ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

མི་དུང་ཕྱུར3.5ལ་ནད་འདི་ཕོག་འདུག ཉེ་འགྲམ་གྱི་མིར་མཉམ་འཇོག་བྱོས།

2020-09-15 10:13:00     责编:桑吉卓玛

གོ་ལ་ཧྲིལ་བོའི་མི་དུང་ཕྱུར་3.5ལ་ནད་འདི་ཕོག་འདུག  ཉེ་འགྲམ་གྱི་མི་རྣམས་ལ་མཉམ་འཇོག་བྱོས།

 

       ཁ་སང་(抑郁症)སྙིང་འཕྱོ་ནད་དམ་ཡི་མུག་པའི་ནད་ནི་སྐྲན་ནད་ཕུད་པའི་མིའི་རིགས་ཀྱི་ཚེ་སྲོག་གཅོད་པའི་ལག་དམར་ཨང་གཉིས་པ་ཡིན་པའི་གླེང་ཕྱོགས་དེ་འཚོལ་བཤེར་ཚ་ཤོས་སུ་གྱུར།

       མི་ལ་ལའི་སེམས་སུ། སྙིང་འཕྱོ་ནད་དམ་ཡི་མུག་ནད་ནི་གཡོ་སྒྱུ་ཟོལ་སྤྱོད་དང་གཏམ་སྤྱོད་གཡོ་ཟོལ་ཡིན་པར་རློམ་ཡོད། གནོན་འགོག་ནུས་པ་ཞན་པའི་རྟགས་མཚན་ཡིན་པར་མཚོན་ཚུལ་ནི་ནོར་འཁྲུལ་གྱི་ལྟ་བའམ་འདུ་ཤེས་དེ་རིགས་འབྱུང་རྐྱེན་ཡིན་ལ། རྒྱུ་རྐྱེན་དེས་དབང་གིས་ནད་པ་མང་པོ་ཞིག་དུས་ཐོག་ཏུ་ཤེས་རྟོགས་དང་སྨན་བཅོས་བྱེད་ཐབས་བྲལ།

       སྔོན་དཔག་བྱས་པ་ལྟར་ན། མིག་སྔར་གོ་ལ་ཧྲིལ་བོའི་མི་དུང་ཕྱུར་3.5ལ་ཡི་མུག་ནད་ཕོག་འདུག འོན་ཀྱང་ནད་པ་མང་པོ་ཞིག་གིས་སྔར་བཞིན་ཚད་ལྡན་རང་བཞིན་གྱི་སྨན་བཅོས་དང་ལེན་བྱས་མེད་པས། ང་ཚོས་ནད་རྟགས་འདི་ཤེས་དགོས་པ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད་པ་མ་ཟད་། ཡི་མུག་ནད་ལ་ལྟ་སྟངས་ཡང་དག་འཛིན་དགོས།

 

 

 

       ཟླ་9ཚེས་11ཉིན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་གཞུང་ཕྱོགས་དྲ་ཚིགས་སྟེང་《ཡི་མུག་ནད་འགོག་བཅོས་ཀྱི་ཁྱད་ལྡན་ཞབས་ཞུའི་ལས་དོན་འཚོལ་ཞིབ་ཇུས་གཞི》ཞེས་པ་ཁྱབ་བསྒྲགས་བྱས།

       རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཡི་མུག་ནད་ཀྱི་གྲལ་བཤེར་བྱ་བའི་ཁྲོད་མཐོ་འབྲིང་དང་མཐོ་རིམ་སློབ་གྲྭའི་སློབ་མའང་ལུས་ཕུང་བརྟག་དཔྱད་དགོས་ཚུལ་བསྟན།

       ཇུས་གཞིའི་ནང་དུ། མཐོ་འབྲིང་སོ་སོ་དང་མཐོ་རིམ་སློབ་གྲྭ་ཁག་གིས་ཡི་མུག་ནད་ཀྱི་གྲལ་བཤེར་བྱ་བ་སློབ་མའི་ལུས་ཕུང་བརྟག་དཔྱད་ནང་བཅུག་སྟེ། སློབ་མའི་སེམས་ཁམས་བདེ་ཐང་གི་ཡིག་ཚགས་བཟོས་ནས་སློབ་མའི་སེམས་ཁམས་བདེ་ཐང་གནས་ཚུལ་ལ་དཔྱད་དཔོག་བྱེད་དགོས་ལ།  ཚད་ལེན་ཚོད་ལྟའི་འབྲས་བུ་རྒྱུན་ལྡན་མིན་པའི་སློབ་མ་དག་གཙོ་བོར་བཟུང་ནས་མཐོང་ཆེན་ནན་མོ་བྱ་རྒྱུ་ཡིན་པར་བསྟན།

