ཀྲུང་དབྱང་ཁེ་ལས་ཀྱི་འགོ་ཁྲིད་ལྔར་ཞིབ་བཤེར་བརྟག་དཔྱད་བྱས་འདུག
ཀྲུང་དབྱང་ཁེ་ལས་ཀྱི་འགོ་ཁྲིད་ལྔར་ཞིབ་བཤེར་བརྟག་དཔྱད་བྱས་འདུག
ཉིན་ཤས་གོང་། ཀྲུང་དབྱང་ཁེ་ལས་ཀྱི་འགོ་ཁྲིད་ལྔ་ཡིས་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་དང་། བརྡ་ཁྱབ་བཏང་བ་གཤམ་གསལ་ལྟར།
གཅིག རྒྱལ་ཁབ་ནུས་རྒྱུ་ཚོགས་པའི་ཁོ་ཧོན་ཚོགས་པ་ཀོ་ནེང་ལང་ཤིན་མིང་ཁོར་ཡུག་སྲུང་སྐྱོབ་ཚན་རྩལ་ཚད་ཡོད་ཀུང་སིའི་དེ་སྔའི་ཏང་ཨུད་ཀྱི་ཧྲུའུ་ཅི། ལས་འཛིན་དཔོན་ཞུས་ཀྲི་ཆིང་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པ་དང་། རང་འགུལ་ངང་རང་ཉེས་ངོས་ལེན་ཞུས་པས། མིག་སྔར་རྒྱལ་ཁབ་ནུས་རྒྱུ་ཚོགས་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཚོ་ཆུང་དང་པེ་ཅིང་གྲོང་ཁྱེར་ཕིང་ཀུའུ་ཆུས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་སྒྲིགས་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་བྱས་པ་དང་ལེན་བྱེད་བཞིན་ཡོད།
གཉིས། ཀྲུང་གོ་ཏ་ཐང་གློག་ཤུགས་འབར་རྒྱུ་ཚད་ཡོད་ཀུང་སིའི་དེ་སྔའི་སྤྱི་གཉེར་གཞོན་པ་ཀྲང་ཀྲི་ཀང་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པས། མིག་སྔར། ཀྲུང་གོ་ཏ་ཐང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཚོ་ཆུང་དང་ཧྲན་ཏུང་ཞིང་ཆེན་པིན་ཀྲོའུ་གྲོང་ཁྱེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་སྒྲིགས་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་བྱས་པ་དང་ལེན་བྱེད་བཞིན་ཡོད།
གསུམ། ཀྲུང་གོ་ཏ་ཐང་པེ་ཅིང་ཏ་ཐང་འབར་རྒྱུ་ཚད་ཡོད་ཀུང་སིའི་དེ་སྔའི་སྤྱི་གཉེར་ཧྲེང་ཤའོ་མིང་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པས། མིག་སྔར་ཀྲུང་གོ་ཏ་ཐང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཚོ་ཆུང་དང་ཧྲན་ཏུང་ཞིང་ཆེན་པིན་ཀྲོའུ་གྲོང་ཁྱེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་སྒྲིགས་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་བྱས་པ་དང་ལེན་བྱེད་བཞིན་ཡོད།
བཞི། རྒྱལ་ཁབ་འཕྲུལ་ཆས་ཚོགས་པ་ཧེང་ཏ་ཚོགས་པ་ཧེང་ཏ་རྒྱུ་ནོར་དོ་དམ་ཚད་ཡོད་ཀུང་སིའི་དེ་སྔའི་སྤྱི་གཉེར་སུན་ཤའོ་ཏུང་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པས། མིག་སྔར་རྒྱལ་ཁབ་འཕྲུལ་ཆས་ཚོགས་པ་སྒྲིག་ཨུད་དང་ཀྲེ་ཅང་ཞིང་ཆེན་ཝུན་ཀྲོའུ་གྲོང་ཁྱེར་ཐའེ་ཧྲུན་རྫོང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་སྒྲིགས་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་བྱས་པ་དང་ལེན་བྱེད་བཞིན་ཡོད།
ལྔ། རྒྱལ་ཁབ་གློག་དྲ་ཆེས་མཐོ་སྣོན་ལས་དོན་པུའི་འཆར་གཞི་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཆུས་ཧུའེ་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པས། མིག་སྔར་རྒྱལ་ཁབ་གློག་དྲ་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཚོ་ཆུང་དུ་བཅའ་སྡོད་ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་དང་ཧྲའན་ཤིས་ཞིང་ཆེན་ཧན་ཀྲུང་གྲོང་ཁྱེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་སྒྲིགས་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་བྱས་པ་དང་ལེན་བྱེད་བཞིན་ཡོད་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག ཟླ་བ་ཚེ་རིང་།
སྒྲིག་སྒྱུར། བདུད་འདུལ་རྡོ་རྗེ།