ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

པེ་ཅིང་གྲོང་ཁྱེར་ཁྱོན་ཡོངས་ནས་གློད་ཡོད་དམ།

2022-12-04 21:13:00     责编:娜科

     ཉེ་ཆར་དྲ་ལམ་དུ་པེ་ཅིང་གྲོང་ཁྱེར་གྱིས“སང་ཉིན་ནས་བཟུང་ཁྱོན་ཡོངས་སུ་གློད་རྒྱུ”དང“སྤྱི་ཚོགས་ཐོག་ཉིང་སྐྱུར་བརྟག་དཔྱད་བྱེད་མཚམས་འཇོག་རྒྱུ།”“བདེ་ཐང་ཨང་རྟགས་བཤེར་རྒྱུ་མེད་པ་བཟོས་པ”སོགས་ཆ་འཕྲིན་མང་པོ་ཁྱབ་ཡོད། གསར་འགོད་པས་པེ་ཅིང་གྲོང་ཁྱེར་སྔོན་འགོག་ཚོད་འཛིན་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བར། དྲ་ལམ་དུ་ཁྱབ་པའི་ནང་དོན་དེ་དག་ནི་རྫུན་མ་ཡིན་པ་རེད།

     པེ་ཅིང་གྲོང་ཁྱེར་གྱི་སྤྱི་ཡོངས་ཀྱི་རིམས་ནད་གནས་བབ་བརྟན་པོའི་ཁྲོད་ཞི་ལྷོད་དུ་འགྲོ་བཞིན་ཡོད་ནའང་། སྔར་བཞིན་ཚད་མཐོན་པོས་འཁོར་སྐྱོད་བྱེད་ཚད་དུ་གནས་པ་མ་ཟད་ཁྱབ་རྒྱ་ཆེ་བ་དང་། འགོས་ཁྱབ་ནད་དུག་གཙོ་བོ་ BF.7ཡི་འགོས་ཁྱབ་བྱེད་ཤུགས་ཆེ་ཞིང་གབ་སྦས་རང་བཞིན་ཆེ་བས། སྣང་མེད་ལྷོད་གཡེང་གཏན་ནས་བྱེད་མི་རུང་། པེ་ཅིང་གྲོང་ཁྱེར་གྱིས་སྔོན་འགོག་ཚོད་འཛིན་ཇུས་གཞིའི་པར་གཞི་དགུ་པ་དང་ལེགས་བསྒྱུར་བྱེད་ཐབས་དོན་ཚན་ཉི་ཤུ་ལག་བསྟར་ནན་ཏན་བྱས་ནས། རིམས་ནད་འཕེལ་རྒྱས་གནས་བབ་གཞིར་བཟུང་ཏེ། ཁུལ་དང་རིམ་པ་རིགས་བཅས་དབྱེ་ནས་འགུལ་རྣམས་ཅན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་ལེགས་བསྒྱུར་བྱ་རྒྱུ་དང་། ཉིང་སྐྱུར་བརྟག་དཔྱད་དང་། གདགས་གཤིས་ཅན་རྗེས་འདེད། འབྲེལ་ཟབ་བྱུང་མཁན་བརྡར་གཅོད། ནད་ཡམས་རིག་པའི་དོ་དམ་ཚོད་འཛིན། བརྒྱུད་འདྲེན་ལོགས་དབྱེ་སོགས་ཀྱི་ལས་དོན་ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་རྒྱུར་སྐུལ་འདེད་བཏང་ནས། འབད་པ་ཆེན་པོས་རིམས་ནད་གོང་དུ་འཕེལ་བའི་གནས་ཚུལ་བཀག་སྡོམ་བྱ་རྒྱུ་དང་། ནུས་ཤུགས་ཡོད་རྒུས་ཐོན་སྐྱེད་འཚོ་བའི་ཞབས་ཞུ་འགན་སྲུང་ལེགས་པར་བསྒྲུབ་ནས། དུས་ཐོག་ཏུ་མང་ཚོགས་ཀྱི་བྲེལ་བ་ཆེ་བ་དང་། དཀའ་ཚེགས་ཆེ་བ། སེམས་ཁྲལ་བྱེད་པ། རེ་སྒུག་བྱེད་པ་བཅས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་ཡིན་པས། རྒྱ་ཆེའི་གྲོང་མི་རྣམས་ཀྱིས་རིམས་འགོག་ལས་དོན་ལ་བསམ་ཤེས་དང་རམ་འདེགས། རྒྱབ་སྐྱོར་བཅས་བྱེད་པར་ཐུགས་རྗེ་ཆེ་ཞུ་ཞེས་བསྟན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག བཀྲ་ཤིས་བཟང་པོ།

ཡིག་སྒྱུར། ཀླུ་འབུམ། 

中央广播电视总台 央广网 版权所有

པེ་ཅིང་གྲོང་ཁྱེར་ཁྱོན་ཡོངས་ནས་གློད་ཡོད་དམ།