ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

ཁྲིམས་འགལ་བྱས་ཉེས་བསཊ་པ་ཡི། འགྱོད་བཤཊ་མིག་ཆུ་དབང་མེད་ཤོར།

2021-01-23 16:28:00     责编:桑吉卓玛

       ལེའུ་བཞི་ཡོད་པའི་བརྙན་འཕྲིན་ཆེད་དོན་པར་གཞི་སྤྱོད་ཚུལ་བཟང་པོར་བརྟེན་ནས་རུལ་སུངས་ལ་ངོ་རྒོལ་བྱེད་ཅེས་པ་དེ་སྤྱི་ཚེས་21ཉིན་གྱི་དགོང་མོ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ཕྱོགས་བསྡུས་འཕྲིན་ལམ་ཐོག་ལེའུ་དང་པོ་ཆབ་སྲིད་ལྟ་སྐུལ་ཞེས་པ་བསྟན་པ་དང་། དེའི་ནང་མུའུ་ལིའི་གཏེར་ཁུལ་དུ་ཁྲིམས་འགལ་ངང་རྡོ་སོལ་སྔོག་འདོན་བྱས་པའི་དོན་རྐྱེན་རྒྱབ་ཀྱི་འགོ་ཁྲིད་ལས་བྱེད་པ་དང་གཞུང་གི་ལས་དོན་མི་སྣའི་འགན་འཛོལ་དང་རུལ་སུངས་གནད་དོན་ཞིབ་བཤེར་ཐག་གཅོད་བྱས་ཚུལ་སྐོར་ཞིབ་བརྗོད་བྱས་ཡོད། 

 

       འབྱུང་ཁམས་སླར་གསོའི་མིང་ཐོག་ནས་འཕྲོག་བཅོམ་བྱེད་པ་ལྟར་རྡོ་སོལ་སྔོག་འདོན་བྱས་པས། 

       མུའུ་ལིའི་གཏེར་ཁུལ་གྱི་གཏོར་སྐྱོན་གནས་ཚུལ་མཐོང་བ་ཙམ་གྱིས་ཧང་སངས་དགོས་པ་ཞིག་ཡོད།

       མུའུ་ལིའི་གཏེར་ཁུལ་དེ་མདོ་ལ་རི་བོའི་ལྷོ་ངོས་ཀྱི་མཚོ་སྔོན་ས་ཁོངས་སུ་གནས་ཤིང་། ལོ་མང་རིང་སྔོག་འདོན་གང་བྱུང་བྱས་པས་ས་དོང་ཆེན་པོ་མང་པོ་ཞིག་ཆགས་ཡོད། 

       སྤྱི་ལོ་2014ལོ་ནས་བཟུང་། ཏང་ཀྲུང་དབྱང་གིས་བསྟུད་མར་མཛུབ་སྟོན་གལ་ཆེན་གནང་ནས། མུའུ་ལིའི་གཏེར་ཁུལ་དུ་གཏོར་བརླག་རང་བཞིན་གྱི་སྔོག་འདོན་བྱེད་རིགས་མཐའ་གཅིག་ཏུ་བཀག་འགོག་བྱས་ཏེ་ཁོར་ཡུག་སླར་གསོ་བཅོས་སྐྱོང་བྱེད་དགོས་པའི་བླང་བྱ་བཏོན་ཁར། དེ་རྗེས་གནད་དོན་དེའི་མཛུབ་སྟོན་གལ་ཆེན་ཡང་ཐེངས་མང་གནང་ཡོད། 

       འོན་ཀྱང་སྤྱི་ལོ་2020ལོའི་ཟླ་8པར། སྨྱན་སྦྱོར་ཚན་པས་གནས་ཚུལ་སྤེལ་བའི་ནང་། ཤིང་ཆིང་ཀུང་སི་ཞེས་པའི་ཁེ་ལས་ཤིག་གིས་སྔར་བཞིན་མུའུ་ལིར་འབྱུང་ཁམས་སླར་གསོ་བཅོས་སྒྲིག་གི་མིང་ཐོག་ནས་ཁྲིམས་འགལ་ངང་རྡོ་སོལ་སྔོག་འདོན་བྱས་པས་མཐོང་བ་ཙམ་གྱིས་ཧང་སངས་དགོས་པ་ཞིག་ཡོད། 

