ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

ཞི་ཅིན་ཕིང་ནས་འཇར་མན་དང་ཡོ་རོབ་མནའ་འབྲེལ་འགོ་ཁྲིད་དང་མཇལ་མོལ་གནང་།

2020-09-15 11:41:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་14ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཡོ་རོབ་མནའ་འབྲེལ་གྱི་རེས་འཁོར་ཀྲུའུ་ཞིའི་རྒྱལ་ཁབ་འཇར་མན་གྱི་ཙུང་ལི་མོ་ཁེར་དང་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མི་ཞེ་འར། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥོང་དེ་ལའེ་ཨེན་བཅས་དང་བརྙན་མཐོང་རྣམ་པའི་ཐོག་ནས་གྲོས་མོལ་གནང་ཡོད། ཀྲུང་གོ་དང་འཇར་མན་དང་ཡོ་རོབ་མནའ་འབྲེལ་གྱི་འགོ་ཁྲིད་མི་སྣས་ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བའི་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་ནས་གོམ་སྟབས་རྗེས་མའི་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བར་ཁ་ཕྱོགས་འཆར་འགོད་གནང་བ་དང་། གཙོ་གནད་ཁྱབ་ཁོངས་གཏན་འཁེལ་གནང་བ། མཐུན་སྦྱོར་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་སླད་ཕྱིན་གྱི་ཀྲུང་གོ་དང་ཡོ་རོབ་བར་གྱི་ཆབ་སྲིད་གྲོས་རིམ་རབ་དང་རིམ་པ་ལེགས་གྲུབ་ཡོང་རྒྱུར་འགན་སྲུང་བྱེད་པ་དང་། ཕན་ཚུན་བར་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་ཡོང་བ་བྱེད་པ། ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་རྩོད་ལ་མཉམ་དུ་ཁ་གཏད་གཅོག་པ་བཅས་བྱས་ནས་ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་ཆུ་ཚད་དེ་བས་མཐོ་བར་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུའི་མོས་མཐུན་གནང་ཡོད་པ་རེད། ཀྲུང་གོ་དང་ཡོ་རོབ་གཉིས་པོས་ཀྲུང་གོ་དང་ཡོ་རོབ་ཀྱི་ས་ཁམས་མཚོན་རྟགས་ཆོད་ཡིག་ཅེས་པར་མིང་རྟགས་བཀོད་ནས་ཡོངས་བསྒྲགས་བྱས་པ་དང་། ཀྲུང་གོ་དང་ཡོ་རོབ་ཀྱི་མ་འཇོག་གྲོས་ཆོད་ཀྱི་དབྱེ་འབྱེད་གྲོས་མོལ་བྱེད་མགྱོགས་སུ་བཏང་ནས་ལོའི་འདིའི་ནང་ཚུན་དུ་གྲོས་བསྡུར་བྱ་རྒྱུ་གཏན་འཁེལ་བྱས་ཡོད། ཀྲུང་གོ་དང་ཡོ་རོབ་ཀྱིས་ཁོར་ཡུག་དང་གནམ་གཤིས་ཐད་ཀྱི་མཐོ་རིམ་གླེང་མོལ་དང་གྲངས་གཞིའི་ཁྱབ་ཁོངས་ཐད་ཀྱི་མཐོ་རིམ་གླེང་མོལ་སྒྲིག་གཞི་བཙུགས་ནས་ཀྲུང་གོ་དང་ཡོ་རོབ་ཀྱི་སྦགས་མེད་མཉམ་ལས་རོགས་ཟླ་དང་གྲངས་གཞིའི་མཉམ་ལས་རོགས་ཟླའི་འབྲེལ་བ་གཏོད་རྒྱུའི་ཐག་བཅད་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས། མིག་སྔར། ཏོག་གསར་གློ་ཚད་རིམས་ནད་གོ་ལ་ཧྲིལ་པོར་འགོས་ཁྱབ་བྱུང་བ་དེས་ལོ་བརྒྱར་བྱུང་མ་མྱོང་འགྱུར་ལྡོག་འདི་དེ་བས་མགྱོགས་སུ་བཏང་ཡོད། མིའི་རིགས་ལ་ཐུན་མོང་གི་འགྲན་རྩོད་མང་པོ་འཕྲད་ཅིང་། ལོ་རྒྱུས་ཀྱི་ལམ་བཞི་མདོ་ཁ་གསར་པར་སླེབས་ཡོད། ཀྲུང་གོ་དང་ཡོ་རོབ་གཉིས་འཛམ་གླིང་གི་སྟོབས་ཤུགས་ཆེན་པོ་གཉིས་དང་། ཁྲོམ་ར་ཆེན་པོ་གཉིས། ཤེས་དཔལ་ཆེན་པོ་གཉིས་བཅས་ཡིན་པའི་ངོས་ནས་དེ་ལྟ་བུའི་གནས་བབ་མདུན་དུ་ཕན་ཚུན་རྒྱབ་སྐྱོར་དང་མཐུན་སྒྲིལ་མཉམ་ལས་བྱེད་པའི་ཁ་ཕྱོགས་ཆེན་པོར་དེ་བས་དམ་འཛིན་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོ་དང་ཡོ་རོབ་ཀྱི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་བརྟན་པོ་དང་སྐྱོན་བྲལ་ངང་གོང་འཕེལ་ཡོང་རྒྱུར་དེ་བས་སྐུལ་འདེད་བཏང་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རིམས་ནད་འགོག་བཅོས་བྱེད་པ་དང་། དཔལ་འབྱོར་སླར་གསོ་བྱེད་པ། གཞུང་དྲང་སྲུང་སྐྱོབ་བྱེད་པ་བཅས་ལ་དྲང་ནུས་དེ་བས་མང་བ་བསྣན་དགོས་ཞེས་གསུངས་ཡོད།

ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཡོ་རོབ་གཉིས་པོས་རྒྱུན་འཁྱོངས་བཞི་བྱེད་དགོས་པ་སྟེ། དང་པོ། ཞི་བདེ་མཉམ་གནས་རྒྱུན་འཁྱོངས་བྱེད་དགོས། འཛམ་གླིང་ཐོག་རྦད་དེ་གཅིག་མཚུངས་ཡིན་པའི་ཆབ་སྲིད་ལམ་ལུགས་ཀྱི་མ་དཔེ་ཞིག་མེད་པ་དང་། ཤེས་དཔལ་དང་རིག་གནས་སྣ་མང་མཉམ་གནས་ཐུབ་པ་དེ་ནི་རྒྱུན་རྣམ་ཡིན། ཀྲུང་གོ་དང་ཡོ་རོབ་གཉིས་པོའི་ཞི་བདེ་མཉམ་གནས་བྱེད་པའི་ཆོད་སེམས་བརྟན་དུ་སོང་ན། འཛམ་གླིང་གི་ཞི་བདེ་དང་དར་རྒྱས་ལ་སྲུང་སྐྱོབ་སྔར་བས་ཡག་པ་བྱེད་ཐུབ། གཉིས་པ། སྒོ་དབྱེ་མཉམ་ལས་རྒྱུན་འཁྱོངས་བྱེད་དགོས། ཀྲུང་གོས་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོས་བྱེད་པོ་བྱེད་པ་དང་རྒྱལ་ཁབ་ཕྱི་ནང་གི་འཁོར་རྒྱུག་གཉིས་ཕན་ཚུན་སྐུལ་འདེད་ཐུབ་པའི་གོང་འཕེལ་གྱི་གནས་སྟངས་གསར་པ་ཞིག་གཏོད་རྒྱུར་འབད་བརྩོན་བྱེད་བཞིན་ཡོད། ཀྲུང་གོས་ནང་མཁོའི་མི་མངོན་པའི་སྟོབས་ཤུགས་རྒྱུན་མཐུད་སྔོག་འདོན་བྱས་པ་བརྒྱུད་ཀྲུང་གོ་དང་ཡོ་རོབ་ཀྱི་ཁྲོམ་ར་ཆེན་པོ་གཉིས་དང་ཕྱོགས་གཉིས་ཐོན་ཁུངས་འབྲེལ་མཐུད་ཡག་པོ་ཐུབ་པ་དང་། ཕན་འབྲས་ཆེན་པོ་ཐོན་རྒྱུ་མངོན་འགྱུར་བྱེད་པ་དང་། ཀྲུང་གོ་དང་ཡོ་རོབ་ཀྱི་ཐུན་མོང་གོང་འཕེལ་དེ་བས་ཤུགས་དྲག་ཆེ་ཞིང་དེ་བས་རྒྱུན་མཐུད་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད། གསུམ་པ། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་དགོས། ཀྲུང་གོས་ཡོ་རོབ་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་པོ་དང་ས་ཁུལ། གོ་ལ་ཧྲིལ་པོ་བཅས་ཀྱི་བང་རིམ་དུ་གླེང་མོལ་དང་རོགས་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། མཉམ་གྲོས་མཉམ་འཛུགས་མཉམ་སྤྱོད་བཅས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྒྲིག་ལྟ་བ་རྒྱུན་འཁྱོངས་བྱས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལྟེ་བ་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་དང་རྒྱལ་སྤྱིའི་མ་ལག་ལ་སྲུང་སྐྱོང་བྱེད་པ་དང་། ཆབ་སྲིད་ཐོག་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་གཙོ་གནད་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་འདོད་ཡོད། བཞི་པ། གླེང་མོལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ། ཀྲུང་གོ་དང་ཡོ་རོབ་ཀྱིས་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བའི་མཉམ་ལས་གོང་འཕེལ་གྱི་གཙོ་རྒྱུན་དམ་འཛིན་གྱིས་གླེང་མོལ་བྱས་ནས་གོ་ནོར་སེལ་བ་དང་། གོང་འཕེལ་ལ་བརྟེན་ནས་དཀའ་གནད་སེལ་བ། འགལ་ཟླ་ཐག་གཅོད་འོས་འཚམ་བཅས་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཡོ་རོབ་ནི་ཕྱོགས་གཉིས་ཀའི་ཉོ་ཚོང་དང་མ་འཇོག་གི་རོགས་པ་གལ་ཆེན་རེད། ཕྱོགས་གཉིས་པོས་སྤྱི་ཁོག་སྲིད་ཇུས་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། བྱ་ཐབས་དེ་བས་མང་བ་བཟུང་ནས། མཉམ་ལས་ཀྱི་གོ་སྐབས་དེ་བས་མང་བ་འདོན་དགོས། དེ་རིང་ཕྱོགས་གཉིས་པོས་ཀྲུང་གོ་དང་ཡོ་རོབ་ཀྱི་ས་ཁམས་མཚོན་རྟགས་ཆོད་ཡིག་ལ་མིང་རྟགས་བཀོད་ཡོད། ཕྱོགས་གཉིས་པོས་དགེ་མཚན་ལྡན་པ་དང་དངོས་གཉེར་གྱི་རྣམ་འགྱུར་བཟུང་བ་བརྒྱུད། ཀྲུང་གོ་དང་ཡོ་རོབ་ཀྱི་མ་འཇོག་གྲོས་མཐུན་གྱི་དབྱེ་འབྱེད་གྲོས་མོལ་བྱེད་མགྱོགས་སུ་གཏོང་བ་དང་། ལོ་འདིའི་ནང་དབྱེ་འབྱེད་བྱ་རྒྱུའི་དམིགས་འབེན་མངོན་འགྱུར་ཡོང་བ་བྱེད་པ། མཉམ་ལས་ཀྱི་སྤུས་ཚད་ལེགས་སུ་གཏོང་བ། རིམས་ནད་རྗེས་ཀྱི་འཛམ་གླིང་དཔལ་འབྱོར་བསྐྱར་གསོ་བྱ་རྒྱུར་རོགས་འདེགས་བྱེད་པ། སྒོ་དབྱེའི་ཉོ་ཚོང་དང་མ་འཇོག་ཁོར་ཡུག་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས། ཀྲུང་གོའི་ཁྲོམ་རས་ཡོ་རོབ་ལ་སྒོ་དབྱེ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