ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

ཞི་ཅིན་ཕིང་གི་སྤྱི་ཟླ་བདུན་པ།

2020-08-01 18:37:29     责编:娜科

 

སྤྱི་ཟླ་བདུན་པ།  ནམ་ཟླ་དབྱར་དུས།

འབྲུབ་འགོག་གནོད་སེལ་ལས་དོན་བཀོད་སྒྲིག་གནང་།

ཁེ་ལས་མཁས་པ་དང་ཏང་ཕྱིའི་མི་སྣ་དང་བཞུགས་མོལ་གནང་།

མཐོ་སློབ་སློབ་ཐོན་སློབ་མར་འཕྲིན་ལན་སྤྲིངས།

ཅི་ལིན་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བར་ཕེབས།

ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་མཉམ་སྡེབ་སློབ་སྦྱོང་གཙོ་སྐྱོང་གནང་།

དྲ་ཐོག་ཕྱི་འབྲེལ་ལས་དོན་ཡང་སེ་བསྒྲུབ།

ཞི་ཅིན་ཕིང་ཉིད་ཉིན་ལྟར་མཛད་བྲེལ་ཆེ།

སེམས་ཤུགས་འཕེལ་ཞིང་།  དམག་གི་བླ་སྲོག་སྟོབས་ཆེར་གཏོང་།

འབྲུབ་འགོག་དམག་འཐབ་དང་།  ཤེས་ལྡན་པ་གསོ་སྐྱོང་།  གྲོགས་པོ་སྒྲིག་པ་བཅས།

སྔར་རྒྱུན་བཞིན།  ཐུགས་བྲེལ་ཆེ་ལ་ཚགས་དམ་པ།

སྔ་བར་ཕྱི་གསུམ་དུ། ནུས་ཤུགས་འདོན་པར་ཟམ་མི་ཆད།

དེ་རིང་ང་ཚོས་ཁྱེད་དང་མཉམ་དུ། 

ཞི་ཅིན་ཕིང་གི་སྤྱི་ཟླ་བདུན་པར་ཕྱིན་དྲན་བྱེད།

 