       ཇུས་གཞིའི་ནང་འགན་ཁུར་གཙོ་བོ་དྲུག་གཏན་འབེབས་བྱས་པ་གཤམ་གསལ་ལྟར།  

       གཅིག འགོག་བཅོས་ཤེས་བྱ་དྲིལ་བསྒྲགས་དང་སློབ་གསོའི་ཐད་ཤུགས་སྣོན་པ།

       གཉིས། ཞིབ་བཤེར་དཔྱད་འཇོག་བྱེད་པ།

       གསུམ། སྔ་དུས་ཀྱི་ནད་གཞི་བརྟག་དཔྱད་དང་ཚད་ལྡན་གྱི་སྨན་བཅོས་ནུས་པ་མཐོར་འདེགས་སུ་གཏོང་པ། 

       བཞི། མི་ཚོགས་གཙོ་གནད་དག་ལ་ཇུས་གཏོགས་བྱེད་ཤུགས་ཇེ་ཆེར་གཏོང་པ། 

       ལྔ། སེམས་ཁམས་ཐད་སྦྲེལ་གྱི་ཞབས་ཞུ་ལ་ཤུགས་སྣོན་པ།

       དྲུག དུས་ཐོག་ཏུ་སེམས་ཁམས་ལ་ཐེ་གཏོགས་བྱེད་པ།

       གཞན་ཡང་། 《ཇུས་གཞིའི》ནང་དུ་ད་དུང་ཡི་མུག་པའི་ནད་ལ་གྲལ་བཤེར་བྱ་རྒྱུ་དེ་རྒྱུན་གཏན་གྱི་སྦྲུམ་མར་བརྟག་དཔྱད་དང་བུ་བཙས་རྗེས་འཚམས་འདྲི་བྱེད་པའི་བརྒྱུད་རིམ་ནང་དུའང་བཅུག་ཡོད།

 

 

 

       ཆེད་མཁས་པ་ཞིག་གིས། གལ་ཏེ་མི་ཞིག་གིས་རང་ཉིད་ཀྱི་བྱ་བ་དང་སློབ་སྦྱོང་བརྒྱུད་རིམ་ཁྲོད་དུས་ཚོད་ག་གེ་མོ་ཞིག་གི་ནང་དུ་གློ་བུར་དུ་སྔོན་ཆད་དང་མི་འདྲ་བའི་བྱ་སྤྱོད་འདྲ་མིན་བྱུང་ཚེ། ཚང་མས་མི་དེར་དོགས་ཟོན་དང་མཉམ་འཇོག་བྱེད་དགོས་ཟེར།

       གཞི་གྲངས་ལས་མངོན་པ་ལྟར་ན། ཀྲུང་གོའི་སློབ་ཆེན་སློབ་མར་ཡི་མུག་ནད་བྱུང་ཚད་ལོ་རེ་བཞིན་ཇེ་མཐོར་འགྲོ་བཞིན་ཡོད་ལ།  ལོ་རིམ་དང་པོ་དང་གསུམ་པ་ནི་ཡི་མུག་ནད་བྱུང་ཚད་མཐོ་ཤོས་དུས་སྐབས་ཡིན།

       ཁྱོད་རང་ཡི་མུག་པ་དང་བར་ཐག་ཅི་ཙམ་ཡོད། ཡི་མུག་ནད་ལ་ཆ་རྒྱུས་ཅི་ཙམ་ཡོད། གཤམ་གྱི་པར་རིས་སམ་རྒྱ་ཁྱབ་བརྡ་སྦྱོར་ཞིག་བརྒྱུད་དེ་ཡང་བསྐྱར་ཡི་མུག་ནད་ལ་ངོས་འཛིན་ཞིག་བྱ། 

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།  

ཡིག་སྒྱུར། སྙན་དབྱངས། 

 

中央广播电视总台 央广网 版权所有

མི་དུང་ཕྱུར3.5ལ་ནད་འདི་ཕོག་འདུག ཉེ་འགྲམ་གྱི་མིར་མཉམ་འཇོག་བྱོས།

མི་དུང་ཕྱུར3.5ལ་ནད་འདི་ཕོག་འདུག ཉེ་འགྲམ་གྱི་མིར་མཉམ་འཇོག་བྱོས།