ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

ཡང་སྐད་འཕྲིན་གྱི་པར་གཞི་གསར་པ་ཞིག་ཐོན་འདུག

2021-01-23 16:25:00     责编:桑吉卓玛

       ཐེང་ཞུན་སྐད་འཕྲིན་ཚོགས་པས་སྐད་འཕྲིན་གྱི་པར་གཞི་8.0ཁྱབ་བསྒྲགས་བྱས་ཡོད་པ་དང་། སྐད་འཕྲིན་གྱི་ཉམས་འགྱུར་དག་ཀྱང་འགུལ་རིས་ཀྱི་རྣམ་པར་གསར་སྒྱུར་བྱས་འདུག

       སྐད་འཕྲིན་ནས་གླེང་མོལ་བྱེད་སྐབས་ཉམས་འགྱུར་གང་ཕར་སྐུར་བའམ་ཡང་ན་ཚུར་འབྱོར་ཚེ་འགུལ་རིས་ཀྱི་རྣམ་པའི་སྒོ་ནས་གཏོང་ཐུབ་ཀྱི་འདུག

 

དཔེར་ན།

གྲོགས་པོ་ཕན་ཚུན་བར་འབར་མདེལ་གཡུག་ཆོག་པ་དང་།

འཆར་ཤེལ་དུ་ཤོག་སྦག་ཀྱང་རྒྱག་ཆོག་སྟེ།

རྟེན་འབྲེལ་གྱི་ཤོག་སྦག་གཏོང་བ་དང་།

སེར་མདོག་གི་གདོང་དེ་དག་ཀྱང་འགུལ་ཐུབ་ཀྱི་འདུག

དྲ་གྲོགས་ཚོས་གཅིག་རྗེས་གཉིས་མཐུད་ངང་དེའི་ཐད་དཔྱད་གཏམ་སྤེལ་ཡོད་པ་སྟེ།

འགའ་ཤས་ཀྱིས་པར་གཞི་གསར་སྒྱུར་གྱི་བརྡ་ད་དུང་འབྱོར་མ་བྱུང་ཞེས་བརྗོད་པ་དང་།

 

ལ་ལས་རྩེད་བཞིན་པའི་སྒང་ཡིན་ཞེས་བརྗོད་པ།

རེ་འགས་ད་དུང་མི་དྲན་དགུ་དྲན་གྱིས་ཁ་མཚར་འདྲ་མིན་བརྗོད་ཀྱིན་ཡོད།

མགྱོགས་པོ་སོང་ནས་གཟིགས་དང་།

ཁྱེད་རང་གི་སྐད་འཕྲིན་གྱི་ཉམས་འགྱུར་དེ་དག་འགུལ་ཤེས་ཀྱི་འདུག་གམ།

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། 

ཞུ་དག ཟླ་བ་གཡུ་སྒྲོན།

ཡིག་སྒྱུར། བྱམས་མཚོ།

 

中央广播电视总台 央广网 版权所有

ཡང་སྐད་འཕྲིན་གྱི་པར་གཞི་གསར་པ་ཞིག་ཐོན་འདུག

ཐེང་ཞུན་སྐད་འཕྲིན་ཚོགས་པས་སྐད་འཕྲིན་གྱི་པར་གཞི་8.0ཁྱབ་བསྒྲགས་བྱས་ཡོད་པ་དང་། སྐད་འཕྲིན་གྱི་ཉམས་འགྱུར་དག་ཀྱང་འགུལ་རིས