ཏོག་གསར་གློ་ཚད་རིམས་ནད་ཀྱིས། 

རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ། 

ཕོག་རྡུང་དྲག་པོ་གཏོང་བའི་མདུན་དུ། 

བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས། 

རྒྱལ་ཡོངས་མི་དམངས་ལ་སྣེ་ཁྲིད་གནང་ནས། 

ཆོད་སེམས་བརྟན་པོ་དང་བློ་བརྟན་འགྱུར་མེད་ངང་།  

འདང་ངེས་ཀྱི་གཏིང་ཤུགས་དང་ནུས་པ།  བློ་རིག་བཅས་ཀྱི་ཐོག་ནས།

གོང་འཕེལ་གྱི་མདུན་དུ་འཕྲད་པའི་དཀའ་གནད་སྣ་ཚོགས་སེལ་ཁར།  

ཕྱོགས་ཁག་གི་ཉེན་ཁ་དང་འགྲན་རྩོད།  གནོད་ཤུགས་ཆེན་པོ་བཅས་ཡོངས་སུ་སེལ།

ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་ནི་ཡང་དག་པ་དང་།  

ཏང་གི་འགོ་ཁྲིད་ནི་སྟོབས་ཆེ་ལ་ནུས་པ་ལྡན་པ།  

རང་རྒྱལ་དཔལ་འབྱོར་གྱི་མཉེན་གཤིས་ལ་ཤུགས་དྲག་ལྡན་པ།

ཀྲུང་གོའི་མི་དམངས་ལ་རླབས་ཆེའི་གསར་གཏོད་ནུས་པ་མཆིས་པ།

ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ནི། 

སྐྱེ་སྟོབས་ཀྱི་དཔལ་འབར་བ་བཅས་ཡིན་པ། 

དོན་དངོས་ལས་ར་སྤྲོད་གང་ལེགས་ཐུབ་ཡོད། 

ཏོག་གསར་གློ་ཚད་རིམས་ནད་ཀྱིས། 

རྒྱལ་སྤྱིའི་གནས་སྟངས་ལ་ཤུགས་རྐྱེན་ཟབ་མོ་ཐེབས། 

རང་རྒྱལ་གྱི་བདེ་འཇགས་གནས་བབས་ལ། 

ངེས་མེད་དང་བརྟན་མིན་རང་བཞིན་ཇེ་ཆེར་བཏང་།

འཛམ་གླིང་ཐོག་དམག་དོན་གསར་བརྗེ་གསར་པ་གོང་འཕེལ་མྱུར་དུ་ཕྱིན་པས། 

ང་ཚོར་ཐོབ་པར་དཀའ་བའི་གོ་སྐབས་གསར་པ་གཏོད་ཁར། 

འགྲན་རྩོད་ཀྱང་དྲག་པོ་འཕྲད་ཡོད།

ཞི་ཅིན་ཕིང་གིས།  

ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་བ་དང་། 

ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར། 

ངེས་པར་དུ་གོང་འཕེལ་དང་བདེ་འཇགས།  

རྒྱལ་ཁབ་ཕྱུག་པོ་དང་དམག་དཔུང་སྟོབས་ཆེར་གཏོང་རྒྱུར། 

གཅིག་འགྱུར་འཆར་འགོད་བྱེད་དགོས་ལ།

རྒྱལ་ཁབ་སྟོབས་ཆེར་གཏོང་བར་ངེས་པར་དུ་དམག་དཔུང་སྟོབས་ཆེར་གཏོང་དགོས།  

དམག་དཔུང་སྟོབས་ཆེར་ཕྱིན་ན། གཞི་ནས་རྒྱལ་ཁབ་བདེ་འཇགས་ཡོང་ཐུབ།

འབད་བརྩོན་ཆེན་པོས་རང་དམག་དེང་རབས་ཅན་དུ་འཛུགས་སྐྱོང་བྱེད་པའི། 

མཆོང་བརྒལ་རང་བཞིན་གྱི་གོང་འཕེལ་མངོན་འགྱུར་ཡོང་བར།

ངེས་པར་དུ་བསམ་བློ་གཅིག་གྱུར་དང་སེམས་ཤུགས་བརྟན་པོ་ཡོད་དགོས་ལ།  

ངར་ཤུགས་གཅིག་སྒྲིམ་དང་།  ལས་སྒྲུབ་དམ་འཛིན་ཡང་བྱེད་དགོས་ཞེས་ནན་སྟོན་གནང་།

སྤྱི་ཟླ་བདུན་པའི་ཟླ་སྨད་དང་སྤྱི་ཟླ་བརྒྱད་པའི་ཟླ་སྟོད་ལ། 

འབྲུབ་འགོག་གནོད་སེལ་གྱི་འགག་རྩའི་དུས་སུ་སླེབས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས། 

ད་ལོའི་འབྲུབ་འགོག་གནོད་སེལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་།

འབད་འཐབ་ལྷུར་ལེན་གྱིས། 

མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་བྱེད་དགོས་ཞེས་གསུངས།  

མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་བྱ་རྒྱུ་དེ་ཨང་དང་པོར་འཇོག་དགོས་ཞེས་གསུངས།

མི་དམངས་རྩ་བའི་རྩེ་ལ་འཛིན་པ་དང་།  ཚེ་སྲོག་གོང་དུ་བཀུར་བ།  

ཞི་ཅིན་ཕིང་གི་བླང་བྱར་སྔ་བར་ཕྱི་གསུམ་དུ་འགྱུར་བ་མེད། 

 

ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་གཏོང་བར། 

སྤྱོད་ཡོན་གཉིས་ལྡན་གྱི་ཤེས་ལྡན་མི་སྣ་འབོར་ཆེན་དགོས།

ཞི་ཅིན་ཕིང་གིས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་ཚད་མཐོའི་མཐོང་ཆེན་གནང་ཁར། 

བླང་བྱ་ཡང་ཁ་གསལ་བཏོན་གནང་བ་སྟེ། 

ཕུགས་བསམ་ཆེ་རྣམས་འདོད་འདུན་གྲུབ། 

དཀའ་སྤྱད་པ་རྣམས་ཡར་རྒྱས་ཆེ། 

མི་ཚེའི་དུས་བཟང་འདིར་།  འགན་འཁྲི་ཕྲག་ཏུ་འཁུར།

ཞི་ཅིན་ཕིང་ནས་གཞོན་ནུ་ཚོར། 

འབད་བརྩོན་ཆེན་པོས་འཇོན་ནུས་ལྡན་པ་དང་འགན་འཁྲི་ཆེན་པོ་འཁུར་ཐུབ་པའི་

མི་ཞིག་བྱེད་རྒྱུའི་ཐུགས་རེ་གནང་།

མདུན་སྐྱོད་ཀྱི་ལམ་དུ་ཡོད་ཚད་ལམ་ལྷོང་ཅི་ལ་ཡོང་སྲིད། 

ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་གཞོན་ནུ་མི་རབས་མང་པོས་འབད་འཐབ་ལྷོད་མེད་བྱེད་དགོས།

