ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

མཚོ་སྔོན་པོའི་མཚོ་དར་ལྷུང་དུས། བྱ་ངང་པའི་སེམས་པ་སྐྱིད་སོང་།

2021-04-08 10:24:00     责编:sangjzm

ཐད་གཏོང་བརྙན་མིག་ནང་གི་མཚོ་སྔོན་པོའི་ཞོགས་པ།

ཐད་གཏོང་བརྙན་མིག་ནང་གི་མཚོ་སྔོན་པོ།

ཐད་གཏོང་བརྙན་མིག་ནང་གི་མཚོ་སྔོན་པོ།

མཚོ་སྔོན་པོ་ནི་ཀྲུང་གོའི་ཆེས་ཆེ་བའི་སྐམ་སའི་དབུས་ཁུལ་གྱི་མཚེའུ་འམ་ཡང་ན་ཀྲུང་གོའི་ཆེས་ཆེ་བའི་ཚྭ་ལྡན་མཚེའུ་ཡིན་པ་དང་། རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་4583དང་ཆ་སྙོམས་གཏིང་ཚད་ལ་སྨི་19ལྷག་ཡོད། མཚོ་མཐའི་རིང་ཚད་ལ་སྟོང་སྨི་360ལྷག་དང་རྒྱང་ནས་བལྟས་ན་ཤར་ནུབ་རིང་ཞིང་ལྷོ་བྱང་དོག མཚོའི་ཤར་ཕྱོགས་སུ་ཨ་མ་ཟོར་དགུ་དང་ལྷོ་ཕྱོགས་སུ་བློན་པོ་གསེར་ཆེན། ནུབ་ཕྱོགས་སུ་བྲག་དཀར་ཐེམ་ཆེན། བྱང་ཕྱོགས་སུ་རྐང་ཚའི་རྫ་དམར་བཅས་རྫ་རི་མཐོན་པོས་མཐའ་ནས་བསྐོར་ཡོད།

མཚོ་སྔོན་པོ་ནི་ལོ་ལྟར་ཟླ་བ་12པའི་ཟླ་དཀྱིལ་དུ་དར་ཆགས་པ་དང་། ལོ་རྗེས་མའི་ཟླ་བ་4པའི་ཟླ་དཀྱིལ་ཙམ་ལ་དར་ཚང་མ་ལྷུང་བ་སྟེ། ལོ་རེར་ཟླ་བ་ལྔ་ཙམ་གྱི་རིང་ལ་དར་ཆགས་པ་རེད། མཚོ་སྔོན་པོའི་དར་ལྷུང་བའི་སྐབས་སུ། མཚོ་ངོས་ནི་མེ་ལོང་བཞིན་དྭངས་ཤིང་གསལ་ལ། མཚོ་རླབས་ཡམ་ཡོམ་དུ་གཡོ་བའི་རྣམ་པ་སླར་ཡང་ཤར་ཡོང་། ཡུལ་དེ་གའི་འབྲོག་པ་ཚོས་རང་བྱུང་གི་སྣང་ཚུལ་དེ་ལ་མཚོ་དར་འཕངས་ཟེར། མཚོ་དར་འཕངས་པའི་རྣམ་པ་དེ་གཤམ་གྱི་དྲ་ཚིགས་མནན་ན་དབྱང་བརྙན་མཐོང་央视频ཐད་གཏོང་བརྙན་མིག་7བརྒྱུད་ནས་མཚོ་སྔོན་པོའི་ཕྱོགས་སོ་སོའི་རྣམ་པ་ལ་གཟིགས་ཐུབ།

https://w.yangshipin.cn/video?type=2&pid=600072967&ptag=4_1.9.3.21971_copy&vid=2008334801

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག ཟླ་བ་གཡུ་སྒྲོན།
གསར་འགོད་པ། རྡོ་ཐར།

中央广播电视总台 央广网 版权所有

མཚོ་སྔོན་པོའི་མཚོ་དར་ལྷུང་དུས། བྱ་ངང་པའི་སེམས་པ་སྐྱིད་སོང་།

མཚོ་སྔོན་པོ་ནི་ཀྲུང་གོའི་ཆེས་ཆེ་བའི་སྐམ་སའི་དབུས་ཁུལ་གྱི་མཚེའུ་འམ་ཡང་ན་ཀྲུང་གོའི་ཆེས་ཆེ་བའི་ཚྭ་ལྡན་མཚེའུ་ཡིན་པ་དང་། རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་4583དང་ཆ་སྙོམས་གཏིང་ཚད་ལ་སྨི་19ལྷག་ཡོད། མཚོ་མཐའི་རིང་ཚད་ལ་སྟོང་སྨི་360ལྷག་དང་རྒྱང་ནས་བལྟས་ན་ཤར་ནུབ་རིང་ཞིང་ལྷོ་བྱང་དོག མཚོའི་ཤར་ཕྱོགས་སུ་ཨ་མ་ཟོར་དགུ་དང་ལྷོ་ཕྱོགས་སུ་བློན་པོ་གསེར་ཆེན།