ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

ས་ཆ་འདིའི་དགེ་རྒན་གྱི་ལོ་མཇུག་བྱ་དགའ་སྒོར་ཁྲི་9ལས་བརྒལ་འདུག

2020-09-15 10:13:00     责编:桑吉卓玛

       ཉེ་ཆར། ཀུའེ་ཀྲོའུ་ཞིང་ཆེན་པི་ཅེ་གྲོང་ཁྱེར་ཏ་ཧྥང་རྫོང་གིས་དགེ་རྒན་གྱི་གླ་ཕོགས་སྒོར་དུང་ཕྱུར་4.7ཆད་འགྱངས་བྱས་པར་དྲ་ཐོག་ཏུ་དོ་ཁུར་བྱེད་མཁན་མང་པོ་བྱུང་ཡོད། དེ་དང་དུས་མཚུངས་སུ་འོས་འགན་སློབ་གསོའི་དུས་མཚམས་ཀྱི་དགེ་རྒན་གྱི་ཆ་སྙོམས་གླ་ཕོགས་ལ་སླར་ཡང་ཀུན་གྱིས་དོ་ཁུར་བྱས་ཡོད། དགེ་རྒན་གྱི་གླ་ཕོགས་འགན་སྲུང་བྱེད་པའི་སྲིད་ཇུས་ཐད་རྒྱལ་ཁབ་ཀྱིས་དེ་སྔ་སྤྱི་ལོ་2020ལོའི་ལོ་མཇུག་གོང་འོས་འགན་སློབ་གསོའི་དགེ་རྒན་གྱི་ཆ་སྙོམས་གླ་ཕོགས་དེ་ས་གནས་དེ་གའི་གཞུང་ཞབས་པའི་ཆ་སྙོམས་གླ་ཕོགས་ཆུ་ཚད་ལས་མི་དམའ་བ་བྱེད་དགོས་ཞེས་གསལ་པོ་བསྟན་ཡོད།

       དོན་དངོས་ཐོག་ས་གནས་ཁག་གིས་དགེ་རྒན་གྱི་གླ་ཕོགས་དང་ཐོབ་ཐང་མཐོ་རུ་གཏོང་རྒྱུའི་ཐད་སྔར་ནས་ད་བར་བྱ་ཐབས་སྣ་ཚོགས་བཏོན་ཡོད། ཉེ་ཆར། ས་གནས་མི་ཉུང་བ་ཞིག་གིས་ས་གནས་དེའི་དགེ་རྒན་གྱི་ཡོང་འབབ་གཞུང་ཞབས་པ་ལས་བརྒལ་ཡོད་པ་ཡོངས་བསྒྲགས་བྱས་ཡོད།

       ཅིན་ཧྭ་ཡི་ས་ཆ་མང་པོའི་དགེ་རྒན་གྱི་ཡོང་འབབ་གཞུང་ཞབས་པ་ལས་བརྒལ་བ་དང་། དབྱི་ཝུའུ་ཡི་དགེ་རྒན་གྱི་ལོ་མཇུག་བྱ་དགའ་སྒོར་ཁྲི་9ལས་བརྒལ་བ།

       སྤྱི་ཟླ་9པའི་ཚེས་10ཉིན་གྱི་དགེ་རྒན་དུས་ཆེན་གྱི་ཉིན་མོར། ཀྲེ་ཅང་ཅིན་ཧྭ་གྲོང་ཁྱེར་སློབ་གསོ་ཅུད་ཀྱིས།  སྤྱི་ལོ་2019ལོའི་ཅིན་ཧྭ་ཡི་ཕུའུ་ཅང་དང་། ཝུའུ་དབྱི་སོགས་ས་ཆའི་འོས་འགན་སློབ་གསོའི་དགེ་རྒན་གྱི་ཆ་སྙོམས་གླ་ཕོགས་ཀྱི་ཡོང་འབབ་གཞུང་ཞབས་པ་ལས་མཐོ་བ་ཡོད། ཅིན་ཧྭ་ཡིས་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་གླ་ཕོགས་ཡོང་འབབ་དང་གཞུང་ཞབས་པའི་གླ་ཕོགས་ཡོང་འབབ་ཀྱི་ཕུགས་ཕན་མཉམ་འགུལ་སྒྲིག་གཞི་གང་མགྱོགས་བཟོ་བཞིན་ཡོད། གཞུང་ཞབས་པའི་བྱ་དགའི་སྲིད་ཇུས་འདོན་སྐབས་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་ལའང་དུས་ཚོད་གཅིག་མཚུངས་དང་མང་ཉུང་གཅིག་མཚུངས་ཀྱི་བསམ་གཞིགས་བྱ་རྒྱུ་རེད་ཅེས་བསྟན་ཡོད།  

