ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

མང་ཚོགས་ལ་རྡུང་རྡེག་གཏོང་མཁན་ལས་བྱེད་པ་ཞིག་ལ་ཆད་པ་བཅད་འདུག

2022-12-04 21:32:00     责编:娜科

     གནས་ཚུལ་སྤེལ་བར་གཞིགས་ན། 2022ལོའི་ཟླ་11ཚེས་29ཉིན་ལིའུ་དབྱང་གྲོང་ཁྱེར་ཧེ་ཧྭ་སྲང་ལམ་དོན་གཅོད་ཁང་གི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་ཀྲུའུ་རེནདོ་དམ་ལས་གནས་ཀྱི་རིམ་པ་དགུ་པ།ལེའོ་ཡུང་གིས་ཝེ་ཆེ་གེ་མོར་རྡུང་རྡེག་བཏང་ནས་ཤུགས་རྐྱེན་ངན་པ་བཟོས་པར་མི་རྣམས་ནས་དོ་སྣང་ཆེན་པོ་བྱས་ཡོད། ཟླ་11ཚེས་30ཉིན་ལིའུ་དབྱང་གྲོང་ཁྱེར་སྒྲིག་ཨུད་དང་ལྟ་ཨུད་ཀྱིས་བརྟག་དཔྱད་ཚོགས་ཆུང་བཙུགས་ནས་འབྲེལ་ཡོད་མི་སྣར་གླེང་མོལ་དང་འདྲི་རྩད་བྱས་པ་མ་ཟད། ཝེ་ཆེ་གེ་མོའི་ཁྱིམ་གྱི་བརྙན་དང་། སྡོད་ཁུལ་སྡེ་ལས་ཀྱི་འབྲེལ་ཡོད་བརྙན་སོགས་དཔྱད་གཞི་བླངས་ཏེ་སྒྲིག་སྲོལ་དང་སྒྲིག་ཁྲིམས་ལྟར་གྱོད་གཞི་དེ་དང་དྲ་དམངས་ཀྱིས་བཏོན་པའི་གནད་དོན་གཞན་དག་ལ་བརྟག་དཔྱད་བྱས་པ་རེད། བརྟག་དཔྱད་བྱས་ཚུལ་དང་ཐག་གཅོད་བྱས་འབྲས་བརྡ་ཁྱབ་བཏང་བ་གཤམ་གསལ་ལྟར།

 

རྡུང་རྡེག་བཏང་བའི་བརྒྱུད་རིམ་གྱི་བརྙན་པར།

 

གཅིག བརྟག་དཔྱད་བྱས་ཚུལ།

1.ལེའོ་ཡུང་གིས་ཝེ་ཆེ་གེ་མོར་རྡུང་རྡེག་བཏང་བའི་གནས་ཚུལ།

     རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དགོས་མཁོའི་དབང་གིས་ཝེ་ཆེ་གེ་མོ་སྡོད་ཁུལ་སྡེ་ལས་ཀྱིས་སྡེ་ཁུལ་གྱི་ཐོན་སྒོ་གཙོ་བོ་དེ་སོར་འཇོག་བྱས་ཐོག ཝེ་ཆེ་གེ་མོའི་སྡོད་ཁང་གི་ཉེ་འགྲམ་དུ་ཡོད་པའི་ནུབ་བྱང་གི་སྒོ་དེ་གནས་སྐབས་བརྒྱབ་ཡོད། ཟླ་11པའི་ཚེས་28ཉིན་གྱི་དགོང་མོར་ཝེ་ཆེ་གེ་མོས་ནུབ་བྱང་སྒོའི་སྒོ་ཟྭ་ སྒོ་ལྕགས་བཅག་པས། སྡོད་ཁུལ་སྡེ་ལས་ཀྱིས་གནས་ཚུལ་དེ་ཧེ་ཧྭ་སྲང་ལམ་དོན་གཅོད་ཁང་ལ་སྙན་སེང་ཞུས། ཟླ་11ཚེས་29ཉིན་གྱི་སྔ་དྲོའི་ཆུ་ཚོད་10པ་ཙམ་ལ་ལེའོ་ཡུང་གིས་ཧེ་ཧྭ་སྲང་ལམ་དོན་གཅོད་ཁྲུའི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་སྐོར་གཡེང་རུ་མི་གསུམངལ་ནུས་མངགས་གཏོང་མི་སྣ་ཡིནཁྲེན་ཆེ་གེ་མོ་དང་། ཀྲང་ཆེ་གེ་མོ། ཝུའུ་ཆེ་གེ་མོ་བཅས་ཁྲིད་ནས་ཝེ་ཆེ་གེ་མོའི་ཁྱིམ་དུ་ཝེ་ཆེ་གེ་མོས་སྡོད་ཁུལ་གྱི་སྒོ་ཟྭ་སྒོ་ལྕགས་བཅག་པ་དང་། དེ་བཞིན་སྡོད་ཁུལ་སྡེ་ལས་དབར་ཐོན་པའི་འགལ་ཟླ་དང་རྩོད་གཞི་ཐག་གཅོད་བྱེད་པར་ཡོང་། ལེའོ་ཡུང་གིས་ཝེ་ཆེ་གེ་མོའི་སྒོ་རྩར་ལས་ཀའི་ལག་ཁྱེར་བསྟན་ནས་ཡོང་དོན་གསལ་བཤད་བྱས་པར་ཝེ་ཆེ་གེ་མོས་ལེའོ་ཡུང་སོགས་ཁྱིམ་དུ་འཛུལ་རྒྱུར་མོས་མཐུན་མ་བྱས། ལེའོ་ཡུང་གིས་མངགས་གཏོང་ཁང་དུ་གནས་ཚུལ་གསལ་བཤད་འགྲོ་དགོས་ཞེས་བཤད་ཀྱང་ཝེ་ཆེ་གེ་མོས་མོས་མཐུན་མ་བྱས་པས། ལེའོ་ཡུང་སོགས་མི་བཞི་པོས་ཝེ་ཆེ་གེ་མོ་འཐེན་ནས་ཁྲིད་རྩིས་བྱས།  དེ་རྗེས་ལེའོ་ཡུང་གིས་མངགས་གཏོང་ཁང་དུ་མ་སོང་ཡང་ཆོག ཡིན་ནའང་ཁྱིམ་དུ་གྲོས་བྱེད་པར་ཡོང་གི་ཡིན་ཞེས་བཤད་པར་ཝེ་ཆེ་གེ་མོ་མོས་མཐུན་བྱས། ལེའོ་ཡུང་སོགས་མི་བཞི་ཝེ་ཆེ་གེ་མོའི་ཁྱིམ་གྱི་མགྲོན་བསུ་ཁང་དུ་ཡོང་ནས་གྲོས་བྱེད་སྐབས་ལེའོ་ཡུང་གིས་ཝེ་ཆེ་གེ་མོར་ཚིག་རྩུབ་བཤད་ཅིང་རྡུང་རྡེག་བཏང་བ་རེད། ལེའོ་ཡུང་གི་བྱ་སྤྱོད་དེ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་ཁོངས་སུ་གཏོགས་པས། དེ་རྗེས་ལེའོ་ཡུང་སོགས་མི་བཞི་ཡིས་ཝེ་ཆེ་གེ་མོ་དང་ཁྱིམ་མིར་དགོངས་དག་ཞུས་ཡོད།

