ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

མི་དམངས་དམག་དཔུང་གི་འགན་འཁྲི།

2020-07-31 17:12:00     责编:娜科

 

 

 

 

   མི་དམངས་དམག་དཔུང་ནི་སྔ་བར་ཕྱི་གསུམ་དུ་ཏང་དང་མི་དམངས་ཀྱིས་རྦད་དེ་བློས་འགེལ་ཆོག་པའི་དཔའ་བོའི་དམག་དཔུང་ཞིག་རེད།

    མི་རབས་རེ་ལ་མི་རབས་རེའི་འགན་འཁྲི་རེ་ཡོད། དམག་དཔུང་བཙུགས་ནས་ལོ་ངོ93སོང་རིང་། དམག་འཁྲུག་གི་ལོ་ཟླའམ་ཞི་བདེའི་ལོ་རབས་གང་དུ་ཡིན་ནའང་། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་ལོ་རྒྱུས་ཀྱི་དུས་མཚམས་མི་འདྲ་བའི་འོས་འགན་མི་འདྲ་བ་རེར།  གཅིག་རྒྱུན་གཅིག་གིས་འཛིན་པའི་བསམ་པའི་འོད་སྣང་རེ་ལྡན་ཡོད། 

    དམར་འཛིང་གི་དཔའ་བོའི་བརྒྱ་ཤོག་དང་། ཏུང་ཚུན་རུའེ། ཆིའུ་ཧྲའོ་ཡུན། ཧོང་ཅི་ཀོང་སོགས་ལོ་རྒྱུས་ཀྱི་དུས་མཚམས་སོ་སོར་ཐོན་པའི་དཔའ་བོའི་ཁྱུ་ཚོགས་དང་གསར་བརྗེའི་སྔོན་གཤེགས་དཔའ་བོ་རྣམས་ཡིན་ནའང་འདྲ། ཡང་ན་དེང་དུས་འབྲུབ་འགོག་དང་རིམས་འགོག་གི་འཐབ་ས་དང་པོར་གདོང་མཆོངས་གནང་མཁན་མི་རབས་གསར་པའི་གསར་བརྗེའི་དམག་མི་རྣམས་ཡིན་ནའང་འདྲ། ཁོང་ཚོ་ཚང་མས་རང་འཁྲིའི་འོས་འགན་ཁུར་ནས་ཀྲུང་གོའི་དམག་མིའི་རྔམ་བརྗིད་ལྡན་པའི་དམ་ཚིག་ལ་གསལ་འགྲེལ་ཞུ་བཞིན་ཡོད།

 

འགན་འཁྲི་ནི། དགྲ་དང་འཕྲད་སྐབས་དཔའ་དམ་བཤམས་ནས། འགག་རྩའི་དམག་འཐབ་རྒྱག་ཕོད་པ།

འགན་འཁྲི་ནི། འབར་རྫས་ཕྲག་ཏུ་འཁྱེར་ནས། གཏན་དགྲའི་བཙན་རྫོང་གཏོར་བ།

འགན་འཁྲི་ནི། སྔོན་གཤེགས་དཔའ་བོ་ཚོས་རང་ལུས་བསྲེགས་ཀྱང་། བློ་བརྟན་འགྱུར་བ་མེད་པ། 

འགན་འཁྲི་ནི། བྲང་ཁ་མདུན་དུ་ལྡིར་ནས། དགྲ་བོའི་མེ་ཁ་འགོག་པ།

འགན་འཁྲི་ནི། རིམས་ནད་ཀྱི་མདུན་དུ། བཀའ་རྒྱ་ཐོས་འཕྲལ་གདོང་མཆོངས་བྱེད་པ།

འགན་འཁྲི་ནི། དྲག་ཆར་རླུང་འཚུབ་གང་ལའང་མི་འཛེམས་པར། དམག་སྦྱོང་དམག་གྲབས་བྱེད་པ།

འགན་འཁྲི་ནི། དཀའ་བ་གདོང་གིས་བསུས་ཏེ། རྒྱལ་གཅེས་ཁྱིམ་སྲུང་བྱེད་པ།

འགན་འཁྲི་ནི། བརྟན་ཐོག་རྒྱང་བགྲོད་བྱས་ནས། ཞི་བདེར་སྲུང་སྐྱོབ་བྱེད་པ་བཅས་རེད། 

 

    སྟོབས་ཆེའི་དམག་དཔུང་ཞིག་མེད་ན། སྟོབས་ཆེའི་མེས་རྒྱལ་ཡོང་ཐབས་བྲལ། བརྒྱད་གཅིག་དམག་བཙུགས་དུས་ཆེན་སླེབས་པའི་སྐབས་འདིར། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྲུང་དབྱང་བརྙན་འཕྲིན་དྲ་བའི་སྟེང་རང་རྩོམ་བརྙན་ཐུང་མི་དམངས་དམག་དཔུང་གི་འགན་འཁྲི་ཞེས་པ་སྤེལ་ནས། དཔའ་བོའི་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་ལ་གུས་འདུད་ཞུས་ཡོད།

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཞུ་དག མིག་དམར་རྒྱ་མཚོ།

ཡིག་སྒྱུར། རིན་ཆེན་དབང་འདུས། 

    中央广播电视总台 央广网 版权所有

    མི་དམངས་དམག་དཔུང་གི་འགན་འཁྲི།