། སྤུས་ཀ་ལེགས་པའི་ཡོ་རོབ་མནའ་འབྲེལ་གྱི་ཞིང་ལས་ཐོན་རྫས་དེ་བས་མང་བ་ཀྲུང་གོར་སླེབས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོ་དང་ཡོ་རོབ་ཀྱི་སྦགས་མེད་མཉམ་ལས་རོགས་པའི་འབྲེལ་བ་འཛུགས་དགོས་པ་དང་། འཛམ་གླིང་ཧྲིལ་པོའི་གནམ་གཤིས་འགྱུར་བར་ཁ་གཏད་གཅོག་པ་དང་འཛམ་གླིང་ཧྲིལ་པོའི་སྐྱེ་དངོས་སྣ་མང་ཅན་གྱི་ཕྱོགས་མང་འཕེལ་རིམ་ནང་དགེ་མཚན་ལྡན་པའི་ངང་ཞུགས་པ། སང་ལོ་གཉེར་རྒྱུའི་མཉམ་འབྲེལ་རྒྱལ་ཚོགས་གནམ་གཤིས་འགྱུར་བའི་གྷེ་ལ་སི་ཀེ་ཚོགས་ཆེན་དང་སྐྱེ་དངོས་སྣ་མང་རང་བཞིན་སྤྱི་ཆིངས་ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཁུན་མིང་གྲོས་ཚོགས་ཐེངས་བཅོ་ལྔ་པར་གྲུབ་འབྲས་ཡག་པོ་ཞིག་ཐོབ་རྒྱུར་ཕན་ཚུན་རྒྱབ་སྐྱོར་བྱེད་པ་དང་། འཛམ་གླིང་ཧྲིལ་པོའི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་དགོས། ཀྲུང་གོ་དང་ཡོ་རོབ་ཀྱི་གྲངས་གཞིའི་མཉམ་ལས་རོགས་པའི་འབྲེལ་བ་འཛུགས་དགོས།

ཀྲུང་གོའི་ཕྱོགས་ཀྱིས་འཛམ་གླིང་ཧྲིལ་པོའི་གྲངས་གཞིའི་བདེ་འཇགས་ཀྱི་གྲོས་འགོ་བཏོན་ཡོད་པས། ཡོ་རོབ་ཕྱོགས་ཀྱིས་ཀྲུང་གོ་དང་ལྷན་དུ། འཛམ་གླིང་ཧྲིལ་པོའི་གྲངས་གཞིའི་ཁྱབ་ཁོངས་ཀྱི་ཚད་གཞི་དང་སྒྲིག་སྲོལ་ལ་སྐུལ་འདེད་གཏོང་བ་དང་། འཛམ་གླིང་ཧྲིལ་པོའི་གྲངས་གཞིའི་དཔལ་འབྱོར་བཅོས་སྐྱོང་དེ་སྐྱོན་བྲལ་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་བ། ཕྱོགས་གཉིས་པོའི་ལུགས་མཐུན་དོ་ཁུར་གྱི་གནད་དོན་ཐག་གཅོད་འོས་འཚམ་བཅས་བྱ་རྒྱུའི་རེ་བ་ཡོད་ཅིང་། ཉེ་བའི་ཚུན་གྱི་ཡོ་རོབ་ཕྱོགས་ཀྱིས་5Gདང་། ཕྱི་དངུལ་ཞིབ་བཤེར། སྲིད་གཞུང་གི་ཉོ་སྒྲུབ། འགྲན་རྩོད་སྲིད་ཇུས་སོགས་ཐད་ཀྱི་བྱེད་སྤྱོད་ལ་ཀྲུང་གོས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་ཅིང་། ཡོ་རོབ་ཕྱོགས་ཀྱིས་ཉོ་ཚོང་དང་མ་འཇོག་ཁྲོམ་ར་སྒོ་འབྱེད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། སྒོ་དབྱེ་དང་། དྲང་གཞག དྲང་བདེན། མཐོང་ཆུང་མེད་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་གཏོད་ནས། ཀྲུང་གོའི་ཁེ་ལས་ཀྱི་ལུགས་མཐུན་ཁེ་དབང་འགན་ལེན་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན། ཀྲུང་གོ་དང་ཡོ་རོབ་ཀྱིས་རིམས་འགོག་དང་འཛམ་གླིང་ཧྲིལ་པོའི་འཕྲོད་བསྟེན་མཉམ་ལས་ཐད་འབྲེལ་གཏུག་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། ཀྲུང་གོ་དང་ཡོ་རོབ་ཀྱི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བའི་དུས་རབས་ཀྱི་དོན་སྙིང་དང་འཛམ་གླིང་ཧྲིལ་པོའི་ཤུགས་རྐྱེན་མངོན་ཡོད། སླད་ཕྱིན། ཕྱོགས་གཉིས་པོས་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་ཀྱི་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་དང་། འཛམ་གླིང་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ་བརྒྱུད། འཛམ་གླིང་དཔལ་འབྱོར་བསྐྱར་གསོ་ཡོང་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས། རིམས་འགོག་སྨན་ཞིབ་བཟོའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། རིམས་འགོག་སྨན་དེ་ཉིད་ཀུན་ལ་ཕན་པའི་འཛམ་གླིང་ཧྲིལ་པོའི་སྤྱི་པའི་ཐོན་རྫས་ཞིག་ལ་འགྱུར་གང་ཐུབ་བྱ་དགོས། རིམས་འགོག་སྨན་རྒྱ་ཆེའི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་དུ་དུས་ཐོག་དང་གནོན་ཤུགས་མེད་པའི་ངང་སྤྱོད་ཐུབ་པ་བྱ་དགོས། གོ་རིམ་ལྡན་པའི་ངང་མི་སྣའི་འགྲོ་འོང་སླར་གསོ་བྱེད་པ་དང་། དངོས་ཟོག་རྒྱལ་ཁོངས་ལས་སྒྲོལ་ནས་འཁོར་རྒྱུག་བྱ་རྒྱུར་སྟབས་བདེ་བསྐྲུན་དགོས། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་འདོད་མོས་ལ་བརྩི་འཇོག་གང་ལེགས་བྱེད་པའི་རྨང་གཞིའི་སྟེང་། ཨ་ཧྥེ་རི་ཁའི་ཕྱོགས་གསུམ་པའི་མཉམ་ལས་གང་ལེགས་སྤེལ་དགོས། རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷག་པར་དུ་ཕྱོགས་མང་དངུལ་རྩའི་ལས་ཁུངས་དང་ཚོང་ལས་བུན་དབང་འཛིན་མཁན་གྱིས་ཨ་ཧྥེ་རི་ཁའི་རྒྱུད་དུ་དངུལ་བུན་ཉུང་དུ་གཏོང་རྒྱུའི་གནད་དོན་ཐད་དེ་བས་ནུས་ལྡན་གྱི་བྱ་ཐབས་བཟུང་རྒྱུའི་རེ་འབོད་བྱ་རྒྱུ་ཡིན་ཞེས་གསུངས་ཡོད། ཞི་ཅིན་ཕིང་གིས་ད་དུང་ཀྲུང་གོས་ཤང་ཀང་དང་འབྲེལ་བ་ཡོད་པ་དང་ཤིན་ཅང་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་འཛིན་པའི་རྩ་དོན་ལངས་ཕྱོགས་གསལ་བཤད་གནང་བ་དང་། ཤང་ཀང་དང་འབྲེལ་བ་ཡོད་པ་དང་ཤིན་ཅང་དང་འབྲེལ་བ་ཡོད་པའི་གནད་དོན་གྱི་ངོ་བོ་ནི་ཀྲུང་གོས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། གཅིག་གྱུར་བཅས་ལ་སྲུང་སྐྱོང་བྱེད་པ་དང་། མི་རིགས་ཁག་གི་མི་དམངས་རྣམས་བདེ་སྡོད་ལས་བརྩོན་བྱེད་པའི་ཁེ་དབང་ཡིན་ཞེས་བསྟན་གནང་ཡོད། མི་སུ་དང་། སྟོབས་ཤུགས་གང་ཞིག་གིས་ཀྱང་ཀྲུང་གོར་བརྟན་ལྷིང་མིན་པ་དང་། ཁ་བྲལ། ཟང་ཟིང་བཟོ་བའི་བྱ་སྤྱོད་སྤེལ་རྒྱུར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་དང་། རྒྱལ་ཁབ་གང་ཞིག་གིས་ཀྱང་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱ་རྒྱུར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བསྟན་གནང་ཡོད་པ་རེད།

འགྲོ་བ་མིའི་ཐོབ་ཐང་སྐོར་ལ་ཞི་ཅིན་ཕིང་གིས་འཛམ་གླིང་ཐོག་གང་སྤྱད་དེ་འཚམ་གྱི་འགྲོ་བ་མིའི་ཐོབ་ཐང་གི་གོང་འཕེལ་ལམ་བུ་ཞིག་མེད། འགྲོ་བ་མིའི་ཐོབ་ཐང་ལ་དེ་ལས་ལྷག་པ་ཞེས་པ་ཞིག་ལས། ཡག་ཤོས་ཟེར་བ་ཞིག་མེད། རྒྱལ་ཁབ་ཁག་གིས་ཐོག་མར་རང་སོ་སོའི་ལས་དོན་ཁག་ཡག་པོ་བསྒྲུབ་དགོས། ཡོ་རོབ་ཕྱོགས་ནས་རང་ངོས་ལ་ལྷག་བསྡད་པའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐག་གཅོད་ཡག་པོ་བྱེད་ཐུབ་པའི་ཡིད་ཆེས་ཡོད། ཀྲུང་གོའི་ཕྱོགས་ནས་འགྲོ་བ་མིའི་ཐོབ་ཐང་གི་དགེ་རྒན་ཡིན་མདོག་བྱེད་མཁན་དག་དང་ལེན་བྱེད་མི་སྲིད་ལ་ཚད་གཞི་ཉིས་ལྡན་བཟུང་བར་ངོ་རྒོལ་བྱ་རྒྱུ་ཡིན། ཀྲུང་གོའི་ཕྱོགས་ནས་ཡོ་རོབ་ཕྱོགས་དང་མཉམ་དུ་ཕན་ཚུན་བརྩི་འཇོག་བྱེད་པའི་རྩ་དོན་གཞིར་བཟུང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ་མཉམ་དུ་ཡར་རྒྱས་ཡོང་བ་བྱེད་འདོད་ཡོད་ཅེས་བསྟན་ཡོད།

མོ་ཁེར་དང་། མི་ཞེ་འར། ཧྥོང་ཏེ་ལའེ་ཨེན་བཅས་ཀྱིས། ཀྲུང་གོ་ནི་ཡོ་རོབ་ཀྱིས་བརྩི་འཇོག་བྱེད་པའི་འཐབ་ཇུས་མཉམ་ལས་རོགས་པ་གལ་ཆེན་ཡིན། དེང་གི་འཛམ་གླིང་ལ་ཡོ་རོབ་དང་ཀྲུང་གོས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཕྱོགས་མང་རིང་ལུགས་ལ་མཉམ་དུ་སྲུང་སྐྱོང་བྱེད་པ། ཕྱོགས་རྐྱང་པའི་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བྱེད་པ། སྔར་བས་ནུས་པ་ལྡན་པའི་སྒོ་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་གཅོག་དགོས་ཀྱི་ཡོད། དེ་ནི་ཡོ་རོབ་དང་ཀྲུང་གོ་ཕྱོགས་གཉིས་པོ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་ཁེ་ཕན་དང་མཐུན་ཡོད། ཡོ་རོབ་ཕྱོགས་ནས་ཀྲུང་གོའི་ཕྱོགས་དང་སྐད་ཆ་ཤོད་རེས་ལ་ཤུགས་སྣོན་དང་། ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། དཔལ་འབྱོར་ཉོ་ཚོང་དང་། མ་འཇོག