ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

ཁ་ལོ་བ་མི་དགོས་པའི་རླངས་འཁོར་འབོད་ཆོག་གི་འདུག

2020-06-29 20:56:00     责编:桑吉卓玛

སྤྱི་ཟླ6པའི་ཚེས27ཉིན།

ཏིར་ཏིར་ཀུང་སིའི་རང་འགུལ་རླངས་འཁོར་

ཧྲང་ཧའེ་རུ་གཏོང་འགོ་ཚུགས་ཡོད།

ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགྱུར་འཕྲིན་ལམ་གྱིས།

དེ་དོན་ཐད་གཏོང་བྱས་ཡོད།

གྲོང་མི་ཚོས་གང་འདྲ་བྱས་ནས་རླངས་འཁོར་འབོད་དགོས་སམ།

རང་འགུལ་རླངས་འཁོར་ལ་བདེ་འཇགས་ཡོད་དམ།

རྩོམ་ཐུང་འདིས་ཁྱེད་ལ་ལན་ཆ་ཚང་ཞིག་རྒྱག་ཐུབ།

 

གོ་རིམ་སྟབས་བདེ་གསུམ་བརྒྱུད་ནས་ལམ་ལ་ཞུཊ་ཆོག

ཀྲུའུ་ཀོང་ཆོན་དང་མཉམ་དུ་རང་འགུལ་རླངས་འཁོར་མྱོང་རོལ་གནང་དུ་འགྲོ།

 

 

 

 

གོ་རིམ་དང་པོ།

Appམ་ལག་ཁ་ཕྱེ་ནས་རླངས་འཁོར་འབོད་པ།

 

གོ་རིམ་གཉིས་པ།

རང་འགུལ་རླངས་འཁོར་གྱི་འབྲེལ་ཡོད་འགན་འཁྲིའི་ཡི་གེར་མཚན་འགོད་པ།

 

གོ་རིམ་གསུམ་པ།

རྩ་གཉིས་ཨང་རྟགས་བཤེར་ནས།

ཐོབ་ཐང་ངོས་བཟུང་དང་སྦྲཊ་ལམ་ལ་ཞུཊ་འགོ་འཛུཊ་པ།

 

རང་འགུལ་རླངས་འཁོར་འབོད་ཟིན་རྗེས།

རླངས་འཁོར་སྟེང་རང་ཉིད་གཅིག་པུ་མིན་པར།

མདུན་གྱི་རྐུབ་སྟེགས་ཐོག་ད་དུང་མི་གཞན་གཉིས་ཡོད།

རང་འགུལ་རླངས་འཁོར་ལ་ད་དུང་མི་གཞན་དགོས་སམ།

དོན་དངོས་ཐོག

མིག་སྔའི་རང་འགུལ་དྲ་འབོད་རླངས་འཁོར་ལ་

ཁ་ལོ་བ་རྦད་དེ་མི་དགོས་པའི་དུས་སུ་སླེབས་མེད།

དེར་བརྟེན་མདུན་གྱི་མི་གཉིས་པོ་ནི།

རང་འགུལ་རླངས་འཁོར་གྱི་ཚོད་ལྟའི་མི་སྣ་དང་བདེ་འཇཊ་མི་སྣ་རེད།

 

བདེ་འཇགས་མི་སྣས།

རླངས་འཁོར་གྱི་གནས་ཚུལ་ལ་ནན་གྱིས་གཟིཊ་ཀྱི་ཡོད།

 

གལ་སྲིད་ཛ་དྲག་གནས་ཚུལ་འཕྲད་ཚེ།

ཐད་ཀར་རླངས་འཁོར་ལ་དོ་དམ་གྱིས།

འགྲུལ་པ་དང་རླངས་འཁོར་གྱི་བདེ་འཇཊ་ལ་འགན་སྲུང་གནང་གི་ཡོད།

ལས་གནས་དེ་སྒྲུབ་པར།

དུས་ཡུན་ཟླ་བ1-2བར་གྱི་གསོ་སྦྱོང་བརྒྱུད་དགོས་པ་ལས།

སུས་ཀྱང་སྒྲུབ་ཐུབ་པ་ཞིག་མིན།

 

རང་འགུལ་རླངས་འཁོར་ལ།

དྲག་ཆར་འབབ་པ་དང་མཚན་མོ་འགྲུལ་པ་སྐྱེལ་བ་སོཊ་ཀྱི་ཚོད་བགམ་སྣ་ཚོཊ་འཕྲད་ཀྱི་ཡོད།

 

བདེ་འཇཊ་མི་སྣའི་རང་འགུལ་རླངས་འཁོར་ཡོད་པ་ཁོ་ནས།

བདེ་འཇགས་ལ་འགན་ལེན་ཐུབ་བམ།

གལ་སྲིད་རྙོག་འཛིང་ཆེ་བའི་འགྲིམ་འགྲུལ་གནས་ཚུལ་འཕྲད་ཚེ།

རང་འགུལ་རླངས་འཁོར་གྱིས་ཇི་ལྟར་བྱེད།

དེ་རིང་ཐད་གཏོང་བྱེད་ཡུལ་དུ་གློ་བུར་དུ་དྲག་ཆར་བབས།

 

 

 

 

དྲག་ཆར་ཁྲོད་ཀྱི་རང་འགུལ་རླངས་འཁོར་ལ།

དོན་རྐྱེན་མ་འཕྲད་པ་གང་ཞིག

བདེ་འཇགས་མི་སྣས་ཀྱང་བཀོལ་སྤྱོད་གནང་མ་དགོས་པར།

ལམ་སྟེང་གི་འགོག་རྐྱེན་དག་ལས་བདེ་བླག་ངང་གཡོལ་ཐུབ་སྟེ།

འགྲུལ་པའི་བདེ་འཇགས་ལ་འགན་ལེན་ཡག་པོ་ཐུབ་ཡོད།

 

ཆར་རླུང་ཁྲོད་ཁ་ལོ་བསྒྱུར་ཐུབ་པ་ཕུད།

མཚན་འགྲུལ་ལས་འགན་ཡང་བདེ་བླག་ངང་མཇུག་སྒྲིལ་ཡོད།

མཚན་འགྲུལ་རྒྱག་པར་ལག་རྩལ་མཐོ་པོ་དགོས་པས།

རང་འགུལ་རླངས་འཁོར་གྱིས།

ཉེན་གཡོལ་དང་། དལ་འགྱུར། ཁ་སྐོར། ཁ་བཀག་སོཊ་ཐུབ་པ་དགོས།

 

 

 

འདི་ལྟ་བུའི་རྫིག་ཉམས་དང་བདེ་འཇགས་ལྡན་པའི།

རང་འགུལ་དྲ་འབོད་རླངས་འཁོར་ལ།

ཁྱེད་རང་ཞུགས་འདོད་བྱུང་ངམ།

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཞུ་དག སྐྱིད་པོ།

ཡིག་སྒྱུར། རིན་ཆེན་དབང་འདུས།

 

中央广播电视总台 央广网 版权所有

ཁ་ལོ་བ་མི་དགོས་པའི་རླངས་འཁོར་འབོད་ཆོག་གི་འདུག

སྤྱི་ཟླ6པའི་ཚེས27ཉིན། ཏིར་ཏིར་ཀུང་སིའི་རང་འགུལ་རླངས་འཁོར་ཧྲང་ཧའེ་རུ་གཏོང་འགོ་ཚུགས་ཡོད། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་