ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

སྦྱོང་ཚན་དང་། ཁ་པར། སློབ་ཕྱིའི་གསོ་སྦྱོང་སོཊ་སྐོར་གྱི་བླང་བྱ།

2021-02-24 14:38:00     责编:卓玛才让

     སྤྱི་ལོ་2021ལོའི་དཔྱིད་ཀའི་སློབ་དུས་འགོ་ཚུགས་གྲབས་ཡོད་པ་དང་བསྟུན། ཁྱེད་ཀྱིས་དོ་སྣང་གནང་སའི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སྦྱོང་ཚན་དང་། ལག་ཐོགས་ཁ་པར། སློབ་ཚན་གྲོལ་རྗེས་དང་སློབ་ཕྱིའི་གསོ་སྦྱོང་སོགས་ཀྱི་གནད་དོན་ཐད་སློབ་གསོ་པུའུ་ཡིས་བླང་བྱ་གསར་པ་བཏོན་ཡོད།

     སྤྱི་ཚེས་23ཉིན་སྐོང་འཚོགས་བྱས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག སློབ་གསོ་པུས་སློབ་དུས་གསར་པའི་སློབ་གྲྭ་འབྲིང་ཆུང་གི་སློབ་གསོ་དང་སློབ་ཁྲིད་ཐད་གཙོ་གནད་ཐོག་གཤམ་གསལ་གྱི་དོན་ཚན་འགའ་དམ་འཛིན་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། དེ་ཡང་གཅིག་ནས་སློབ་ཁང་དུ་སློབ་ཁྲིད་བྱེད་པའི་ལས་ཆོད་དང་སྤུས་ཚད་མཐོ་རུ་གཏོང་དགོས་པ་དང་། ཁྱད་པར་ལྡན་པའི་སློབ་ཁྲིད་ལ་མཐོང་ཆེན་དང་ལྷག་པར་དུ་སློབ་སྦྱོང་ལ་དཀའ་ངལ་ཡོད་པའི་སློབ་མར་བྱེ་བྲག་གི་ཟུར་ཁྲིད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ།

     གཉིས་ནས་སྦྱོང་ཚན་གྱི་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་སྟེ། གཏན་འབེབས་ལྟར་སྦྱོང་ཚན་སྤྱི་འབོར་མང་ཉུང་ཚོད་འཛིན་ནན་པོ་བྱེད་དགོས་པ་དང་། དཀའ་ཚད་དེ་སློབ་མའི་དོན་དངོས་དང་མཐུན་པའི་འགན་ལེན་བྱེད་དགོས་པ། གོམས་གཤིས་ཅན་དང་ནུས་མེད་ཀྱི་སྦྱོང་ཚན་མཐའ་གཅིག་ཏུ་མེད་པ་བཟོ་དགོས་པ་དང་། བསྐྱར་ཟློས་རང་བཞིན་དང་ཆད་གཅོད་རང་བཞིན་གྱི་སྦྱོང་ཚན་རིགས་གཏན་འགོག་བྱེད་པ། ཁྱིམ་བདག་ལ་སྦྱོང་ཚན་བཀོད་སྒྲིག་གམ་རྣམ་པ་འགྱུར་བའི་ངང་བཀོད་སྒྲིག་བྱས་མི་ཆོག་ཅིང་། ཁྱིམ་བདག་ལ་སྦྱོང་ཚན་ཞིབ་བཤེར་དང་དག་བཅོས་བྱ་དགོས་པའི་བླང་བྱ་འདོན་མི་ཆོག

     གསུམ་ནས་སློབ་ཚན་གྲོལ་རྗེས་ཀྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས་པ་སྟེ། འོས་འགན་སློབ་གསོའི་སློབ་གྲྭའི་སློབ་གསེང་ཞབས་ཞུ་ཁྱོན་ཡོངས་ལ་ཁྱབ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། དུས་ཚོད་བཀོད་སྒྲིག་བྱེད་རྒྱུ་ས་གནས་དེ་གའི་རྒྱུན་གཏན་གྱི་ལས་ཀ་གྲོལ་བའི་དུས་ཚོད་དང་མཐུན་པ་བྱས་ཏེ། ཁྱིམ་བདག་གིས་སློབ་མ་བསུ་བའི་དཀའ་ངལ་ཐག་གཅོད་ཏན་ཏིག་བྱེད་དགོས།

     བཞི་ནས་ཁྱིམ་ཚང་ལ་དཀའ་ངལ་ཡོད་པ་དང་། གཟུགས་གཞི་སྐྱོན་ཅན་ཡིན་པ། མཉམ་ཁྲིད་བུ་ཕྲུག གཞིས་ལུས་བྱིས་པ། ཕ་ཡུལ་དུ་ལོག་པའི་བྱིས་པ་སོགས་དམིགས་བསལ་གྱི་སློབ་མའི་ཁྱུ་ཚོགས་ལ་སློབ་གསོ་དང་གཅེས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་སློབ་མཚམས་ཆད་པའི་གནས་ཚུལ་ཡང་བསྐྱར་མི་ཐོན་པའི་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས།

     ཚད་ཡོད་ཀྱིས་སློར་གྲྭར་འཁྱེར་ཆོག་པ་དང་། སློབ་ཁང་དུ་རྩ་བ་ནས་འཁྱེར་མི་ཆོག་པའི་བླང་བྱ་ལྟར། ལག་ཐོགས་ཁ་པར་གྱི་དོ་དམ་བྱ་ཐབས་ཞིབ་ཕྲ་བཟོ་དགོས་པ་དང་། དགོས་ངེས་ཀྱི་ཁ་པར་ལ་གཅིག་གྱུར་གྱི་དོ་དམ་བྱེད་པའི་སྒྲིག་ཆས་སྒྲིག་སྦྱོར་བྱེད་དགོས།

     སློབ་མའི་སེམས་ཁམས་གནས་ཚུལ་སྙན་སེང་ཞུ་བའི་ལམ་ལུགས་འཛུགས་དགོས་པ་མ་ཟད་འཐུས་ཚང་དུ་གཏོང་བ་དང་། གནད་དོན་མངོན་གསལ་ཅན་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས།

     སློབ་གྲྭའི་བདེ་འཇགས་དོ་དམ་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། སློབ་མའི་བར་བརྙས་བཅོས་བྱེད་པའི་དོན་རྐྱེན་ཐོན་རྒྱུར་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས།

     ལྔ་ནས་སློབ་ཕྱིའི་གསོ་སྦྱོང་སྒྲིག་འཛུགས་ཚད་ལྡན་བཟོ་བ་དང་། བཅོས་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ། ཁྲིམས་ལྟར་བཅོས་སྐྱོང་དང་རྩ་ལག་མཉམ་བཅོས་མཐའ་འཁྱོངས་བྱེད་པ། གསོ་སྦྱོང་སྒྲིག་འཛུགས་ཞིབ་མཆན་ནན་པོ་འགོད་པ། གསོ་སྦྱོང་ནང་དོན་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། གསོ་སྦྱོང་ཞབས་ཞུའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་བཅས་བྱེད་དགོས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཞུ་དག བཀྲ་ཤིས་བཟང་པོ།

ཡིག་སྒྱུར། རིག་འཛིན་སྐྱིད། མཁའ་སྤྱོད་དབང་མོ།

中央广播电视总台 央广网 版权所有

སྦྱོང་ཚན་དང་། ཁ་པར། སློབ་ཕྱིའི་གསོ་སྦྱོང་སོཊ་སྐོར་གྱི་བླང་བྱ།