2020ལོའི་ཟླ་8པར་སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པས་མུའུ་ལིའི་གཏེར་ཁུལ་དུ་ཤེས་རྟོགས་བྱུང་བའི་རྡོ་གསོལ་འཇོག་ས་ཆེ་གྲས། 

 མུའུ་ལིའི་གཏེར་ཁུལ་གྱི་གཏེར་དོང་རྒྱོང་བཞིན་པ། 

       མུའུ་ལི་གཏེར་ཁུལ་དུ་ཁྲིམས་འགལ་ངང་རྡོ་སོལ་སྔོག་འདོན་གྱི་གནད་དོན་བཅོས་སྒྲིག་དང་བཀག་སྡོམ་མ་བྱས་པའི་རྒྱུ་མཚན་གང་ཡིན་ནམ། ཤིང་ཆིན་ཀུང་སི་འདི་ཡང་སྙིང་ཀུང་སི་གང་འདྲ་ཞིག་ཡིན་ནམ། བརྟག་དཔྱད་ཚོགས་ཆུང་གིས་རིམ་པ་བཞིན་དབྱེ་ཞིབ་བྱས་པ་བརྒྱུད། དེར་འགེབས་སྲུང་བྱེད་མཁན་ཆེ་ཤོས་ནི་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་དེ་སྔའི་ཏང་ཙུའུ་ཡི་ཁོངས་མི། ཞིང་ཆེན་གྱི་འགོ་འཛིན་གཞོན་པ། མཚོ་ནུབ་ཁུལ་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི། ཚྭ་འདམ་གཤོངས་སའི་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟའི་ཁུལ་གྱི་ཏང་གི་བཟོ་པའི་ལས་དོན་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཧྲུའུ་ཅི་ཝུན་གོ་ཏུང་ཡིན་པ་ཤེས་རྟོགས་བྱུང་ཡོད། 

       དཔོན་ཚོང་ངན་འབྲེལ་གྱིས་ཁེ་ཕན་བརྗེ་རེས་བྱས་པ། 

       ཝུན་གོ་ཏུང་གིས་ཁྲིམས་འགལ་ངང་རྡོ་སོལ་སྔོག་འདོན་བྱེད་མཁན་གྱི་འགེབས་སྲུང་བྱེད་མཁན་དུ་གྱུར་བ།

       ཝུན་གོ་ཏུང་དང་ཤིང་ཆིང་ཀུང་སིའི་ཚོད་འཛིན་པ་མ་ཧྲའོ་ཝེ་ནི་མཚོ་སྔོན་ཟི་ལིང་ཧོང་ཀྲུང་རྫོང་ནས་ཡིན་ཞིང་། ཕ་ཡུལ་དུ་སྡོད་དུས་ནས་ཕན་ཚུན་ངོ་ཤེས་ཀྱི་ཡོད། སྐབས་དེ་དུས་ཝུན་གོ་ཏུང་ནི་རྫོང་ཨུད་ཧྲུའུ་ཅིའི་དྲུང་ཡིག་ཡིན་པ་དང་། མ་ཧྲའོ་ཝེ་ཚོང་རྒྱག་གི་ཡོད། མ་ཧྲའོ་ཝེ་ཡིས་ཝུན་གོ་ཏུན་ལ་གོ་གནས་འཕར་བའི་གོ་སྐབས་ཆེན་པོ་ཡོད་སྙམ་ནས་རང་འགུལ་ངང་ཝུན་གོ་ཏུན་དང་འབྲེལ་བ་བཙུགས། 

       དེ་རྗེས་ཝུན་གོ་ཏུང་གིས་སྔ་རྗེས་སུ་མཚོ་ནུབ་ཁུལ་ཨུད་ཀྱི་སྒྲིག་འཛུགས་པུའུ་ཀྲང་དང་ཡུལ་ཤུལ་ཁུལ་ཨུད་ཀྱི་ཧྲུའུ་ཅི་སོགས་ཀྱི་འགན་འཁུར་འགོ་བརྩམས་པ་དང་། མ་ཧྲའོ་ཝེ་ཡིས་དུས་ངེས་མེད་དུ་ཝུན་གོ་ཏུང་གིས་ལས་གནས་འཁུར་ཡུལ་དུ་བཟའ་འཐུང་སྤྲོ་འཛོམས་བྱ་རྒྱུ་བཀོད་སྒྲིག་དང་། ལོ་གསར་དང་དུས་ཆེན་སྐབས་ཤོག་ཆག་དང་ལག་རྟགས་ཀྱང་སྤྲད་ཡོད། ཝུན་གོ་ཏུང་གིས་ཀྱང་ཕ་ཡུལ་གཅིག་པའི་མི་དེ་རང་གི་གྲོགས་པོ་བློས་ཐུབ་ལ་བརྩི་གི་ཡོད། 

