ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

▶མཚོ་སྔོན་གྱི་སློབ་མ་ཞིག་ལ་ཉེས་རྡུང་ཐེབས་པའི་སྐོར་གྱི་གསལ་བཤད།

2021-04-07 15:21:00     责编:娜科

 

 

 

མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་མ་ཞིག་ལ་ཉེས་རྡུང་ཐེབས་པའི་དོན་རྐྱེན་ཐོན་པའི་སྐོར་གྱི་གསལ་བཤད།

 

    ཟླ་4ཚེས་4ཉིན་གྱི་ཕྱི་དྲོ། མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་“20ལོའི་ཐང་གའི་འཛིན་གྲྭའི་ཁྱིམ་བདག་ཚོགས་པ་”ཞེས་པའི་སྐད་འཕྲིན་ཚོགས་པར་སློབ་གྲྭ་དེའི་བུ་མོའི་ཉལ་ཁང་ཞིག་ཏུ་སློབ་མ་ཞིག་གིས་སློབ་མ་གཞན་ཞིག་ཉེས་རྡུང་གཏོང་བའི་བརྙན་རིས་སྐུར་བཞིན་ཡོད་པས། སློབ་གྲྭས་དུས་ཐོག་ཏུ་ཁུལ་སློབ་གསོ་ཅུས་དང་མཉམ་དུ་བརྟག་དཔྱད་བྱས་པ་དང་། འབྲེལ་ཡོད་གནས་ཚུལ་རྒྱུས་ལོན་བྱུང་རྗེས་མངགས་གཏོང་ཁང་ལ་གྱོད་དོན་སྙན་སེང་ཞུས་པ་རེད།

 

    ཐོག་མའི་བརྟག་དཔྱད་ལས་རྒྱུས་ལོན་བྱུང་བ་ལྟར་ན། བརྙན་རིས་ནང་གི་དོན་རྐྱེན་དེ་ནི་2021ལོའི་ཟླ་3པའི་ཚེས་6ཉིན་བྱུང་བ་ཡིན་ཞིང་།2021ལོའི་ཟླ་3ཚེས་1ཉིན།ཁྲིམས་འགལ་དོགས་གནད་ཡོད་མཁན་སྒྲོན་ཆེ་གེ་མོ་(མོ།ལོ་16ཡིན། བྲག་དཀར་རྫོང་རྩི་གོར་ཐང་གྲོང་རྡལ་ནས་ཡིན། མང་རྫོང་ལས་རིགས་སློབ་གྲྭར་ཞུགས་པའི་རེ་འདུན་ཞུ་བཞིན་ཡོད་མོད་སློབ་གྲྭ་དེས་ཁང་པ་བསྐྱར་སྐྲུན་བྱེད་བཞིན་ཡོད་པས་གནས་སྐབས་སུ་མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭར་བསྡད་ཡོད།)དང་།ཁྲིམས་འགལ་དོགས་གནད་ཡོད་མཁན་མཁར་ཆེ་གེ་མོ་(མོ།ལོ་16ཡིན། བྲག་དཀར་རྫོང་རྩི་གོར་ཐང་གྲོང་རྡལ་བདེ་སྐྱིད་གྲོང་ཚོ་ནས་ཡིན། མང་རྫོང་ལས་རིགས་སློབ་གྲྭའི་2020ལོའི་སློབ་ཞུགས་གོང་གི་སློབ་གསོའི་འཛིན་གྲྭའི་སློབ་མ་ཡིན།)གཉིས་དང་གནོད་འཚེ་ཕོག་མཁན་ཀླུ་ཆེ་གེ་མོ་(མོ། ལོ་17ཡིན། མང་རྫོང་རྩི་གོར་ཐང་གྲོང་རྡལ་ནས་ཡིན།མཚོ་ལྷོ་ཁུལ་རིགས་ལག་རྩལ་སློབ་གྲྭའི་2020ལོའི་ཕྱུགས་ལས་སྨན་པའི་འཛིན་གྲྭའི་སློབ་མ་ཡིན།)བར་བྱ་བ་རྩག་རྩིག་གི་རྐྱེན་གྱིས་རྩོད་པ་ཤོར་བས།ཟླ་3ཚེས་6ཉིན་གྱི་ཆུ་ཚོད་8པ་ཙམ་ལ་སྒྲོན་ཆེ་གེ་མོ་མཁར་ཆེ་གེ་མོ་དང་ཕུན་ཆེ་གེ་མོ།(མོ། ལོ་16ཡིན།གསེར་ཆེན་རྫོང་ཆོས་རྗེ་ཞང་ནས་ཡིན། ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་2020ལོའི་བྱིས་པ་གསོ་སྐྱོང་འཛིན་གྲྭའི་སློབ་མ་ཡིན།)རྣམ་ཆེ་གེ་མོ།(མོ། ལོ་18ཡིན། བྲག་དཀར་འབྲོང་འཐུས་ཞང་ནས་ཡིན། ཁུལ་ལས་རིགས་སློབ་གྲྭའི་2020ལོའི་བྱིས་པ་གསོ་སྐྱོང་འཛིན་གྲྭའི་སློབ་མ་ཡིན།)ཡེ་ཆེ་གེ་མོ(མོ། ལོ་15ཡིན། རྨ་སྟོད་རྫོང་རྨ་ཆུ་ཞང་ནས་ཡིན། ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་2020ལོའི་བྱིས་པ་གསོ་སྐྱོང་འཛིན་གྲྭའི་སློབ་མ་ཡིན།)བཅས་དང་མཉམ་དུ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་ཁུལ་བྱང་མའི་བུ་མོའི་ཉལ་ཁང་དུ་ཀླུ་ཆེ་གེ་མོ་འཚོལ་དུ་ཕྱིན།སྒྲོན་ཆེ་གེ་མོ་དང་མཁར་ཆེ་གེ་མོ་གཉིས་ཉལ་ཁང་དུ་ཕྱིན་ནས་ཀླུ་ཆེ་གེ་མོར་ཉེས་རྡུང་བཏང་བ་དང་འབྲེལ་སྒྲོན་ཆེ་གེ་མོར་དགོངས་དག་ཞུ་རུ་བཅུག རྣམ་ཆེ་གེ་མོ་དང་ཕུན་ཆེ་གེ་མོས་སྒྲོན་ཆེ་གེ་མོའི་ཁ་པར་བཟུང་ནས་ཉེས་རྡུང་བྱེད་པའི་བརྒྱུད་རིམ་བརྙན་བླངས་པ་རེད།

 

    ཉིན་དེའི་ཞོགས་པ་ཉལ་ཁང་གི་དོ་དམ་པས་ཉལ་ཁང་གི་སུམ་ཐོག་ན་སྐད་ཅོར་རྒྱག་པ་ཐོས་པས་ཡུལ་དངོས་ལ་ཕྱིན་ནས་སློབ་གྲོགས་ཚོར་སྐད་ཆ་དྲིས་ཡོད་མོད། དེ་གར་ཡོད་པའི་སློབ་གྲོགས་ཚོས་གནས་ཚུལ་རྫུན་ཞུ་བྱས། ཉལ་ཁང་དོ་དམ་པས་ཐེངས་གཉིས་པར་ཉལ་ཁང་ཞིབ་བཤེར་བྱེད་སྐབས་ཀླུ་ཆེ་གེ་མོའི་ངོ་གདོང་ལ་རྨ་ཁ་ཡོད་པ་མཐོང་ནས་སྐད་ཆ་དྲིས་མོད་ཀླུ་ཆེ་གེ་མོས་འཁོན་ལན་སློག་པར་སྐྲག་སྟེ་རང་ཉིད་འགྱེལ་ནས་རྨས་སྐྱོན་བྱུང་བ་ཡིན་ཞེས་རྫུན་བཤད་པ་རེད།ཚེས་7ཉིན་གྱི་དགོང་མོའི་རང་སྦྱོང་སྐབས་འཛིན་བདག་གིས་ཀླུ་ཆེ་གེ་མོའི་གདོང་ལ་རྨ་ཁ་ཡོད་པ་མཐོང་བས་ཀླུ་ཆེ་གེ་མོ་དང་ཁོ་མོའི་ཉལ་ཁང་གཅིག་པའི་སློབ་གྲོགས་ཚོར་སྐད་ཆ་དྲིས་ཡོད་མོད། ཀླུ་ཆེ་གེ་མོས་རང་ཉིད་ཀྱིས་གཟབ་གཟབ་མ་བྱས་པར་སྐས་ནང་དུ་འགྱེལ་སོང་ཞེས་རྫུན་བཤད་པ་དང་། ཉལ་ཁང་གཅིག་པའི་སློབ་གྲོགས་ཚོས་ཀྱང་འཛིན་བདག་ལ་སྦ་གསང་བྱས་པ་རེད། འཛིན་བདག་གིས་ཀླུ་ཆེ་གེ་མོའི་གཅེན་མོར་ཀླུ་ཆེ་གེ་མོར་རྨས་སྐྱོན་ཕོག་ཚུལ་དང་སྨན་ཁང་དུ་སྐྱེལ་དགོས་མིན་སྐོར་གྲོས་བསྡུར་མོད།གཅེན་མོ་དེས་ཀླུ་ཆེ་གེ་མོའི་ངོ་གདོང་ལ་རྨས་སྐྱོན་ཆེན་པོ་ཕོག་མེད་པ་མཐོང་བས་“ཨ་ཅོར་སྦྱར་ན་ཆོག སྨན་ཁང་དུ་འགྲོ་མི་དགོས་”ཞེས་བཤད།གནོད་འཚེ་ཕོག་མཁན་ཀླུ་ཆེ་གེ་མོ་དང་དེའི་སློབ་གྲོགས་ཚོས་སྒྲོན་ཆེ་གེ་མོས་འཁོན་ལན་སློག་པར་སྐྲག་ནས་ཐོག་མཐའ་བར་གསུམ་དུ་སྦ་གསང་བྱས་པས་སློབ་གྲྭས་དུས་ཐོག་ཏུ་གནས་ཚུལ་ཤེས་རྟོགས་བྱུང་ཐུབ་མེད།

 

    དོན་རྐྱེན་དེའི་ཐོག་ནས་མཚོ་ལྷོ་ཁུལ་ལས་རིགས་སློབ་གྲྭའི་བདེ་འཇགས་དང་།སློབ་མའི་ཁྲིམས་སྐྱོང་སློབ་གསོ།བསམ་བློ་ཀུན་སྤྱོད་སློབ་གསོ་སོགས་ཀྱི་ཐད་ད་དུང་མི་འདང་ས་མང་པོ་ཡོད་པ་མཚོན་ཡོད།ཁུལ་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱིས་ཞིང་ཆེན་དང་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་བརྙས་བཅོས་འགོག་པའི་ཆེད་དོན་བཅོས་སྒྲིག་ལས་དོན་གྱི་བཀོད་སྒྲིག་ལྟར་སྤྱི་བདེ་ལས་ཁུངས་སོགས་དང་མཉམ་འབྲེལ་བྱས་ཏེ་ཁུལ་ཡོངས་ཀྱི་རིམ་ཁག་དང་རིགས་མི་འདྲ་བའི་མཐིལ་རྟོགས་གྲལ་བཤེར་བྱས་ནས་མཉམ་འགུལ་གྱི་དྲ་བ་ཞིབ་ཚགས་བཟོ་བ་དང་།ཕུགས་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་བ།སློབ་གསོ་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་སློབ་གྲྭའི་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

 

    མིག་སྔར་ཁྲིམས་འགལ་དོགས་གནད་ཅན་སྤྱི་བདེ་སྡེ་ཚན་གྱིས་འབོད་འགུགས་བྱས་ནས་གྱོད་གཞི་དེར་མྱུལ་ཞིབ་བྱེད་བཞིན་ཡོད་པ་རེད།

 

མཚོ་ལྷོ་ཁུལ་སློབ་གསོ་ཅུད་ནས།

2021ལོའི་ཟླ་4ཚེས་5ཉིན།

 

              

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཞུ་དག ཟླ་བ་གཡུ་སྒྲོན།

ཡིག་སྒྱུར། བསྟན་རྒྱམ།

中央广播电视总台 央广网 版权所有

▶མཚོ་སྔོན་གྱི་སློབ་མ་ཞིག་ལ་ཉེས་རྡུང་ཐེབས་པའི་སྐོར་གྱི་གསལ་བཤད།