ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

བོད་ཀྱི་སློབ་མ་ཚུད་པའི་སློབ་མ་མང་པོར་བྱ་དགའ་སྒོར་6000སྤྲད་འདུག

2023-01-22 16:54:00     责编:桑吉卓玛

བོད་ཀྱི་སློབ་མ་ཚུད་པའི་སློབ་མ་མང་པོར་བྱ་དགའ་སྒོར་6000སྤྲད་འདུག

       ཉེ་ཆར། སློབ་གསོ་པུའུ་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་བཅས་ཀྱིས་2021ལོ་ནས་2022ལོའི་བར་གྱི་འབྲིང་རིམ་ལས་རིགས་སློབ་གསོའི་རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའ་ཐོབ་པའི་སློབ་མའི་མིང་ཐོ་ཁྱབ་བསྒྲགས་བྱས་ཡོད་ཅིང་། བྱ་དགའ་ཐོབ་པའི་སློབ་མ་ཁྱོན་19996ཡོད་པ་དང་མི་རེར་བྱ་དགའ་སྒོར་6000སྤྲད་པ་རེད། བོད་ཀྱི་སློབ་མ་38དེའི་ནང་ཚུད་ཡོད།
 

 

       རྩོམ་ཡིག་ཆ་ཚང་གཤམ་གསལ་ལྟར།↓↓↓

       2021ལོ་ནས་2022ལོའི་བར་གྱི་འབྲིང་རིམ་ལས་རིགས་སློབ་གསོའི་རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའ་ཐོབ་པའི་སློབ་མའི་མིང་ཐོའི་སྐོར་གྱི་སློབ་གསོ་པུའུ་དང་། མི་ཤུགས་ཐོན་ཁུངས། སྤྱི་ཚོགས་འགན་སྲུང་པུའུ་བཅས་ཀྱི་སྤྱི་བསྒྲགས། ནོར་སྲིད་པུའུ་དང་སློབ་གསོ་པུའུ་ཡིས་ལས་རིགས་སློབ་གྲྭའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའ་དང་སློབ་ཞུགས་རོགས་དངུལ་སྲིད་ཇུས་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་བརྡ་ཐོ་》དང་《སློབ་གསོ་པུའུ་དང་མི་ཤུགས་ཐོན་ཁུངས། སྤྱི་ཚོགས་འགན་སྲུང་པུའུ། ནོར་སྲིད་པུའུ་བཅས་ཀྱི་〈འབྲིང་རིམ་ལས་རིགས་སློབ་གསོའི་རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའ་དཔྱད་ཞིབ་བྱེད་ཕྱོགས་སྐོར་གྱི་གནས་སྐབས་ལག་ལེན་བསྟར་ཐབས་〉དཔར་འགྲེམ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ་》(སློབ་གསོ་ནོར་སྲིད་ཡི་གེ་(2019)ཨང་104པའི་)ནང་གཏན་འབེབས་བྱས་དོན། སློབ་གསོ་པུའུ་དང་། མི་ཤུགས་ཐོན་ཁུངས་པུའུ།  སྤྱི་ཚོགས་འགན་སྲུང་པུའུ། ནོར་སྲིད་པུའུ་བཅས་ཀྱིས་མཉམ་འབྲེལ་ཐོག་འབྲིང་རིམ་ལས་རིགས་སློབ་གསོའི་རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའ་དཔྱད་ཞིབ་འགོ་ཁྲིད་ཚོ་ཆུང་བཙུགས་ཤིང་། འབྲིང་རིམ་ལས་རིགས་སློབ་གསོའི་རྒྱལ་ཁབ་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའ་ཞིབ་དཔྱད་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། དོན་དངོས་དང་མཐུན་ཞིང་དྲང་སྙོམས། དྲང་གཞག་བཅས་ཀྱི་རྩ་དོན་ལྟར། 2022ལོར་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་དང་། འཆར་གཞི་ལོགས་བཀོད་གྲོང་ཁྱེར། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་ཚོགས་པ། པེ་ཏ་ས་རྒོད་གསར་སྦོལ་ཚོགས་པ། ཀོང་ཏུང་ས་རྒོད་གསར་སྦོལ་སྤྱི་ཁྱབ་ཅུས་སློབ་གསོའི་སྡེ་ཚན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་ཁོངས་གཏོགས་འབྲིང་རིམ་ལས་རིགས་སློབ་གྲྭ། (ལག་རྩལ་བཟོ་པའི་སློབ་གྲྭ་ཚུད་པ)སློབ་གསོ་པུའུ་ཡི་ཐད་གཏོགས་མཐོ་རིམ་སློབ་གྲྭའི་ཁོངས་གཏོགས་འབྲིང་རིམ་ལས་རིགས་སློབ་གྲྭ་བཅས་ཀྱིས་གོང་འབུལ་ཞུས་པའི་ཞིབ་དཔྱད་ཡིག་རིགས་ལ་ཞིབ་དཔྱད་ནན་ཏན་བྱས་པ་དང་། ཞིབ་དཔྱད་གཏན་འཁེལ་བྱས་པ་བརྒྱུད་ཁྱོན་སློབ་མ་19996ལ་2021ལོ་ནས་2022ལོའི་བར་གྱི་འབྲིང་རིམ་ལས་རིགས་སློབ་གསོའི་རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའ་ཐོབ་པ་དང་མི་རེར་བྱ་དགའ་སྒོར་6000སྤྲད་པ་དང་ད་ལྟ་ཡོངས་བསྒྲགས་བྱ་རྒྱུ་ཡིན།

       རྒྱལ་ཡོངས་ཀྱི་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་མས་བྱ་དགའ་ཐོབ་པའི་སློབ་མ་མིག་དཔེར་འཛིན་པ་དང་བྱང་ཚད་མཐོ་བའི་ལག་རྩལ་གྱི་རྩལ་ནུས་ཤེས་ལྡན་མི་སྣར་འགྱུར་རྒྱུ་དམིགས་ཡུལ་དུ་བྱས་ཏེ་རིག་གནས་ཤེས་བྱ་སློབ་སྦྱོང་ཧུར་ཐག་བྱས་ནས་ཆེད་ལས་ཀྱི་རྩལ་ནུས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་སྤྱོད་བཟང་ལ་བརྟེན་ནས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བ་དང་དུས་རབས་གསར་པའི་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་མའི་ཉམས་འགྱུར་མངོན་རྒྱུར་བརྩོན་ལེན་བྱ་རྒྱུའི་རེ་བ་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག གངས་ཕྲུག་བློ་རྒྱ།

ཡིག་སྒྱུར། སྒྲོལ་མ་མཚོ།

      

中央广播电视总台 央广网 版权所有

བོད་ཀྱི་སློབ་མ་ཚུད་པའི་སློབ་མ་མང་པོར་བྱ་དགའ་སྒོར་6000སྤྲད་འདུག

ཉེ་ཆར། སློབ་གསོ་པུའུ་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་བཅས་ཀྱིས་2021ལོ་ནས་2022ལོའི་བར་གྱི་འབྲིང་རིམ་ལས་རིགས་སློ