ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

ཏོག་གསར་ཕོག་རྗེས་ནད་རོ་ལུས་སམ་ཞེ་ན། ཀྲུང་ནན་ཧྲན་གྱིས་འདི་སྐད།

2022-12-10 17:23:00     责编:桑吉卓玛

ཏོག་གསར་ཕོག་རྗེས་ནད་རོ་ལུས་སམ་ཞེ་ན། ཀྲུང་ནན་ཧྲན་གྱིས་འདི་སྐད།

 


       སྤྱི་ཟླ་12ཚེས་9ཉིན་གྱི་སྔ་དྲོའི་ཆུ་ཚོད་8པའི་ཐོག་འཚོགས་པའི་2022ལོའི་གསོ་རིག་སློབ་ཚོགས་ཀྱི་དབུགས་ལམ་ནད་ཀྱི་ལོ་འཁོར་ཚོགས་འདུའི་བརྙན་ལམ་ཚོགས་འདུའི་ཐོག་ཡོན་ཧྲི་ཀྲུང་ནན་ཧྲན་གྱིས་《ཏོག་གསར་གློ་ཚད་ཨའོ་སྨི་ཁེ་རུང་(Omicron)གི་རིམས་ནད་ལ་འགུལ་རྣམ་གྱིས་ཁ་གཏད་གཅོག་ཐབས་》ཞེས་པའི་སྙན་ཞུ་གནང་ཡོད།

       ཀྲུང་ནན་ཧྲན་གྱིས་ཏོག་གསར་གྱི་ནད་རོའི་སྐོར་ལན་བསྐྱོན་པ།

       ཀྲུང་ནན་ཧྲན་གྱིས་ལོ་གཉིས་རིང་གི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་ཡོད།

       སྙན་ཞུའི་ནང་ཁོང་གིས་རྒྱལ་ཡོངས་ཁྱབ་ཁོངས་སུ་ཨའོ་སྨི་ཁེ་རུང་(Omicron)ཐེངས་གཉིས་པ་མཆེད་པའི་རིམས་ནད་ཀྱི་ཁྱད་ཆོས་ནི་མཆེད་ཤུགས་ཆེ་བ་དེ་རེད། ཏེ་ཨེར་ཐའི་(Dleta)དུག་སྡོང་དང་བསྡུར་ན། ཨོ་མེ་ཁི་རོང་དུག་སྡོང་ལས་ཏོག་གསར་ནད་དུག་གི་ནད་རོ་སྐྱེད་ཉེན་ཁ་ཇེ་ཆུང་དུ་སོང་ཡོད་ལ། ནད་རྟགས་མེད་པའི་ནད་པར་རྩ་བའི་སྟེང་ནས་ནད་རོ་ལུས་ཀྱི་མེད་ཅེས་བརྗོད།

       ཀྲུང་ནན་ཧྲན་གྱིས་བཅར་འདྲི་དང་ལེན་བྱེད་སྐབས། གསོ་རིག་ནང་ནད་རོ་ལ་མཚན་ཉིད་ནན་པོ་ཡོད་དེ། ནད་རོ་ཞེས་པ་ནི་ནད་གཞིའི་ནད་རོས་ཚེ་གང་ལ་གནོད་འཚེ་ཕོག་པར་ཟེར་བ་ཡིན། ཏོག་གསར་གྱི་ནད་རྟགས་ཁ་ཤས་རིམ་གྱིས་ཡལ་འགྲོ་བཞིན་ཡོད་པས། ང་ཚོས་དེ་ལ་ནད་རོ་ཞེས་འབོད་ཀྱི་མེད། མིག་སྔར་ངས་ད་དུང་ཡུན་རིང་དབང་བོའི་ནུས་པ་མངོན་གསལ་གྱིས་ཉམས་པའི་ནད་དཔེ་ཞིག་མཐོང་མ་བྱུང་ཞེས་བརྗོད་འདུག 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག བསྟན་འཛིན།

ཡིག་སྒྱུར། ཨ་བསྟན།

       

中央广播电视总台 央广网 版权所有

ཏོག་གསར་ཕོག་རྗེས་ནད་རོ་ལུས་སམ་ཞེ་ན། ཀྲུང་ནན་ཧྲན་གྱིས་འདི་སྐད།

སྤྱི་ཟླ་12ཚེས་9ཉིན་གྱི་སྔ་དྲོའི་ཆུ་ཚོད་8པའི་ཐོག་འཚོགས་པའི་2022ལོའི་གསོ་རིག་སློབ་ཚོགས་ཀྱི་དབུགས་ལམ་ནད་ཀྱི་ལོ་འཁོར་ཚོགས་འདུའི་བརྙན་ལམ་ཚོགས་འདུའི་ཐོག་ཡོན་ཧྲི་ཀྲུང་ནན་ཧྲན་གྱིས་