ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

ཆུ་ཚོད་ཕྱེད་ཀའི་ནང་ཚ་ལུ་མ་རྒྱ་མ60བཟས་རྗེས། ༼བརྙན༽

2021-01-23 09:33:00     责编:桑吉卓玛

༼འུ་ཐུག་གི་བཞུད་ལམ༽ཞེས་པའི་གློག་བརྙན་དེ་

མི་མང་ཆེ་བས་བལྟ་མྱོང་ཡོད་ཤག་རེད།

དེའི་ནང་ཝང་པའོ་ཆང་གིས་འོ་མ་སྟོབས་ཀྱིས་འཐུངས་པའི་དུམ་ཚན་དེས་

མི་མང་པོའི་སེམས་ལ་བག་ཆགས་ཟབ་མོ་བཞག་ཡོད་ངེས།

ཏག་ཏག་མི་རིང་བའི་ཡར་སྔོན་དུ།

ཡུན་ནན་ཁུན་མིང་ཁྲང་ཧྲུའེ་གནམ་ཐང་དུའང་

ཅི་བྱ་གཏོལ་མེད་ཀྱི་སྣང་ཚུལ་དེ་འདྲ་ཞིག་བྱུང་འདུག

……

 

 

 

 

       སྐུ་ཞབས་ཝང་དང་ལས་གྲོགས་གསུམ་པོ་གཞུང་དོན་དུ་ཕྱི་ལ་བསྐྱོད་ཅིང་ཕྱིར་ལོག་སྐབས་སྒོར་ལྔ་བཅུས་ཚ་ལུ་མ་སྒམ་གང་ཉོས་ཡོང་། སྤྱི་ཟླ1པོའི་ཚེས14ཉིན། ཁུན་མིང་ཁྲང་ཧྲུའེ་གནམ་ཐང་དུ་ཅ་དངོས་སྐུར་བའི་འགྲོ་ལུགས་སྒྲུབ་སྐབས། འབྲེལ་ཡོད་མི་སྣས་སྤྱི་རྒྱ་གང་ལ་སྒོར10ཡི་སྐུར་གླ་སྤྲོད་དགོས་ཞེས་བཤད། 

མཛུབ་མོ་ནང་ལ་བཀུག་ནས་རྩིས་ཤིག་བརྒྱབ་པ་ན། 

ཚ་ལུ་མ་སྒམ་གཅིག་པོར་སྤྱི་རྒྱ30ཡོད་པས་སྒོར300མ་རེད་དམ།

 སྐུར་གླ་སྒོར 300སྤྲད་ཚེ་ཁྱིམ་དུ་ལོག་ནས་གསལ་བཤད་ཇི་ལྟར་བྱེད།

       སྐུ་ཞབས་ཝང་དང་ལས་གྲོགས་ཚོས་གྲོས་བསྡུར་བྱས་རྗེས། ཁེ་མེད་པར་གྱོང་ཕོག་པ་འདུག་སྙམ་པས། དེ་ལྟར་ཚ་ལུ་མ་དེ་དག་གནམ་ཐང་དུ་ཟ་རྒྱུའི་གྲོས་ཐག་བཅད།

       སྐུ་ཞབས་ཝང་ན་རེ། སྐབས་དེར་གནམ་ཐང་དུ་མི་བཞི་པོས་ཆུ་ཚོད་ཕྱེད་ཀའི་ནང་ཚ་ལུ་མ་རྒྱ་མ60བཟས་པ་ཡིན། ཕྱིར་ལོག་རྗེས་ཉིན་གསུམ་པར་མི་བཞི་པོ་ཚང་མའི་ལུས་ཀྱི་ཚ་དྲོད་རྒྱས་ཏེ། ཁའི་ཟུར་དུ་ཐོན་པའི་ཆུ་བུར་ལ་རེག་པ་ཙམ་གྱིས་ན་ཟུག་སྐྱེ་ཡི་འདུག  ཕྱིས་སུ་ཚ་ལུ་མ་རྩ་བ་ནས་ཟ་འདོད་མ་འདུག་ཅེས་ཟེར། 

       ཤེས་གསལ་ལྟར་ན། ཚ་ལུ་མའི་ནང་དུ་མངར་ཆ་མང་པོ་འདུས་ཡོད་པས།  ཚ་ལུ་མ་བཟས་རྗེས་མི་མང་པོར་ཁ་ལྕེ་སྐམ་པ་དང་སྣ་ཁྲག་བཞུར་བ། བཙོག་པ་འགག་པ་སོགས་ཚ་དྲོད་རྒྱས་པའི་སྣང་ཚུལ་རབ་དང་རིམ་པ་འབྱུང་སྲིད། དོན་དངོས་སུ་འདི་ནི་ཚ་ལུ་མ་ཟ་རྒྱུ་མང་དྲགས་ཏེ་ཟས་བཅུད་མང་པོ་དུས་ལྟར་ཚིལ་དུ་འགྱུར་མ་ཐུབ་པ་ན། ཁོག་ནང་གི་ཚ་དྲོད་དེ་ལུས་ཕུངས་ཀྱི་དགོས་མཁོ་ལས་བརྒལ་བས་ལུས་ཁམས་ཀྱི་བྱེད་ནུས་འཁྲུགས་པ་ཡིན་འདུག 

དེར་བརྟེན། སྨན་པས་ཀྱང་མི་ཚང་མར་ཉིན་གཅིག་ལ་ཚ་ལུ་མ་མང་པོ་ཟ་མི་རུང་བའི་དྲན་སྐུལ་གནང་འདུག 

 

སྐུ་ཞབས་ཝང་ལ་སོགས་པའི་མི་འདི་དག་གི།

དངོས་ཡོད་འཚོ་བའི་ཁྲོད་ཀྱི༼འུ་ཐུག་གི་བཞུད་ལམ༽མཐོང་བ་ན།

དྲ་གྲོགས་མང་པོས་ཧ་ལས་པའི་རྣམ་འགྱུར་བསྟན།

ད་དུང་ཧ་ཧ་ཞེས་གད་མོ་དགོད་པའང་ཡོད།

 

གལ་ཏེ་ཁྱེད་རང་ལ།

གནས་ཚུལ་འདི་ལྟར་འཕྲད་ན།

ཇི་ལྟར་བྱ་ངེས།

 

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཞུ་དག སྐལ་བཟང་བདེ་སྐྱིད།

ཡིག་སྒྱུར། ཚེ་རྡོར། 

 

中央广播电视总台 央广网 版权所有

ཆུ་ཚོད་ཕྱེད་ཀའི་ནང་ཚ་ལུ་མ་རྒྱ་མ60བཟས་རྗེས། ༼བརྙན༽

སྐུ་ཞབས་ཝང་དང་ལས་གྲོགས་གསུམ་པོ་གཞུང་དོན་དུ་ཕྱི་ལ་བསྐྱོད་ཅིང་ཕྱིར་ལོག་སྐབས་སྒོར་ལྔ་བཅུས་ཚ་ལུ་མ་སྒམ་གང་ཉོས་ཡོང་། སྤྱི་ཟླ1