ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

ཐན་པ་ཚབས་ཆེན་གྱིས་མི་ཁྲི་4.3རྐྱེན་ལམ་དུ་ཤོར་བའི་ཉེན་ཁ་འདུག

2023-03-25 17:16:00     责编:桑吉卓玛

ཐན་པ་ཚབས་ཆེན་གྱིས་མི་ཁྲི་4.3རྐྱེན་ལམ་དུ་ཤོར་བའི་ཉེན་ཁ་འདུག

       ཆུའི་ཐོན་ཁུངས་ཀྱི་ཉམས་ཉེན་གྱིས་རྒྱལ་ཁབ་ཅིག་ལ་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཀྱི་ཡོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས། དེ་བཞིན་ཟོ་མ་ལིའི་འཕྲོད་བསྟེན་པུའུ་བཅས་ཀྱིས་སྤྱི་ཚེས་20ཉིན་ཐུན་མོང་ཐོག་ཁྱབ་བསྒྲགས་བྱས་པའི་ཞིབ་འཇུག་སྙན་ཞུ་ཞིག་ལས་མངོན་པར། སྤྱི་ལོ་2022ལོར་ཟོ་མ་ལིར་ཐན་སྐྱོན་ཚབས་ཆེན་ཕོག་ནས་མི་ཁྲི་4.3ཡས་མས་ཚད་བརྒལ་ངང་རྐྱེན་ལམ་དུ་ཤོར་བཟོ་ཡོད་པའི་ནང་། ཕྱེད་ཀ་ཙམ་ནི་ལོ་5མན་གྱི་བྱིས་པ་ཡིན་པ་རེད།
 

△ ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ནོར་དཔལ་《གནས་ཚུལ་གསར་ཤོས》ཞེས་པའི་ལེ་ཚན་གྱི་བརྙན།
 

       སྙན་ཞུའི་ནང་བསྡོམས་རྩིས་དཔེ་དབྱིབས་ཤིག་བརྒྱུད་ཚོད་དཔག་བྱས་པ་ལྟར་ན། མི་འབོར་གྱི་ལོ་ཚད་དང་ཕོ་མོའི་གྲུབ་ཚུལ་སོགས་ལ་མ་བལྟས་པའི་གནས་ཚུལ་འོག སྤྱི་ལོ་2022ལོར་ཟོ་མ་ལིའི་རྒྱལ་ཡོངས་ཀྱི་འཆི་ཚད་དེ་ཉིན་རེར་མི་ཁྲི་རེའི་ནང་མི་0.33ཤི་བ་ནས་ཉིན་རེར་མི་ཁྲི་རེའི་ནང་མི་0.38ཤི་བའི་བར་འཕར་ཡོད་ཅིང་། དེའི་ནང་གི་ལོ་5མན་གྱི་བྱིས་པའི་འཆི་ཚད་ནི་ཧ་ལམ་ཆུ་ཚད་དེའི་ལྡབ་གཉིས་ཟིན་ཡོད།
 


 

       ཚོད་དཔག་བྱས་པ་ལྟར་ན་ཐན་སྐྱོན་ཚབས་ཆེན་གྱིས་ཟོ་མ་ལིར་མི་ཁྲི་4.3ཚད་བརྒལ་ངང་ཤི་སྲིད་པ་དང་། ཚད་བརྒལ་གྱིས་ཤི་བ་ཞེས་པ་ནི་དམིགས་བསལ་གྱི་ས་གནས་དང་དམིགས་བསལ་གྱི་དུས་སྐབས་སུ་ཚོད་དཔག་བྱས་པའི་སྤྱིའི་ཤི་གྲངས་དང་ཉམས་ཉེན་མེད་པའི་གནས་ཚུལ་འོག་ཤི་བའི་མི་གྲངས་སྔོན་དཔག་བྱས་པའི་བར་གྱི་ཆད་གྲངས་ལ་ཟེར། སྙན་ཞུའི་ནང་ད་དུང་སྔོན་དཔག་བྱས་པར་གཞིགས་ན། ལོ་འདིའི་ལོ་སྟོད་དུ་ཟོ་མ་ལིར་ཉིན་རེར་མི་135ཐན་པ་ཡིས་འཆི་སྲིད་པ་དང་། ཁྱོན་སྡོམ་ཤི་བའི་མི་གྲངས་ཁྲི་1.81ནས་ཁྲི་3.42བར་སླེབས་བཟོ་ཡོད་པ་རེད།
 