       གཞན་ཡང་། ཅིན་ཧྭ་གྲོང་ཁྱེར་གྱི་རྫོང་ཁག་ཚང་མས་འོས་འགན་སློབ་གསོའི་དུས་མཚམས་ཀྱི་དགེ་རྒན་དང་གཞུང་ཞབས་པའི་གླ་ཕོགས་ཡོང་འབབ་ཀྱི་ཧེ་བག་དུས་ཐོག་ཏུ་གསབ་སྤྲོད་བྱས་ཏེ། དགེ་རྒན་གྱི་ལོ་མཇུག་བྱ་དགའ་དང་ཞིབ་དཔྱད་བྱ་དགའ་རྒྱུན་མཐུད་མཐོ་རུ་བཏང་ཡོད། དབྱི་ཝུའུ་གྲོང་ཁྱེར་གྱི་དགེ་རྒན་གྱི་ལོ་མཇུག་བྱ་དགའ་དེ་སྤྱི་ལོ་2018ལོའི་མི་རེའི་སྒོར་84800ནས་སྤྱི་ལོ་2019ལོའི་སྒོར་91800ཟིན་ནས་འཕར་ཚད་8.2%ཟིན་ཡོད།

       ཀུའེ་ཡང་དུ་དམིགས་འབེན་མངོན་འགྱུར་བྱུང་བ།

       གསར་འགྱུར་ལས་རིགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཀུའེ་ཀྲོའུ་ཞིང་ཆེན་ཀུའེ་ཡང་གྲོང་ཁྱེར་དུ་དགེ་རྒན་གྱི་གླ་ཕོགས་ཐོབ་ཐང་ས་གནས་དེ་གའི་གཞུང་ཞབས་པའི་གླ་ཕོགས་ཆུ་ཚད་ལས་མི་དམའ་བ་བྱེད་པའི་ལས་ཀའི་དམིགས་འབེན་མངོན་འགྱུར་བྱུང་ཡོད།  སྤྱི་ལོ་2019ལོར།  ཀུའེ་ཡང་གྲོང་ཁྱེར་གྱི་འོས་འགན་སློབ་གསོའི་དགེ་རྒན་གྱི་ལོ་རེའི་ཆ་སྙོམས་གླ་ཕོགས་ཡོང་འབབ་སྒོར་ཁྲི་10.91ཡིན་པ་དེ་ས་གནས་དེ་གའི་གཞུང་ཞབས་པའི་ལོ་རེའི་ཆ་སྙོམས་གླ་ཕོགས་ཡོང་འབབ་ལས་སྒོར་6000གིས་མཐོ་བ་ཡོད།  སྤྱི་ལོ་2018ལོ་ནས་བཟུང་།  ཀུའེ་ཡང་གྲོང་ཁྱེར་གྱིས་ལོ་ལྟར་སློབ་གསོའི་སྔོན་རྩིས་མ་དངུལ་སྒོར་དུང་ཕྱུར་14མཐོ་རུ་བཏང་སྟེ།  དགེ་རྒན་གྱི་གླ་ཕོགས་ཐོབ་ཐང་ཐད་བེད་སྤྱད་ཡོད།

       ས་གནས་མང་པོས་དགེ་རྒན་གྱི་ཐོབ་ཐང་ཐད་སྐོང་འདྲི་དང་། ལྟ་སྐུལ་མཛུབ་ཁྲིད། འགན་སྲུང་བཅས་བྱས་པ།  