སྦགས་མེད་དཔལ་འབྱོར། གནམ་གཤིས་འགྱུར་བ། སྐྱེ་དངོས་ཀྱི་སྣ་མང་རང་བཞིན། རྒྱུན་མཐུད་གོང་འཕེལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཡོ་རོབ་ཕྱོགས་ནས་ཡོ་རོབ་དང་ཀྲུང་གོས་ས་ཁམས་ཀྱི་མཚོན་རྟགས་ཆོད་ཡིག་བཞག་པར་སྐུལ་མ་ཆེན་པོ་ཐེབས་བྱུང་ལ་ཀྲུང་གོས་ཁྲོམ་ཞུགས་ཚད་གཞི་ལྷུག་ཏུ་གཏོང་བ་དང་། སྒོ་དབྱེ་རྒྱ་ཆེར་གཏོང་བ། ལོ་འདིའི་ནང་ཡོ་རོབ་དང་ཀྲུང་གོའི་མ་འཇོག་ཆོད་ཡིག་གི་དབྱེ་འབྱེད་གྲོས་མོལ་ལེགས་འགྲུབ་ཡོང་བར་ཤུགས་སྣོན་བརྒྱབ་སྟེ། ཡོ་རོབ་དང་ཀྲུང་གོའི་འབྲེལ་བར་ནུས་ཚད་གསར་པ་བསྣན་དགོས། ཡོ་རོབ་ཕྱོགས་ནས་ཀྲུང་གོ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་། འཛམ་གླིང་ཉོ་ཚོང་རྩ་འཛུགས་སོགས་རྒྱལ་སྤྱིའི་རྩ་འཛུགས་ནང་གི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། རིམས་ནད་འགོག་བཅོས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་དང་། རང་མོས་ཉོ་ཚོང་ལ་སྲུང་སྐྱོང་བྱེད་པ། ཡོ་རོབ་དང་ཀྲུང་གོ་དང་འཛམ་གླིང་གི་དཔལ་འབྱོར་གང་མགྱོགས་སླར་གསོ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་ལ་ཡོ་རོབ་ཕྱོགས་ནས་རང་ངོས་ཀྱི་གནད་དོན་ཁས་ལེན་བྱ་རྒྱུ་དང་། ཀྲུང་གོའི་ཕྱོགས་དང་མཉམ་དུ་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་བྱེད་པའི་རྩ་དོན་གཞིར་བཟུང་སྐད་ཆ་ཤོད་རེས་དང་། ཕན་ཚུན་བར་གྱི་ཤེས་རྟོགས་ཟབ་ཏུ་གཏོང་བ། ཧེ་བག་དང་ཕྱོགས་འགལ་ཐག་གཅོད་འོས་འཚམ་བྱ་རྒྱུའི་རེ་བ་ཡོད་ཅེས་བསྟན་ཡོད་པ་རེད།

ཀྲུང་གོ་དང་འཇར་མན། ཡོ་རོབ་བཅས་ཀྱི་འགོ་ཁྲིད་པས་ད་དུང་ཨབ་ཀ་ནི་སི་ཐན་དང་། དབྱི་རན་གྱི་རྡུལ་ཉིང་སོགས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་བ་དང་། འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱལ་སྤྱི་དང་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུར་མཉམ་དུ་ཤུགས་སྣོན་རྒྱག་རྒྱུའི་མོས་མཐུན་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག ཟླ་བ་གཡུ་སྒྲོན།
ཡིག་སྒྱུར། མིག་དམར་རྒྱ་མཚོ། བྱམས་པ་ཚེ་རིང་། བསྟན་འཛིན་འཇམ་དཔལ།

中央广播电视总台 央广网 版权所有

ཞི་ཅིན་ཕིང་ནས་འཇར་མན་དང་ཡོ་རོབ་མནའ་འབྲེལ་འགོ་ཁྲིད་དང་མཇལ་མོལ་གནང་།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་14ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཡོ་རོབ་མནའ་འབྲེལ་གྱི་རེས་འཁོར་ཀྲུའུ་ཞིའི་རྒྱལ་ཁབ་འཇར་མན་གྱི་ཙུང་ལི་མོ་ཁེར་དང་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མི་ཞེ་འར། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥོང་དེ་ལའེ་ཨེན་བཅས་དང་བརྙན་མཐོང་རྣམ་པའི་ཐོག་ནས་གྲོས་མོལ་གནང་ཡོད། ཀྲུང་གོ་དང་འཇར་མན་དང་ཡོ་རོབ་མནའ་འབྲེལ་གྱི་