 

2.དྲ་གྲོགས་ཀྱིས་ལན་ཆ་བྱས་པའི་གནས་ཚུལ་གཞན་དག་སྐོར།

     2020ལོའི་ཟླ་6ཚེས་30ཉིན་མི་སེར་གྱིས་ལེའོ་ཡུང་གིས་ཁེ་ལས་ཤིག་གི་སྦྱིན་བདག་ས་ནས་ལུགས་མཐུན་མིན་པའི་ཁེ་ཕན་བླངས་པ་རེད་ཅེས་ཐེར་འདོན་བྱས་པ་དེ་2017ལོའི་ཟླ་9ཚེས་7ཉིན་གྱི་གནད་དོན་བསྐྱར་དུ་ཐེར་འདོན་བྱས་པ་ཞིག་རེད། དེ་སྔའི་ཐེར་འདོན་ཡི་གེ་དེར་ལིའུ་དབྱང་གྲོང་ཁྱེར་སྒྲིག་ཨུད་ཀྱིས་བརྟག་དཔྱད་བྱས་པ་བརྒྱུད་ལེའོ་ཡུང་ལ་གོང་གསལ་གྱི་བྱེད་སྤྱོད་ཡོད་པ་ཤེས་རྟོགས་ཐུབ་མེད་པ་དང་། 2017ལོའི་ཟླ་9ཚེས་19ཉིན་ གྱོད་དོན་དེར་བརྟག་དཔྱད་བྱེད་མཇུག་འགྲིལ་ནས་དུས་ཐོག་ཏུ་ཡིག་བསྐུར་ངོ་བཅར་ཐེར་འདོན་བྱེད་མཁན་ལ་ལན་སྤྲད་པ་རེད། 2022ལོའི་ཟླ་5ཚེས་9ཉིན་གྱི་དགོང་མོར། ལེའོ་ཡུང་གིས་གླུ་གར་ཁང་ཞིག་ཏུ་བཟའ་ཟླའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས་པ་དང་། ལེའོ་ཡུང་གིས་ཆང་རག་འཐུངས་རྗེས་བར་ཁྱམས་སུ་ཆང་ལ་གཡོལ་བཞིན་པའི་ཁོང་གི་བཟའ་ཟླའི་གྲོགས་མོ་ཟུར་འཇོག་ཁང་པར་ཁྲིད་པ་དང་། བརྒྱུད་རིམ་དེའི་ནང་འཐམ་འཁྱུད་བྱས་པའི་བྱེད་སྤྱོད་ཡོད་པ་རེད། བྱ་སྤྱོད་དེས་ཤུགས་རྐྱེན་ངན་པ་བཟོས་པ་དང་འཚོ་བའི་སྒྲིག་ཁྲིམས་ལས་འགལ་ཡོད། 2022ལོའི་ཟླ་7ཚེས་11ཉིན་སྡོད་ཁུལ་ཁང་བདག་ཨུ་ལྷན་གྱིས་ལེའོ་ཡུང་སོགས་ཁང་བདག་ཁ་ཤས་ཀྱིས་རླངས་འཁོར་འཇོག་ས་སྒེར་འཛིན་བྱས་པའི་གནད་དོན་གླེང་ཞིང་། ཞིབ་བཤེར་བྱས་པ་བརྒྱུད་ལེའོ་ཡུང་སོགས་ཁང་བདག་ཁ་ཤས་ཀྱི་བྱེད་སྤྱོད་དེ་སྡོད་ཁུལ་སྡེ་ལས་དོ་དམ་གྱི་གཏན་འབེབས་ལས་འགལ་བ་དང་མིག་སྔར་བཅོས་སྒྲིག་བྱ་དགོས་ཚུལ་བསྟན་ཡོད།