མིག་སྔའི་འཛམ་གླིང་ལ། 

ལོ་བརྒྱར་འབྱུང་མྱོང་མེད་པའི་འགྱུར་བ་ཆེན་པོ་འགྲོ་བཞིན་པ་དང་།  

ཞི་བདེ་དང་གོང་འཕེལ་ནི་སྔར་བཞིན་དུས་རབས་ཀྱི་བརྗོད་དོན་གཙོ་བོ་ཡིན། 

དུས་མཚུངས་སུ། རྒྱལ་སྤྱིའི་ཁོར་ཡུག་ཉིན་རེ་བཞིན་རྙོག་འཛིང་ཆེ་རུ་འགྲོ་བ་དང་། 

བརྟན་མིན་དང་ངེས་མེད་རང་བཞིན་ཆེས་ཆེར་འགྲོ་བཞིན་ཡོད།  

ཟླ་བ་གཅིག་གི་ནང་ཚུན་དུ།

ཞི་ཅིན་ཕིང་གིས་དྲ་ཐོག་ཏུ་ཕྱི་འབྲེལ་ཡང་སེ་གནང་སྟེ། 

མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ་ནས་རིམས་འགོག་བྱེད་པ་དང་།  

དུས་ངལ་མཉམ་སེལ་གྱི་སེམས་ཤུགས་བརྒྱུད་བསྒྲགས་གནང་། 

སོ་སྲུང་རོགས་རེས་དང་ཕྱར་བ་གྲུ་འདེགས་ཀྱི་གཏམ་བཟང་གཏོད།

མིའི་རིགས་ནི་སྐྱིད་སྡུག་མཉམ་མྱོང་དང་ལས་དབང་གཅིག་མཐུན་གྱི་མ་ལག་ཡིན།

ཕན་ཚུན་རྒྱབ་སྐྱོར་དང་མཐུན་སྒྲིལ་མཉམ་ལས་བྱས་གྱུར་ན། 

གཞི་ནས་ཉེན་ཁ་ལས་རྣམ་པར་རྒྱལ་བའི་ཡང་དག་གི་ལམ་བུ་ཉག་གཅིག་དེ་ཡིན།

སྤྱི་ཟླ་བདུན་པར། ལོ་སྟོད་ཀྱི་འབད་འཐབ་རྒྱུན་འཛིན་དང་།  

རྒྱལ་ཡོངས་གོང་འོག་གི་ཐུན་མོང་འབད་བརྩོན་འོག 

རང་རྒྱལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སླར་གསོ་ནི། 

འཛམ་གླིང་གི་མདུན་གྲལ་དུ་སླེབས།

འགག་གཏོར་དམག་འཐབ་ཆེན་པོ་གསུམ་ལ་སྐུལ་འདེད་ཏན་ཏིག་བཏང་། 

སྒྱུར་བཅོས་སྒོ་དབྱེ་མུ་མཐུད་གཏིང་ཟབ་ཏུ་བཏང་། 

མི་དམངས་ཀྱི་འཚོ་བར་འགན་ལེན་ནུས་ལྡན་ཐུབ། 

སྤྱི་ཟླ་བདུན་པར།  ལོ་སྨད་ཀྱི་ལེའུ་གསར་པ་གཏོད་འགོ་ཚུགས། 

དུས་བསྟུན་མདུན་སྐྱོད་དང་།  བརྟན་ཐོག་ཡར་འཕེལ་ཡོང་རེ་བྱེད། 

རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སླར་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་།  

འབད་བརྩོན་ཆེན་པོས་ལོ་སྟོད་ཀྱི་གྱོན་གུན་གསབ་ཐབས་བྱས་ཏེ།  

ལོ་ཧྲིལ་པོའི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་དམིགས་འབེན་ལས་འགན་ལེགས་སྒྲུབ་བྱེད།   

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཞུ་དག ཟླ་བ་ཚེ་རིང་། 

ཡིག་སྒྱུར། དབང་འདུས། 

中央广播电视总台 央广网 版权所有

ཞི་ཅིན་ཕིང་གི་སྤྱི་ཟླ་བདུན་པ།