ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

གནའ་བོའི་མིའི་རིགས་འདི་ལྟར་མཚོ་བོད་ས་མཐོར་གཞིས་ཆགས་པ།

2020-01-14 10:33:00     责编:sangjzm

གནའ་བོའི་མིའི་རིགས་འདི་ལྟར་མཚོ་བོད་ས་མཐོར་གཞིས་ཆགས་པ་རེད།

ཀྲུང་ཕྱིའི་ཞིབ་འཇུག་མི་སྣས་གནའ་བོའི་མིའི་རིགས་མཚོ་བོད་ས་མཐོར་ཇི་ལྟར་གཞིས་ཆགས་པ་ཤེས་རྟོགས་བྱུང་།

ཟླ11པའི་ཚེས20ཉིན། ཤིན་ཧྭ་གསར་འགྱུར་ཁང་ཝ་ཧྲིང་ཐོན་ནས་གློག་འཕྲིན་འབྱོར་བ་ལྟར་ན། ཀྲུང་གོའི་ཞིབ་འཇུག་མི་སྣས་གཙོ་ཁྲིད་བྱས་པའི་རྒྱལ་སྤྱིའི་ཞིབ་འཇུག་ཅིག་ལས། གནའ་བོའི་མིའི་རིགས་མཚོ་བོད་ས་མཐོར་གཞིས་ཆགས་པར་གོམ་གསུམ་བགྲོད་དཔེ་སྤྱད་ཡོད་པ་ཤེས་རྟོགས་བྱུང་།

གྲུབ་འབྲས་འདི་ཚེས20ཉིན་གྱི་ཨ་རིའི《ཚན་རིག》དུས་དེབ་སྟེང་སྤེལ་ཡོད། དཔྱད་རྩོམ་གྱི་ཐུན་མོང་འཕྲིན་གཏོང་རྩོམ་པ་པོ་ལན་ཀྲོའུ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པ་ཏུང་ཀོང་ཧུའེ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཁོ་ཚོས་མཚོ་བོད་ས་མཐོའི་གནའ་བོའི་མིའི་རིགས་ཀྱི་རྗེས་ཤུལ53གྱི་སྲོག་ཆགས་ཀྱི་རུས་པ་དང་། རྩི་ཤིང་ཤུལ་ལུས། དེ་མིན་མིས་བཟོས་བཅའ་དངོས་བཅས་ལ་ཞིབ་འཇུག་བྱས་པ་ཡིན་ཟེར།

ཞིབ་འཇུག་ལྟར་ན། གནའ་བོའི་མིའི་རིགས་མཚོ་བོད་ས་མཐོར་མཆེད་པར་གོམ་སྟབས་གསུམ་དུ་དབྱེ་ཤས་ཆེ། གོམ་སྟབས་དང་པོ། ཧ་ལམ་ལོ་ངོ་ཁྲི2ནས5200ཡི་བར་ཡིན་པ་དང་། རྡོ་ཆས་རྙིང་མའི་མི་ཚོགས་ཀྱིས་མཚོ་བོད་ས་མཐོར་ཚད་དམའ་བའི་དུས་ཚིགས་རང་བཞིན་གྱི་རྔོན་རྒྱག་བྱེད། གོམ་སྟབས་གཉིས་པ། ཧ་ལམ་ལོ་ངོ5200ནས3600ཡི་བར་དུ། ཁྲེ་འདེབས་ཞིང་ལས་མི་ཚོགས་མཚོ་བོད་ས་མཐོའི་བྱང་ཤར་གྱི་ས་བབ་མཐོ་ཚད་ལ་སྨི2500མན་གྱི་ལུང་གཞུང་དུ་གཞི་ཁྱོན་ཆེན་པོས་གཏན་སྡོད་བྱས། གོམ་སྟབས་གསུམ་པ། ཧ་ལམ་ལོ་ངོ3600ཡི་རྗེས་སུ། ཞིང་འབྲོག་མཉམ་འདྲེས་དཔལ་འབྱོར་མི་ཚོགས་མཐོ་ཚད་ལ་སྨི4700ཟིན་པའི་ས་བབ་མཐོ་བའི་ས་ཁུལ་དུ་གཞི་ཁྱོན་ཆེན་པོས་རྒྱ་སྐྱེད་བཏང་ཡོད།

ཐེངས་འདིའི་ཞིབ་འཇུག་ནང་ད་དུང་དབྱིན་ཇིའི་ཅན་ཆའོ་སློབ་ཆེན་དང་། ཨ་རིའི་ཕི་ཙི་པའོ་སློབ་ཆེན། མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་། པེ་ཅིང་སློབ་ཆེན། ཨ་རིའི་ཝ་ཧྲིང་ཐོན་སློབ་ཆེན་བཅས་ཀྱི་ཞིབ་འཇུག་མི་སྣ་ཡོད་པ་རེད།

གོམ་སྟབས་གསུམ།

【གོམ་སྟབས་དང་པོ།】ཧ་ལམ་ལོ་ངོ་ཁྲི2ནས5200ཡི་བར། དུས་ཚིགས་རང་བཞིན་གྱི་རྔོན་རྒྱག་པ།

【གོམ་སྟབས་གཉིས་པ།】ཧ་ལམ་ལོ་ངོ5200ནས3600ཡི་བར། ལུང་གཞུང་དུ་གཞི་ཁྱོན་ཆེན་པོས་གཏན་སྡོད་བྱས།

【གོམ་སྟབས་གསུམ་པ། 】ཧ་ལམ་ལོ་ངོ3600ཡི་རྗེས། ས་བབ་མཐོ་བའི་ས་ཁུལ་དུ་གཞི་ཁྱོན་ཆེན་པོས་རྒྱ་སྐྱེད་བཏང་།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ལྟ་སྐུལ། ཝུའུ་ཤིན་རི།
ཞུ་དག སྒྲོལ་མ།
སྒྲིག་སྒྱུར། རྟ་མགྲིན།

中央广播电视总台 央广网 版权所有

གནའ་བོའི་མིའི་རིགས་འདི་ལྟར་མཚོ་བོད་ས་མཐོར་གཞིས་ཆགས་པ།

གྲུབ་འབྲས་འདི་ཚེས20ཉིན་གྱི་ཨ་རིའི《ཚན་རིག》དུས་དེབ་སྟེང་སྤེལ་ཡོད། དཔྱད་རྩོམ་གྱི་ཐུན་མོང་འཕྲིན་གཏོང་རྩོམ་པ་པོ་ལན་ཀྲོའུ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པ་ཏུང་ཀོང་ཧུའེ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར།