ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

ཡིག་མེད་རྡོ་རིང་ཐོག་ཁྱེད་ཀྱི་མིང་བརྐོས་ཡོད།

2021-02-25 19:28:00     责编:卓玛才让

     ལོ་ངོ་8ཀྱི་རིང་། ཀྲུང་གོའི་དབུལ་ཕོངས་རྫོང་832ཚང་མས་དབུལ་ཞྭ་ཕུད་ཅིང་། རྒྱལ་ཡོངས་ཀྱི་དབུལ་ཕོངས་མི་འབོར་དུང་ཕྱུར་1ཙམ་དབུལ་སྒྲོལ་ཐུབ་ཡོད། 2020ལོའི་ལོ་མཇུག་བར། མི་1800ལྷག་ཙམ་དབུལ་སྒྲོལ་འགག་གཏོར་གྱི་འཐབ་ས་དང་པོར་སྐུ་གཤེགས་ཡོད།

གནམ་ས་བླ་འོག་བསྒྱུར་ཞིང་། རྒྱལ་ཁབ་ཆེད་དུ་རང་སྲོག་འབུལ།

ལོ་ཟླས་དྲན་པ་རབ་རིབ་ཏུ་བསྒྱུར་སྲིད་མོད།

འོན་ཀྱང་ཁྱེད་ཚོའི་མཚན་ནི།

ནམ་ཡང་ས་གཞིའི་ཁྱོན་ལ་གནས་སྲིད་ལ།

ཁྱེད་ཚོ་ནམ་ཡང་མང་ཚོགས་ཀྱི་སེམས་སུ་གསོན་ངེས།

 

ཁྲའེ་ཧྲེང་ཧྥང་།

     2014ལོའི་ཟླ་8པའི་ཚེས་14ཉིན། ཀན་སུའུ་ཞིང་ཆེན་ལིན་ཐའོ་རྫོང་གི་རྫོང་དཔོན་ཁྲའེ་ཧྲེང་ཧྥང་གིས་ཁྱོན་ལས་དོན་ཁག་8ཐག་གཅོད་གནང་ཞིང་། ཆུ་ཚོད་17ལྷག་གི་རིང་བསྟུད་མར་ལས་དོན་བསྒྲུབས། ཉིན་དེའི་ཚོགས་འདུ་མཐའ་མའི་ཐོག་ཆུ་ཚོད་6རྒྱུན་མཐུད་ནས་རྣམ་གྲངས་ཆེ་བ་22དང་རྣམ་གྲངས་ཆུང་གྲས་53ལ་གཅིག་སྡུད་ཐོག་གྲོས་བསྡུར་གནང་ཞིང་། འགོ་ནས་མཇུག་བར་གྲོས་བསྡུར་ནང་ཞུགས་ཡོད། ཟླ་8པའི་ཚེས་15ཉིན་གྱི་ཐོ་རེངས། ཁྲའེ་ཧྲེང་ཧྥང་གིས་ལས་དུས་ཁ་སྣོན་གནང་སྟེ་ཚོགས་འདུ་འཚོགས་རྗེས་གཟིམ་ཁང་དུ་ངལ་གསོ་རྒྱག་སྐབས་སྙིང་ནད་ཀྱིས་གློ་བུར་དུ་སྐུ་འདས་ཡོད། སྐུ་འདས་སྐབས་ཁོང་དགུང་ལོ་45ཡིན།

 

དབྱི་ཞའོ་ཧྥེང་།

     2018ལོའི་དབྱར་རྩྭ་དགུན་འབུ་འཐུ་བའི་དུས་ཚིགས་སུ། མཚོ་སྔོན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་སུའུ་ལུའུ་གྲོང་ཚོའི་ཧྲུའུ་ཅི་དང་པོ་དབྱི་ཞའོ་ཧྥེང་ལ་གློ་བུར་དུ་ལུས་ཤུགས་ཉམས་ཤིང་དབུགས་འཚང་བའི་ནད་རྟགས་ཐོན་ཡོད། ཕྱིས་སུ་སྨན་པར་བསྟེན་རྗེས་གདོད་འབྱུང་རང་བཞིན་གྱི་མཆིན་སྐྲན་ཕོག་པ་དང་མཆིན་པར་སྐྲན་ནག་མང་པོ་ཡོད་པ་ཤེས། ཉིན་ཉི་ཤུ་ལྷག་ཙམ་གྱི་དུས་ཐུང་སྨན་བཅོས་གནང་རྗེས། ཁོང་རང་འགུལ་ངང་གྲོང་ཚོར་ལོག་ནས་མུ་མཐུད་དབུལ་སྐྱོར་ལས་དོན་ནང་ཞུགས་ཡོད། ཁོང་གིས་ཕྱོགས་གཅིག་ནས་ནད་གཞི་དང་འཐབ་རྩོད་གནང་བ་དང་། ཕྱོགས་གཞན་ཞིག་ནས་ཚེ་སྲོག་ཤོར་རག་བར་དབུལ་སྒྲོལ་འགག་གཏོར་གྱི་ལས་གནས་བརྟན་སྲུང་གནང་ཡོད། ཁོང་སྐུ་འདས་སྐབས་དགུང་ལོ་53ཡིན།

 

ཅང་ཧྥུའུ་ཨན།

     2015ལོའི་ཟླ་8པར། ཅང་ཧྥུའུ་ཨན་གྱིས་སི་ཁྲོན་ལེའང་ཧྲན་དབྱི་རིགས་རང་སྐྱོང་ཁུལ་མེ་ཀུའུ་རྫོང་སི་ཨོ་ཅི་གྲོང་ཚོར་བཅའ་སྡོད་ཧྲུའུ་ཅི་དང་པོ་གནང་། 2016ལོའི་ཟླ་8པའི་ཚེས་21ཉིན། ཅང་ཧྥུའུ་ཨན་གྱིས་སྔ་དྲོར་གྲོང་ཚོའི་ནང་ཕྱག་ལས་གནང་བ་དང་ཕྱི་དྲོར་དགོངས་པ་ཞུས་ནས་ཡན་ཡོན་རྫོང་དུ་བསྙུན་གཞི་ཕོག་པའི་ཕ་མ་གཉིས་ལ་གཟིགས་པར་ཕེབས་ཡོད། ཚེས་22ཉིན། ཁོང་ཡང་བསྐྱར་ལས་གནས་ཐོག་ཕྱིར་ལོག་གནང་ཡོད། ཅང་ཧྥུའུ་ཨན་གྱིས་བསྟུད་མར་ལས་དུས་བསྣན་པས་གློ་བུར་དུ་ནད་གཞི་ཕོག་ཅིང་མྱུར་སྐྱོབ་བྱས་ཀྱང་ཕན་འབྲས་མ་ཐོན་པར་གཞུང་དོན་ཆེད་གྲོངས་ཡོད། ཁོང་གྲོངས་སྐབས་དགུང་ལོ་26ལས་སླེབས་མེད།

 

མ་ཤིན་ཅོན།

     2017ལོ་ནས་བཟུང་། སྐབས་དེའི་ཉིང་ཞ་ཀུའུ་ཡོན་གྲོང་ཁྱེར་ཅིན་ཡོན་རྫོང་ཧོང་ཧྭ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་མ་ཤིན་ཅོན་རྒྱུན་དུ་གྲོད་པ་ན་གི་ཡོད། 2017ལོའི་ཟླ་5པར་མ་ཤིན་ཅོན་ལ་རྨེན་བུའི་སྐྲན་ནད་ཕོག་པ་གཏན་འཁེལ་བྱས། ལས་འགན་འཁུར་བའི་ལོ་གསུམ་རིང་། ཧོང་ཧྭ་ཤང་གི་དབུལ་ཕོངས་མི་འབོར་3571ནས་68བར་ཉུང་དུ་ཕྱིན་པ་དང་། མ་ཤིན་ཅོན་གྱི་གཟུགས་པོའི་ལྗིད་ཚད་རྒྱ་མ་140ནས་རྒྱ་མ་100བར་ཆག་ཡོད། 2018ལོའི་ཟླ་5པའི་ཚེས་21ཉིན་མ་ཤིན་ཅོན་ནད་གཞི་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་ཐོན་པར་གྲོངས་པ་དང་། གྲོངས་དུས་དགུང་ལོ་40ལས་ཟིན་མེད། 

 

ཆིང་ཧྥང་ཧྭ།

     2016ལོའི་ཟླ་12པའི་ཚེས་20ཉིན། སི་ཁྲོན་ཞིང་ཆེན་ཅང་ཡིའུ་གྲོང་ཁྱེར་ཕུང་ཧྲུན་ཤང་ཞའོ་པ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཆིང་ཧྥང་ཧྭ་དབུལ་དུད་ཁྱིམ་ཚང་ལ་འཚམས་འདྲིར་ཕེབས་སྐབས། འགྲིམ་འགྲུལ་དོན་རྐྱེན་ཐོན་ནས་རྨས་སྐྱོན་ལྕི་པོ་ཕོག་སྟེ་མྱུར་སྐྱོབ་བྱས་ཀྱང་ཕན་འབྲས་མ་ཐོན་པར་གྲོངས་པ་དང་། གྲོངས་དུས་དགུང་ལོ་48ལས་སླེབས་མེད།

 

ཝུན་ཝེ་ཧུང་།

     2018ལོའི་ཟླ་3པར། ཝུན་ཝེ་ཧུང་གིས་ཀུའེ་ཀྲོའུ་ཞིང་ཆེན་ཐུང་རེན་གྲོང་ཁྱེར་ཡན་ཧོ་རྫོང་ཀྲུང་ཀྲའེ་གྲོང་རྡལ་ཏ་ཕིང་གྲོང་ཚོའི་ཧྲུའུ་ཅི་དང་པོའི་འགན་འཁུར་ཞིང་། 2019ལོའི་ཟླ་7པའི་ཚེས་22ཉིན་ཝུན་ཝེ་ཧུང་གིས་དབུལ་སྐྱོར་ཐོན་ལས་ལ་ལྟ་ཞིབ་གནང་སྐབས་སྟབས་མ་ལེགས་པར་གློག་གིས་བརྒྱབ་སྟེ་གྲོངས་པ་དང་། སྐབས་དེར་ལོ་45ལས་སླེབས་མེད། དབུལ་སྐྱོར་གནང་བའི་ལོ་7རིང་ཝུན་ཝེ་ཧུང་གིས་བཅའ་སྡོད་ཁུལ་དུ་དབུལ་ཕོངས་གྲོང་ཚོ་5ལ་རོགས་སྐྱོར་གནང་ཡོད་ཅིང་། གྲོང་ཚོ་གཅིག་དབུལ་སྒྲོལ་ཐུབ་རྗེས་འཕྲལ་མར་གྲོང་ཚོ་རྗེས་མར་རོགས་སྐྱོར་གནང་བར་ཕེབས་ཡོད།

 

ཧའོ་ཡིང་ཕུའུ་དང་ཧྥན་ཀྲེན་ཙེ།

     དགུང་ལོ་28ལ་སླེབས་པའི་ཧའོ་ཡིང་ཕུའུ་དང་དགུང་ལོ་23ལ་སླེབས་པའི་ཧྥན་ཀྲེན་ཙེ་ནི་ཅང་ཞི་ཞིང་ཆེན་ཤིའུ་ཧྲུའེ་རྫོང་གི་དབུལ་སྐྱོར་བཟའ་ཚོ་གཉིས་ཡིན། 2018ལོའི་ཟླ་12པའི་ཚེས་16ཉིན། དབུལ་ཕོངས་དུད་ཚང་ལ་འཚམསས་འདྲི་ཕེབས་ནས་ཕྱིར་ལོག་པའི་ལམ་བར་དུ་རླངས་འཁོར་གཞུང་ལམ་གཤམ་འོག་གི་ཆུ་རྫིང་དུ་ལྷུང་བ་དང་། ཉིན་དེར་ཁོང་གཉིས་གཉེན་བསྒྲིགས་ནས་ཉིན་བཞི་བཅུ་ལས་ཟིན་མེད། དབྱིབས་འགྱུར་བའི་རླངས་འཁོར་གྱི་རྒྱབ་སྒམ་ནང་དུ་ད་དུང་དབུལ་ཕོངས་དུད་ཚང་ལ་འཚོང་རོགས་བྱེད་པར་ཁྱེར་བའི་ཁྱིམ་བྱ་གསུམ་ཡོད།