 

       ཟོ་མ་ལིའི་གནོད་འཚེ་ཕོག་མཁན་ཚོས། ང་ཚོར་རོགས་རམ་བྱེད་མཁན་མེད་ཅིང་། ཟས་དང་ཆུ་མེད་ལ་ང་ཚོར་ཐ་ན་གྱོན་གོས་ཀྱང་མེད་ལ་འགྱིག་ཤོག་གི་ཆར་རླུང་འགོག་སྤྱད་ཀྱང་མེད། ང་ཚོ་ཆུ་དཀོན་པའི་ཁྱིམ་ནས་བྲོས་ཤིང་འདིར་ཡོང་ནས་ཉིན་158འགོར་ཡོད། ཕྲུ་གུ་ཚོར་ཟ་རྒྱུ་མེད་ལ་སྡོད་སའང་མེད་ཅེས་བརྗོད་འདུག
 

 

       ཟོ་མ་ལིར་མིག་སྔར་ཆར་ཆུ་མ་འདང་བའི་ཆར་དུས་ཐེངས་ལྔ་པ་བསྟུད་མར་འཁེལ་བཞིན་ཡོད་པ་དེ་ནི་འདས་ཟིན་པའི་ལོ་བཅུ་ཕྲག་ཁ་ཤས་ནང་རྒྱུན་མཐུད་བྱེད་ཡུན་རིང་ཤོས་དེར་གྱུར་ཡོད། ཐན་སྐྱོན་གྱིས་མི་ཁྲི་500ལ་འབྲུ་རིགས་དཀོན་པའི་དཀའ་ངལ་འཕྲད་ཡོད་པ་དང་། བྱིས་པ་ཁྲི་200ཙམ་ལ་འཚོ་བཅུད་མི་འདང་བའི་ཉེན་ཁ་འཕྲད་ཡོད།
 

 

       མཉམ་འབྲེལ་རྒྱལ་ཚོགས་ཕྱོགས་ཀྱིས་རྒྱལ་ཁབ་དེའི་མི་འབོར་ཁྲི་1700ཡི་ཁྲོད་ནས་ཕྱེད་ཀ་ཙམ་ལ་རོགས་སྐྱོར་བྱེད་དགོས་ཀྱི་ཡོད་ཅེས་བཤད་ཡོད་པ་དང་། རྒྱལ་ཁབ་དེའི་ཐན་སྐྱོན་གྱི་ཉམས་ཉེན་ལ་ཁ་གཏད་གཅོག་ཆེད་ཉུང་མཐར་ཡང་ཨ་སྒོར་དུང་ཕྱུར་26(མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་དུང་ཕྱུར་179)ཙམ་གྱི་རོགས་སྐྱོར་དགོས་ཀྱི་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག བཀྲ་ཤིས་བཟང་པོ།
ཡིག་སྒྱུར། སྒྲོལ་མ་མཚོ།

中央广播电视总台 央广网 版权所有

ཐན་པ་ཚབས་ཆེན་གྱིས་མི་ཁྲི་4.3རྐྱེན་ལམ་དུ་ཤོར་བའི་ཉེན་ཁ་འདུག

ཆུའི་ཐོན་ཁུངས་ཀྱི་ཉམས་ཉེན་གྱིས་རྒྱལ་ཁབ་ཅིག་ལ་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཀྱི་ཡོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས། དེ་བཞིན་ཟོ་མ་ལིའི་འཕྲོད་བསྟེན་པུའ