ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

ཀྲུང་གོས་འདར་སྒྲས་བཀོལ་ནས་ཨ་རིའི་འདེམ་བསྐོ་ལ་ཐེ་གཏོཊ་བྱས་ཟེར་བ..

2020-07-30 17:15:00     责编:桑吉卓玛

    ཀྲུང་གོས་འཁྱུག་དབྱངས་བཀོལ་ནས་ཨ་རིའི་འདེམ་བསྐོ་ལ་ཐེ་གཏོགས་བྱས་ཟེར་བའི་ལན་དུ། ཝང་ཝུན་པིན་གྱིས་འདི་སྐད།

       ཟླ་7ཚེས་29ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་གསར་འགོད་པའི་འཆར་ཅན་ཚོགས་འདུ་གཙོ་སྐྱོང་གནང་།

       གསར་འགོད་པ་ཞིག་གིས། ཨ་རིའི་གྲོས་ཞུགས་པ་ཁ་ཤས་ཀྱིས་ཀྲུང་གོས་Tiktok(འཁྱུག་དབྱངས་ཕྱི་རྒྱལ་པར་གཞི)སྤྱད་དེ་ཨ་རིའི་འདེམས་བསྐོར་ཐེ་གཏོགས་བྱེད་པར་སེམས་ཁྲལ་བྱེད་ཀྱི་ཡོད་ཚུལ་བརྗོད་འདུག འདིའི་ཐད་ཀྲུང་གོའི་ཕྱོགས་ལ་སྐད་ཆ་ག་རེ་ཡོད་དམ་ཞེས་དྲིས།

       ཝང་ཝུན་པིན་གྱིས། ཀྲུང་གོ་ཨ་རིའི་འདེམས་བསྐོ་ལ་ཐེ་གཏོགས་བྱེད་འདོད་མེད་ལ་བྱེད་ཀྱང་མི་སྲིད། ང་ཚོས་ཀྱང་ཨ་རིས་ཁོ་ཚོའི་འདེམས་བསྐོ་ཀྲུང་གོ་དང་འབྲེལ་ནས་མི་གླེང་བའི་རེ་བ་བྱེད་ཀྱི་ཡོད། ཨ་རིའི་གྲོས་མི་དེ་ཚོའི་Tiktokསྐོར་གྱི་གཏམ་བརྗོད་དེ་དག་ནི་ཁུངས་མེད་རྫུན་སྒྲིག་འབའ་ཞིག་ཡིན། ཀྲུང་གོའི་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁེ་ལས་ལ་ཁྲིམས་མཐུན་ལུགས་མཐུན་གྱི་རྨང་གཞིའི་ཐོག་ཕྱི་ཕྱོགས་དང་མཉམ་ལས་བྱ་དགོས་པའི་བླང་བྱ་འདོན་བཞིན་ཡོད། ང་ཚོས་ཨ་རི་ཕྱོགས་ཀྱི་བསམ་ངན་དང་ཕྱོགས་རེས་མི་འཛིན་པ་དང་། རྒྱལ་ཁབ་སྤྱད་དེ་ཀྲུང་གོའི་ཁེ་ལས་ལ་གནོན་ཤུགས་སྤྲོད་པ་སོགས་སྤངས་ནས། ཀྲུང་གོ་དང་ཨ་རིའི་བར་གྱི་འབྲེལ་བར་སྐུལ་འདེད་གཏོང་བར་ཕན་པའི་བྱ་བ་མང་ཙམ་བསྒྲུབ་པའི་སྐུལ་མ་བྱེད་བཞིན་ཡོད་ཅེས་བཤད།

 

ཝང་ཝུན་པིན་དཔྱད་གཞིའི་པར་རིས།

 

       ལྗར་པན་གྱིས་ཁྲའོ་ཞན་གྱི་གནས་ཚུལ་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་པར་བཤད། 

       ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དགེ་མཚན་ལྡན་པའི་ནུས་པ་འདོན་རྩིས་ཡོད།

       གསར་འགོད་པ་ཞིག་གིས། གནས་ཚུལ་ལྟར་ན། ཚེས་28ཉིན་ལྗར་པན་གྱི་ནང་བློན་ཁང་གི་དཔོན་རིགས་ཅན་དབྱི་ཝུའེ་ཡིས་ཁྲའོ་ཞན་གྱི་འགོ་ཁྲིད་མི་སྣ་དང་ཉིང་རྡུལ་གྱི་ཟིལ་ཤུགས་སྐོར་གླེང་མོལ་བྱེད་སྐབས། ལྗར་པན་སྲིད་གཞུང་གིས་ཁྲའོ་ཞན་ཕྱོགས་ཀྱི་གནས་ཚུལ་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་པ་དང་ཁྲའོ་ཞན་ལ་ཉིང་རྡུལ་རྦད་དེ་མེད་པ་བཟོ་རྒྱུའི་རེ་བ་འདོན་རྒྱུ་མ་ཟད། ཁྲའོ་ཞན་གྱིས་ཕྱེད་གླིང་དུ་ཉིང་རྡུལ་རྦད་དེ་མེད་པ་བཟོ་རྒྱུ་ཚུད་པའི་ཨ་རི་དང་ཁྲའོ་ཞན་དབར་གྱི་གྲོས་མཐུན་རྦད་ལག་བསྟར་བྱ་རྒྱུ་དེ་རེད་ཅེས་བརྗོད།  ཀྲུང་གོར་འདིའི་ཐད་སྐད་ཆ་ག་རེ་ཡོད་དམ་ཞེས་དྲིས།