 

ཤིས་ཧྲི་མིང་།

     2019ལོའི་ཟླ་1པོའི་ཚེས་6ཉིན། ཐེན་ཅིན་ཤིན་སྐྱོར་ལས་བྱེད་པ་ཤིས་ཧྲི་མིང་གིས་ཞོགས་པ་ནས་དགོང་མོའི་བར་ཚོང་དོན་རྟོག་ཞིབ་དང་ཡིག་ཆ་ལེགས་སྒྲིག་གནང་བའི་ལས་ལ་བྲེལ་ཞིང་། ཁྲག་འབེབས་སྨན་འཐུང་རྒྱུ་བརྗེད་ཡོད། དགོང་དྲོར་གློ་བུར་དུ་ལུས་པོ་མི་བདེ་བའི་ཚོར་བ་བྱུང་བ་དང་། སྨན་ཁང་དུ་བསྐྱལ་ནས་མྱུར་སྐྱོབ་བྱེད་སྐབས་ཁོང་ལ་ཀླད་ཁྲག་འདྲེས་ཡོད་པ་ཤེས། ཉིན་8ཀྱི་རྗེས་སུ། ཤིས་ཧྲི་མིང་གིས་སྒྲུབ་མ་ཚར་བའི་ལས་དོན་སྐྱུར་ཏེ་དུས་གཏན་དུ་མི་ཡུལ་ནས་བྲལ།

 

ཡུས་ཧྥེན།

     2017ལོའི་ཟླ་12པའི་ཚེས་24ཉིན། སི་ཁྲོན་ཀུའུ་ལིན་རྫོང་གི་དབུལ་སྐྱོར་ལས་བྱེད་པ་ཡུས་ཧྥེན་དང་ཁོང་གི་ཟླ་བོས་རླངས་འཁོར་བཏང་ནས་གྲོང་ཚོའི་དབུལ་ཕོངས་དུད་ཚང་ལ་བརྙན་འཕྲིན་བསྐྱལ་བར་ཕེབས་ཡོད། སྐབས་དེར་འཕྱི་བོ་ཡིན་མོད། ཕྱི་ཉིན་ནི་དབུལ་ཕོངས་དུད་ཚང་ཀྲོའུ་ཀོང་ཝུན་གྱི་ཨ་མ་བགྲེས་སོང་ཝུའུ་རེན་ཧྥེན་དགུང་ལོ་73ལ་སླེབས་པའི་སྐྱེས་སྐར་ཡིན་པས། སྐྱེས་སྐར་གྱི་ཉིན་མོར་བརྙན་འཕྲིན་ལ་ལྟ་ཐུབ་ཆེད་བརྙན་འཕྲིན་དེ་བསྐྱལ། བསམ་ཡུལ་ལས་འདས་པའི་རླངས་འཁོར་གྱི་དོན་རྐྱེན་ཞིག་ཁྲོད་ཡུས་ཧྥེན་གྱི་མི་ཚེ་དགུང་ལོ་45ཡི་དབུལ་སྐྱོར་ལམ་བུའི་ཐོག་རྫོགས་པར་གྱུར།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཞུ་དག སྐལ་བཟང་བདེ་སྐྱིད།

ཡིག་སྒྱུར། རིག་འཛིན་སྐྱིད།

中央广播电视总台 央广网 版权所有

ཡིག་མེད་རྡོ་རིང་ཐོག་ཁྱེད་ཀྱི་མིང་བརྐོས་ཡོད།