 

གཉིས། ཐག་གཅོད་བྱས་འབྲས།

     ལེའོ་ཡུང་ཀྲུང་གུང་ཏང་ཡོན་དང་རྒྱལ་ཁབ་ཀྱི་གཞུང་ལས་མི་སྣ་ཞིག་ཡིན་པའི་ངོས་ནས་མང་ཚོགས་ཀྱི་སྒྲིག་ལམ་དང་འགལ་ཡོད་པ་དང་། ཝེ་ཆེ་གེ་མོ་དང་སྡོད་ཁུལ་སྡེ་ལས་ཀྱི་འགལ་ཟླ་དང་རྩོད་གཞི་ཐག་གཅོད་བྱེད་པའི་ཁྲོད་སྤྱོད་ཚུལ་ངན་པ་དང་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་བཏང་ནས་སྤྱི་ཚོགས་ཐོག་ཤུགས་རྐྱེན་ངན་པ་བཟོས་ཡོད། འཚོ་བའི་སྒྲིག་ལམ་ལས་འགལ་བ་དང་སྤྱི་ཚོགས་ཀྱི་སྤྱི་པའི་སྒྲིག་ལམ་དང་གོམས་སྲོལ་བཟང་པོ་དང་འགལ་ནས་མི་མང་འདུ་སར་ཚུལ་མིན་བྱ་སྤྱོད་སྤེལ་བ་དེས་ཤུགས་རྐྱེན་ངན་པ་བཟོས་ཡོད། དེ་ལྟར་ལེའོ་ཡུང་གི་བྱ་སྤྱོད་དེ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་ཏུ་གྱུར་ཡོད། ཁྲེན་ཆེ་གེ་མོ་དང་ཀྲང་ཆེ་གེ་མོ། ཝུའུ་ཆེ་གེ་མོ་བཅས་སྲང་ལམ་ཕྱོགས་བསྡུས་བཅོས་སྐྱོང་གི་སྐོར་གཡེང་རུ་མི་ཞིག་ཡིན་པའི་ངོས་ནས་ཝེ་ཆེ་གེ་མོ་དང་སྡོད་ཁུལ་གྱི་སྡེ་ལས་འགལ་ཟླ་དང་རྩོད་གཞི་ཐག་གཅོད་བྱེད་པའི་ནང་ཞུགས་ནས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་བཏང་སྟེ་ཤུགས་རྐྱེན་ངན་པ་བཟོས་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས 》《 ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལས་མི་སྣའི་སྲིད་དོན་ཆད་གཅོད་བཅའ་ཁྲིམས ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ལིའུ་དབྱང་གྲོང་ཁྱེར་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་ལེའོ་ཡུང་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་དང་སྲིད་དོན་གནས་དབྱུང་གི་ཆད་པ་བཅད་པ་དང་། དོ་དམ་ལས་གནས་ཀྱི་རིམ་པ་དགུ་པ་ནས་དོ་དམ་ལས་གནས་ཀྱི་རིམ་པ་བཅུ་པར་ཕབ་ཡོད། ཧེ་ཧྭ་སྲང་ལམ་དོན་གཅོད་ཁང་ལ་ཁྲེན་ཆེ་གེ་མོ་དང་། ཀྲང་ཆེ་གེ་མོ། ཝུའུ་ཆེ་གེ་མོ་སོགས་ལས་གནས་ནས་ཕྱིར་འབུད་གཏོང་དུ་བཅུག འགོ་ཁྲིད་ཀྱི་འགན་འཁྲི་ཡོད་པའི་ཧེ་ཧྭ་སྲང་ལམ་དོན་གཅོད་ཁྲུའི་འབྲེལ་ཡོད་ལས་དོན་མི་སྣར་ཡང་སྒྲིག་ཁྲིམས་ལྟར་ཐག་གཅོད་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག མིག་དམར་རྒྱལ་པོ།
སྒྲིག་སྒྱུར། སྒྲོལ་མ་སྐྱབས།

中央广播电视总台 央广网 版权所有

མང་ཚོགས་ལ་རྡུང་རྡེག་གཏོང་མཁན་ལས་བྱེད་པ་ཞིག་ལ་ཆད་པ་བཅད་འདུག