       ཝང་ཝུན་པིན་གྱིས་དེའི་ལན་དུ། ཕྱེད་གླིང་གི་གནད་དོན་ཐད་ཀྲུང་གོའི་ལངས་ཕྱོགས་ལ་ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད། མིག་སྔར་ཁྲའོ་ཞན་ཕྱེད་གླིང་གི་ཞི་གྲོས་དཀའ་ཁག་ལ་ཐུག་ཡོད། གཙོ་བོ་ཁྲའོ་ཞན་ཕྱོགས་ཀྱི་ལུགས་མཐུན་རེ་འདུན་ལ་མཐོང་ཆེན་དང་ཐག་གཅོད་ཡག་པོ་ཐོབ་མེད་པ་དེ་རེད། ཨ་རི་ཕྱོགས་ཀྱིས་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་ཕྱེད་གླིང་གི་ཞི་བའི་གྲོས་མོལ་ལ་སྐུལ་འདེད་གཏོང་དགོས་ཞེས་བཤད།

       ཀྲུང་གོ་ཕྱོགས་ལ་ཆབ་སྲིད་ཐོག་ནས་ཕྱེད་གླིང་གི་གནད་དོན་ཐག་གཅོད་བྱ་རྒྱུར་དགེ་མཚན་ལྡན་པའི་ནུས་པ་མུ་མཐུད་འདོན་འདོད་ཡོད་ཅེས་བཤད། དེ་དང་ཆབས་ཅིག་ལྗར་པན་སོགས་ཚུད་པའི་འབྲེལ་ཡོད་ཕྱོགས་ཁག་དང་རྒྱལ་སྤྱིའི་སྤྱི་ཚོགས་ཚང་མས་ཕྱེད་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་དང་ཕྱེད་གླིང་གི་ཞི་བའི་གྲོས་མོལ་ལ་རྒྱབ་སྐྱོར་གང་ལེགས་བྱེད་པའི་རེ་བ་བཅངས་ཡོད་ཅེས་བཤད།

       ཨ་རི་དང་ཨོ་སི་ཁྲུ་ལི་ཡས་ཀྲུང་གོའི་འཇིགས་སྐུལ་འུད་སྒྲོག་བྱས།

       ཕྱི་འབྲེལ་པུས་འབྲེལ་གཏུག་ནན་པོ་བྱས། 

       གསར་འགོད་པ་ཞིག་གིས། ཉེ་ཆར་ཨོ་སི་ཁྲུ་ལི་ཡའི་ཕྱི་འབྲེལ་པུའུ་ཀྲང་དང་ཨ་རིའི་རྒྱལ་དོན་བློན་ཆེན་ཕུང་ཕེ་ཨའོ་ཐུག་འཕྲད་བྱེད་སྐབས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་དམག་དོན་མཉམ་ལས་ཟབ་ཏུ་གཏོང་རྒྱུའི་ཁས་ལེན་བྱས་འདུག ཀྲུང་གོའི་ཕྱོགས་ལ་དེའི་ཐད་སྐད་ཆ་ག་རེ་ཡོད་དམ་ཞེས་དྲིས།

       ཝང་ཝུན་པིན་གྱིས་དེའི་ལན་དུ། ཨ་རི་དང་ཨོ་སི་ཁྲུ་ལི་ཡས་ཕྱི་འབྲེལ་པུའུ་ཀྲང་དང་འགོག་སྲུང་དཔོན་གྱི་2+2གྲོས་མོལ་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་དོ་སྣང་བྱུང་ཡོད། དུས་སྐབས་ཤིག་གི་རིང་ཨ་མེ་རི་ཀ་དང་ཨོ་སི་ཁྲུ་ལི་ཡ་གཉིས་ཀྱིས་ཀྲུང་གོའི་འཇིགས་སྐུལ་ཞེས་པ་འུད་སྒྲོག་བྱས། ཀྲུང་གོར་དམའ་འབེབས་གང་མང་བྱས་པ་དེར་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ལ། ཨ་རི་དང་ཨའོ་མོན་ལ་འབྲེལ་གཏུག་ནན་པོ་བྱས་ཡོད། 

       ཝང་ཝུན་པིན་གྱིས་བསྟན་དོན། ང་ཚོས་ཨ་རི་དང་ཨོ་སི་ཁྲུ་ལི་ཡས་ཀྲུང་གོར་ལྟ་སྟངས་ཡང་དག་འཛིན་པ་དང་། ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་དང་ཀྲུང་གོ་ཕྱོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་གཏམ་སྤྱོད་སྤེལ་མཚམས་བཞག་ནས་ཀྲུང་གོ་དང་ཨ་རི་དང་། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་མཐུན་རྐྱེན་བསྐྲུན་པའི་སྐུལ་མ་བྱས་ཡོད་ལ། དུས་མཚུངས་སུ་ང་ཚོས་ཀྱང་ཨ་རི་དང་ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་གཉིས་ཀྱིས་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ནུས་པ་འདོན་ཐུབ་པར་སྐུལ་མ་གཏོང་རྒྱུ་ཡིན་ཞེས་བཤད།  

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

སྒྲིག་སྒྱུར། བསྟན་རྒྱམ། 

中央广播电视总台 央广网 版权所有

ཀྲུང་གོས་འདར་སྒྲས་བཀོལ་ནས་ཨ་རིའི་འདེམ་བསྐོ་ལ་ཐེ་གཏོཊ་བྱས་ཟེར་བ..

ཀྲུང་གོས་འཁྱུག་དབྱངས་བཀོལ་ནས་ཨ་རིའི་འདེམ་བསྐོ་ལ་ཐེ་གཏོགས་བྱས་ཟེར་བའི་ལན་དུ། ཝང་ཝུན་པིན་གྱིས་འདི་སྐད།