       ཝུན་གོ་ཏུང་གིས། ལོ་ངོ་30ཡི་རིང་ང་གཉིས་ནི་གྲོགས་པོ་ལས་ལྷག་པའི་ལུས་དང་གྲིབ་མ་བཞིན་བརྩེ་བ་ཟབ་མོ་ཆགས་ཡོད་ཅེས་བཤད། 

       སྤྱི་ལོ་2015ལོའི་ཟླ་7པར། ཝུན་གོ་ཏུང་མཚོ་ནུབ་ཁུལ་ཨུད་ཀྱི་ཧྲུའུ་ཅིར་བསྐོ་གཞག་བྱས། སྐབས་དེ་དུས་ཤིང་ཆིན་ཀུང་སིས་མཐའ་མཚམས་བཅོས་སྒྲིག་ལ་ཁ་གཡར་ནས་ཁྲིམས་འགལ་ངང་རྡོ་སོལ་སྔོག་འདོན་བྱེད་འགོ་ཚུགས་པ་དང་། མ་ཧྲའོ་ཝེ་ཡི་བསམ་པར་ལོ་མང་རིང་གཉེར་སྐྱོང་བྱས་པའི་འབྲེལ་བ་དེ་སྤྱོད་གོ་ཆེན་པོ་ཆོད་སོང་སྙམ་པ་རེད། དེའི་གོང་མ་ཧྲའོ་ཝེ་ཡིས་ཝུན་གོ་ཏུང་ལ་ལོ་གསར་ལ་ཕུལ་བའི་ཤོག་ཆག་དེ་ཙམ་ཆེན་པོ་མེད། འོན་ཀྱང་ཝུན་གོ་ཏུང་གིས་མཚོ་ནུབ་ཁུལ་ཨུད་ཀྱི་ཧྲུའུ་ཅིའི་འགན་འཁུར་བའི་དཔྱིད་གསར་དུས་ཆེན་དང་པོ་དེར་མ་ཧྲའོ་ཝེ་ཡིས་ཤོག་ཆག་སྒོར་ཁྲི་20བརྒྱབ་ཡོད། 

 

 

 

       གསེར་ནག་གི་ཁ་ཕྱེས་ནས་ཆད་རྒྱུ་མེད་པ་དང་། གྱོད་གཞི་ཐོན་སྐབས་ཝུན་གོ་ཏུང་གིས་རིམ་རྩིས་བྱས་ན་མ་ཧྲའོ་ཝེ་ཡི་ལག་ནས་ལྐོག་རྔན་སྒོར་ཁྲི་ཆིག་སྟོང་ལྷག་བླངས་ཡོད། མཚོ་ནུབ་ཁུལ་གྱི་འབྲེལ་ཡོད་འགོ་ཁྲིད་ལས་བྱེད་པ་མང་པོ་ཞིག་གིས་ཤིང་ཆིན་ཀུང་སིས་ཁྲིམས་འགལ་ངང་རྡོ་སོལ་སྔོག་འདོན་བྱེད་ཚད་ཇེ་སྡུག་ཏུ་སོང་བ་ཤེས་བཞིན་དུ་མ་ཧྲའོ་ཝེ་དང་ཝུན་གོ་ཏུང་བར་འབྲེལ་བ་ཟབ་མོ་ཡོད་པ་ཤེས་རྗེས། གནད་དོན་དེ་དང་འཕྲད་སྐབས་གཡོལ་ནས་འགྲོ་གི་ཡོད། 

       འགོ་ཁྲིད་གསར་པས་ཁྲིམས་འགལ་ངང་སྔོག་འདོན་བྱེད་མཚམས་འཇོག་དགོས་ཟེར་རུང་། ཝུན་གོ་ཏུང་གིས་འགོག་རྐྱེན་སེལ་རོགས་བྱེད་ཀྱི་ཡོད། 

       སྤྱི་ལོ་2017ལོར། མུའུ་ལི་སོལ་ཞིང་དོ་དམ་ཅུད་ལ་གསར་དུ་སླེབས་པའི་ཅུད་ཀྲང་ལི་ཡུང་ཕིང་གིས་ཤིང་ཆིན་ཀུང་སིའི་རྒྱབ་ལྗོངས་ཤེས་ཀྱི་མེད་པས། སྐབས་ཤིག་རིང་ཁྲིམས་འགལ་ངང་སྔོག་འདོན་བྱེད་མཚམས་འཇོག་དགོས་ཞེས་བཤད་མྱོང་། ཝུན་གོ་ཏུང་གིས་རང་འགུལ་ངང་གསོལ་ཚིགས་བཤམས་ནས་མ་ཧྲའོ་ཝེ་ཡི་ཕྱོགས་ལ་ལངས་ནས་ཁོ་པའི་འགོག་རྐྱེན་སེལ་རོགས་བྱས་ཡོད།

       ཝུན་གོ་ཏུང་གི་ཐེ་ཇུས་འོག ཤིང་ཆིན་ཀུང་སིས་སླར་ཡང་ཁྲིམས་འགལ་ངང་སྔོག་འདོན་བྱེད་འགོ་ཚུགས། དེའི་གོང་སྔོག་འདོན་བྱེད་མཚམས་འཇོག་དགོས་པའི་མུའུ་ལི་རྡོ་སོལ་ཞིང་ནང་དོ་དམ་ཅུད་ཀྱི་དེ་སྔའི་ཅུད་ཀྲང་ལི་ཡུང་ཕིང་གིས་ཀྱང་བསམ་ཚུལ་ལ་འགྱུར་བ་བཏང་ནས་མ་ཧྲའོ་ཝེ་ཡི་ལྐོག་རྔན་བླངས་པ་དང་། དོ་དམ་ཅུད་ཀྱི་དེ་སྔའི་ཅུད་ཀྲང་གཞོན་པ་མ་ཧྲེང་ཆོན་དང་ཚྭ་འདམ་གཤོངས་སའི་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟའི་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ལེའང་ཡན་གོ་སོགས་མི་10ལྷག་གིས་ཀྱང་ལྐོག་རྔན་བླངས་པ་ཤེས་རྟོགས་ཐུབ་ནས། ཁེ་ཕན་ཐུན་མོང་མ་ལག་ཅིག་ཏུ་གྱུར་པ་དང་ཚང་མས་ཁྲིམས་འགལ་ངང་རྡོ་སོལ་སྔོག་འདོན་བྱ་རྒྱུར་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་རེད། 

       ཝུན་གོ་ཏུང་གིས་པར་ཆས་མདུན་དུ་འགྱོད་བཤགས་བྱས་ཏེ། ངས་ཆག་སྒོ་བསླངས་སོང་ཞེས་བཤད།

       སྤྱི་ལོ་2007ལོ་ནས་བཟུང་། གཏེར་ཁ་སྔོག་འདོན་གྱི་ཆོག་འཐུས་ལག་ཁྱེར་མེད་པའི་ཤིན་ཆིང་ཀུང་སིས་ཁྲིམས་འགལ་ངང་རྡོ་སོལ་སྔོག་འདོན་བྱེད་ཚད་ཏུན་ཁྲི་1195ཟིན་ཡོད། སྤྱི་ལོ་2020ལོའི་ཟླ་8པར་གནས་ཚུལ་ཐོན་རྗེས་ཝུན་གོ་ཏུང་ཐེངས་དང་པོར་ཁྲིམས་འགལ་ངང་རྡོ་སོལ་སྔོག་འདོན་བྱེད་པའི་ས་ཡུལ་དངོས་སུ་སླེབས་ནས། རང་ཉིད་ཀྱི་བྱ་སྤྱོད་ཀྱིས་འབྱུང་ཁམས་ཁོར་ཡུག་ལ་བཟོས་པའི་གནོད་འཚེ་ཐེངས་དང་པོར་དངོས་སུ་མཐོང་ཡོད། 

       ཝུན་གོ་ཏུང་གིས། ཉེ་འཁོར་གྱི་རྩྭ་ཐང་སྔོ་ཐིང་ངེར་གནས་པ་དང་། ཐག་རིང་ནི་སྔར་བཞིན་དགུང་སྔོན་སྤྲིན་དཀར་ཡིན་པ། འོག་ཏུ་གློ་བུར་དུ་ནག་ཐིང་ཐིང་གི་ས་དོང་ཆེན་པོ་འདུག དེ་དུས་གནམ་རྡིབ་པ་དང་ཆག་སྒོ་ཆེན་པོ་བཟོས་པའི་མྱོང་བ་ཟབ་མོ་བྱུང་ཞེས་བཤད། 

 

 

 

       ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཝུན་གོ་ཏུང་འཛིན་བཟུང་བྱ་རྒྱུའི་གཏན་འབེབས་བྱས། 

       འགྱོད་བཤགས་ག་ཚོད་བྱས་ཀྱང་ཁོར་ཡུག་ལ་གནོད་འཚེ་བཟོས་པའི་མཇུག་འབྲས་ངན་པ་གསབ་ཐབས་མེད། ཉིན་ཤས་གོང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ལྐོག་རྔན་བླངས་པའི་ཉེས་གསོག་དོགས་གཞི་ཡོད་པའི་ཐོག་ནས་ཝུན་གོ་ཏུང་འཛིན་བཟུང་བྱ་རྒྱུའི་གཏན་འབེབས་བྱས་ཡོད། འབྲེལ་ཡོད་འགོ་ཁྲིད་ལས་བྱེད་པ་མང་པོ་ཞིག་གིས་ཞིབ་བཤེར་བརྟག་དཔྱད་བྱེད་བཞིན་ཡོད་པ་དང་། ཤིང་ཆིན་ཀུང་སིའི་དངོས་ཡོད་ཚོད་འཛིན་པ་མ་ཧྲའོ་ཝེ་ཡང་སྤྱི་བདེ་ལས་ཁུངས་ཀྱིས་བཙན་ཤེད་ཀྱི་བྱ་ཐབས་སྤྱད་ཡོད། 

       མཚོ་སྔོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་མུའུ་ལི་གཏེར་ཁུལ་དང་དེ་བཞིན་མདོ་ལ་རི་བོའི་ལྷོ་རྒྱུད་ཀྱི་མཚོ་སྔོན་ཡུག་སྦྲེལ་ཁུལ་གྱི་འབྱུང་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ལོ་གསུམ་གྱི་བྱ་སྤྱོད་ཇུས་གཞི་ཞེས་པ་བཏོན་ཡོད། མུའུ་ལི་གཏེར་ཁུལ་གྱི་བཟོ་གཏེར་ཁེ་ལས་ཁྱོན་ཡོངས་ནས་སྒོ་རྒྱག་པ་དང་མུའུ་ལི་སོལ་ཞིང་དོ་དམ་ཅུད་མེད་པ་བཟོས་ནས་མུའུ་ལི་སོལ་ཞིང་འབྱུང་ཁམས་སྲུང་སྐྱོང་ཅུད་བཙུགས་ཏེ་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་སྐུལ་དོ་དམ་གྱི་ཆེད་དོན་འགན་འཁྲི་ཁྱོན་ཡོངས་ནས་ལག་ལེན་བསྟར་བཞིན་ཡོད།

 

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཞུ་དག ཟླ་བ་ཚེ་རིང་། 

ཡིག་སྒྱུར། མཚམས་གཅོད།

中央广播电视总台 央广网 版权所有

ཁྲིམས་འགལ་བྱས་ཉེས་བསཊ་པ་ཡི། འགྱོད་བཤཊ་མིག་ཆུ་དབང་མེད་ཤོར།

ལེའུ་བཞི་ཡོད་པའི་བརྙན་འཕྲིན་ཆེད་དོན་པར་གཞི་སྤྱོད་ཚུལ་བཟང་པོར་བརྟེན་ནས་རུལ་སུངས་ལ་ངོ་རྒོལ་བྱེད་ཅེས་པ་དེ་སྤྱི་ཚེས་21ཉིན་ག