་བཟོ་ཞིབ་བཤེར་སྐོར་ཐོག་མ་ལེགས་འགྲུབ་བྱུང་སྟེ་བོད་ལྗོངས་ཀྱི་ཚད་བརྒལ་སྒྲ་རླབས་སྙིང་འཕར་ལྡིང་རི་མོའི་བརྟག་དཔྱད་ལག་རྩལ་གྱི་སྟོང་ཆ་བསྐངས་ཤིང་། བོད་ལྗོངས་ཀྱི་སྙིང་གི་ཁྲག་རྩའི་ཚད་བརྒལ་སྒྲ་རླབས་ནད་བརྟག་ཐབས་དེ་སྟེགས་བུ་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད།
 






 

 


     

ནད་བརྟག་ཚད་བརྒྱ་ཆ་80ལ་སླེབས་པ།

 

      བོད་ལྗོངས་དེ་མཐོ་སྒང་གི་མཐོ་གནོན་དབྱང་དབུགས་དཀོན་ལ་གྲང་ངར་ཆེ་བའི་ས་ཁུལ་དུ་ཡོད་པས། ལྷན་སྐྱེས་སྙིང་ནད་འབྱུང་ཚད་ཅུང་མཐོ་བ་དང་། སྙིང་གི་གཡས་པའི་འཕར་སྒྲ་རིག་པའི་བརྙན་བཟོ་ཞིབ་བཤེར་ལག་རྩལ་ནང་འདྲེན་བྱས་པར་དོན་སྙིང་གལ་ཆེན་ལྡན་ལ། སྒེར་ཚུགས་ཀྱིས་སྙིང་གི་གཡས་པའི་འཕར་སྒྲ་རིག་བརྙན་བཟོ་ལེགས་འགྲུབ་བྱུང་བས་མང་ཚོགས་ལ་ཞབས་ཞུ་བསྒྲུབ་པའི་ནུས་པའང་སྔར་བས་ཇེ་མཐོར་བཏང་བ་རེད།
 




 

       ཚན་རིག་ཁྱབ་གདལ།

       སྙིང་གི་འཕར་སྒྲ་རིག་པའི་བརྙན་བཟོ་ལ་གཙོ་བོ་སྙིང་ཁོང་གི་འཕར་སྒྲ་རིག་པའི་བརྙན་བཟོ་དང་སྙིང་ཤའི་འཕར་སྒྲ་རིག་པའི་བརྙན་བཟོ་འདུ་བ་དང་། གཙོ་བོ་ཝུ་ཕྲན་རྒྱག་པའི་རྣམ་པས་ཝུ་བ་ཕྲན་བུ་མང་པོ་སྤྱད་ནས་ཁྲག་གིས་ཚད་བརྒལ་སྒྲ་རླབས་ཀྱི་འགྱེད་འཕྲོ་ནུས་པ་ཆེ་རུ་བཏང་བ་དང་། སྙིང་ཁོག་དང་སྙིང་རྩའི་ནང་གི་བྲག་ཅ་མེད་པ་དེ་དབྱེ་འབྱེད་བྱེད་སླ་བའི་བྲག་ཅ་ཡོད་པར་བསྒྱུར་ནས། སྔར་བས་གསལ་བོའི་ངང་བརྙན་བཟོའི་སྟེང་ནས་མངོན་ཐུབ་པ་དང་། དུས་ཐུང་རང་བཞིན་གྱི་ཀླད་པར་ཁྲག་མི་རྒྱུག་ལ་ནད་རྟགས་མི་མངོན་པའི་ཀླད་འགག་སོགས་ནད་པའི་བརྟག་དཔྱད་ལ་སྔར་བས་གནད་ཁེལ་གྱི་རྒྱབ་བརྟེན་མཁོ་འདོན་བྱེད་ཐུབ་པ་རེད།
 

       ཚེ་སྲོག་བདེ་ཐང་སྲུང་བར་ཕྱར་བ་གྲུ་འདེགས་བྱེད་པ།

       ལག་རྩལ་འདི་རྒྱལ་ཁའི་ལག་ལེན་ཏུ་བསྟར་བ་དང་བསྟུན་ནས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིས་ཚད་བརྒལ་སྒྲ་རླབས་ཚན་ཁག་དང་སྙིང་ཁོག་ཚན་ཁག དབང་རྩའི་ཚན་ཁག་སོགས་དང་མཉམ་འབྲེལ་སྒོས་རིག་ཚན་ཚོགས་པ་མང་པོ་མཉམ་ལས་ཀྱིས་སྙིང་ཀླད་མཉམ་བཅོས་ཀྱི་འདུ་ཤེས་བཏོན་ནས་སྙིང་ཀླད་ནད་གཞིའི་ཁྱབ་ཁོངས་ཀྱི་བྱ་བ་སྔར་བས་མཐོར་འདེགས་བཏང་པ་རེད།

       བརྙན་རིས། བོད་ལྗོངས་ཀྱི་སྐོར་ཐེངས་དང་པོ། ལག་རྩལ་གྱི་སྟོང་ཆ་བསྐངས་པ།
 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག གངས་ཕྲུག་བློ་རྒྱ།
ཡིག་སྒྱུར་བ། རྡོ་རྗེ་ཚེ་རིང་། 

中央广播电视总台 央广网 版权所有

གཏམ་བཟང་། བོད་ལྗོངས་ཀྱི་ལག་རྩལ་སྟོང་ཆ་ཞིག་བསྐངས་པ།

ཉེ་སྔོན། ཀྲུང་དབྱང་རྩ་འཛུགས་པུའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་མི་སྣ་སྐོར་ཐེངས་བརྒྱད་པའི་མཛུབ་སྟོན་འོག་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིས་བདེ་བླག་ངང་སྙིང་གི་གཡས་པའི་འཕར་སྒྲ་རིག་པའི་བརྙན་བཟོ་ཞིབ་བཤེར་སྐོར་ཐོག་མ་ལེགས་འགྲ