       ད་ལོའི་ཟླ་བ་1པོར།  ཧྥུ་ཅན་ཞིང་ཆེན་མི་དམངས་སྲིད་གཞུང་གི་སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་གཞུང་ལས་ཁང་གིས་འོས་འགན་སློབ་གསོའི་དགེ་རྒན་གྱི་ཆ་སྙོམས་གླ་ཕོགས་ཆུ་ཚད་ས་གནས་དེ་གའི་གཞུང་ཞབས་པའི་ཆ་སྙོམས་གླ་ཕོགས་ལས་དམའ་བ་ཡོད་པའི་གནད་དོན་ཐད། རྫོང་གསུམ་གྱི་སྲིད་གཞུང་གི་འགན་འཁུར་བ་གཙོ་བོ་དང་སྐོང་འདྲི་བྱས་ཡོད།

       ད་ལོའི་ཟླ་བ་3པར།  ཧྲན་ཏུང་ཞིང་ཆེན་གྱི་སློབ་གསོའི་ལས་དོན་གྲོས་ཚོགས་ཐོག་ཧྲན་ཏུང་གིས་སྤྱི་ལོ་2020ལོར་སླེབས་དུས་རྫོང་ཁག་ཚང་མའི་འོས་འགན་སློབ་གསོའི་དགེ་རྒན་གྱི་ཆ་སྙོམས་གླ་ཕོགས་ཆུ་ཚད་ས་གནས་དེ་གའི་གཞུང་ཞབས་པའི་ཆ་སྙོམས་གླ་ཕོགས་ཡོང་འབབ་ཀྱི་ཆུ་ཚད་ལས་མི་དམའ་བ་བྱ་རྒྱུའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།

       ད་ལོའི་ཟླ་བ་8པར།  ཧྲའན་ཞི་ཞིང་ཆེན་སློབ་གསོ་ཐིང་དང་གྲོང་ཁྱེར་དང་རྫོང་ཁག་གི་སློབ་གསོའི་སྲིད་འཛིན་སྡེ་ཁག་གིས་ཐེར་འདོན་སྟེགས་བུ་གཏོད་ཡོད།  དཔེར་ན།  སློབ་གྲྭ་གནས་སའི་འོས་འགན་སློབ་གསོའི་དགེ་རྒན་གྱི་ཆ་སྙོམས་གླ་ཕོགས་ས་གནས་དེ་གའི་གཞུང་ཞབས་པའི་ཆ་སྙོམས་གླ་ཕོགས་ཡོང་འབབ་ལས་དམའ་བ་ཡོད་པ་སོགས་ཀྱི་གནད་དོན་མིང་དངོས་བཀོད་དེ་ཐེར་འདོན་བྱེད་ཆོག་གི་ཡོད་པ་རེད།

       དྲ་གྲོགས་མང་པོ་ཞིག་གིས་མཐོང་བའི་རྗེས་གཅིག་མཇུག་གཉིས་མཐུད་ངང་འགྲིག་ཤག དེ་ལྟར་བྱས་ཚེ། གཞི་ནས་ཕུལ་བྱུང་གི་ཤེས་ལྡན་མི་སྣ་ཡིད་འགུག་བྱེད་ཐུབ་ཅེས་བརྗོད་ཡོད།  

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཞུ་དག ཟླ་བ་ཚེ་རིང་།

ཡིག་སྒྱུར། མིག་དམར་རྒྱ་མཚོ།  

 

中央广播电视总台 央广网 版权所有

ས་ཆ་འདིའི་དགེ་རྒན་གྱི་ལོ་མཇུག་བྱ་དགའ་སྒོར་ཁྲི་9ལས་བརྒལ་འདུག

ས་ཆ་འདིའི་དགེ་རྒན་གྱི་ལོ་མཇུག་བྱ་དགའ་སྒོར་ཁྲི་9ལས་བརྒལ་འདུག