ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

“སྟག་རྒན”གསུམ་པོ་འདིར་ཆད་པ་ལྕི་པོ་འདི་འདྲ་གཅོད་དོན་ཅི།

2019-11-30 10:04:00     责编:卓玛才让

     ལས་རིགས་ཉེས་གསོག་དང་འབྲེལ་བ་ཡོད་པའི་རུལ་སུངས་ལས་བྱེད་པའི་ཁྲོད། མི་མི་ཉུང་བ་ཞིག་ལ་ཁྲིམས་ཆད་གཅོད་སྐབས། ལྐོག་ཟ་བྱས་པ་དང་ལྐོག་རྔན་བླངས་པ་སོགས་ཀྱི་ཉེས་མིང་མང་པོ་ཡོད་པ་དང་། ད་དུང་ཁག་གཅིག་ཉེས་དོན་ཉེས་གསོག་གཞན་དང་འབྲེལ་བ་ཡོད་ཅིང་། མཐར་ཉེས་པ་མང་པོར་གཞིགས་ནས་ཆད་པ་སྡེབ་ལ་གཅོད་ཀྱི་ཡོད། འོ་ན་ནག་ཉེས་དུ་མའི་ཆད་པ་སྡེབ་གཅོད་ཟེར་བ་དེ་ཅི་ཡིན་ནམ། དེར་ཆད་པ་ཇི་ལྟར་གཅོད་དགོས་སམ་ཞེ་ན།

     ནག་ཉེས་དུ་མའི་ཆད་པ་སྡེབ་གཅོད་ཅེས་པ་ནི་ཉེས་པ་ཁག་གཉིས་ཡན་བསགས་པའི་ཉེས་ཅན་པར་ཆད་པ་གཅོད་སྐབས།  བསགས་པའི་ཉེས་པ་ཁག་སོ་སོར་བྱས་ཉེས་གཏན་འཁེལ་དང་ཉེས་ཆད་གཏན་འཁེལ་བྱས་རྗེས། རྩ་དོན་ངེས་ཅན་ལ་གཞིགས་ནས་ཉེས་ཆད་གཅོད་ཀྱི་ཡོད།

     ནག་ཉེས་དུ་མའི་ཆད་པ་སྡེབ་གཅོད་ཀྱི་སྤྱིར་བཏང་རྩ་དོན་ཐད། རང་རྒྱལ་གྱི་ཉེས་དོན་བཅའ་ཁྲིམས་ཀྱི་དོན་ཚན་དྲུག་ཅུ་རེ་དགུ་པའི་ནང་ལྕི་གཅོད་ཚོད་འཛིན་གྱི་རྩ་དོན་གཙོ་བོར་བཟུང་ཐོག ནག་ཉེས་ཆེ་བས་ཆུང་བ་སྡུད་པའི་རྩ་དོན་དང་སྡེབ་ཆད་གཅོད་པའི་རྩ་དོན་གྱིས་ཁ་གསབ་བྱས་པའི་བར་གཅོད་རྩ་དོན་གཏན་འཁེལ་བྱས་ཡོད། གཤམ་ལ་ང་ཚོས་“སྟག་རྒན་”གསུམ་གྱི་ཁྲིམས་བཅད་ཀྱི་དཔེ་གཞིར་གཟིགས་དང་།

གྱོད་དཔེ་དང་པོ། ཨན་ཧུའེ་ཞིང་ཆེན་མི་དམངས་སྲིད་གཞུང་གི་དེ་སྔའི་ཞིང་སྤྱི་གཞོན་པ་ཁྲེན་ཧྲུའུ་ལུང་གིས་ལྐོག་རྔན་བླངས་པ་དང་། དབང་ཆ་གང་བྱུང་དུ་སྤྱད་པ། གབ་འབྲེལ་ལྐོག་མཐུན་བྱས་པ། གསང་བ་ཕྱིར་གྱར་བ་བཅས་ཀྱི་ཉེས་པ་བསགས་པའི་གྱོད་གཞི།

     སྤྱི་ལོ་2019ལོའི་ཟླ་བ་4པའི་ནང་།   ཁྲེན་ཧྲུའུ་ལུང་གི་གྱོད་དོན་གྱི་འདྲི་གཅོད་ཐེངས་དང་པོའི་ཁྲུན་ཐག་བཅད་ཡོད་པ་སྟེ། ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མ་ཁྲེན་ཧྲུའུ་ལུང་གིས་ལྐོག་རྔན་བླངས་པའི་ནག་ཉེས་བསགས་པར།   ཚེ་གང་བཙོན་འཇུག་བྱ་རྒྱུ་དང་།   ཚེ་གང་གི་ཆབ་སྲིད་དབང་ཆ་འཕྲོག་རྒྱུ་མ་ཟད།  མི་སྒེར་གྱི་རྒྱུ་ནོར་ཚང་མ་གཞུང་བཞེས་གཏོང་རྒྱུ་དང་།   འགན་གནས་དབང་ཆ་གང་བྱུང་དུ་སྤྱད་པའི་ནག་ཉེས་བསགས་པར།   དུས་བཀག་བཙོན་འཇུག་ལོ་བརྒྱད་བྱ་རྒྱུ།   གབ་འབྲེལ་ལྐོག་མཐུན་བྱས་པའི་ནག་ཉེས་བསགས་པ་དང་།  གསང་བའི་ཆ་འཕྲིན་ཕྱིར་གྱར་བའི་ཉེས་པ་བསགས་པར།   དུས་བཀག་བཙོན་འཇུག་ལོ་བདུན་བྱ་རྒྱུ་མ་ཟད།  དངུལ་ཆད་མི་དམངས་ཤོག་སྒོར་དུང་ཕྱུར1དང་བྱེ་བ7གཅོད་རྒྱུ།   ནག་ཉེས་དེ་དག་གི་ཆད་པ་སྡེབ་ལ་བཅད་ནས།   ཚེ་གང་བཙོན་འཇུག་བྱ་རྒྱུ་དང་།   ཚེ་གང་གི་ཆབ་སྲིད་དབང་ཆ་འཕྲོག་རྒྱུ་མ་ཟད།  མི་སྒེར་གྱི་རྒྱུ་ནོར་ཚང་མ་གཞུང་བཞེས་གཏོང་རྒྱུའི་ཁྲིམས་ཐག་བཅད་པ་རེད།

     གཏན་འབེབས་གཞིར་བཟུང་།   ཁྲུན་གཅོད་ཁྱབ་བསྒྲགས་བྱས་པའི་ནང་གི་ནག་ཉེས་གཙོ་བོ་ཁ་ཤས་(རང་རྒྱལ་གྱི་ཉེས་དོན་བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་ནག་ཉེས་གཙོ་བོ་ནི།  རྩིས་སྤྲོད་དོ་དམ་དང་།  བཀག་ཉར།  དུས་བཀག་བཙོན་འཇུག   ཚེ་གང་བཙོན་འཇུག   སྲོག་ཐོག་ཁྲིམས་གཅོད་བཅས་ཡིན།)ཁྲོད།   སྲོག་ཐོག་ཁྲིམས་གཅོད་དམ་ཡང་ན་ཚེ་གང་བཙོན་འཇུག་གཉིས་ནས་གཅིག་ཡོད་ཚེ།   སྲོག་ཐོག་གཏོང་དགོས་པའམ་ཡང་ན་ཚེ་གང་བཙོན་འཇུག་བྱ་རྒྱུ་ཡིན་པ་རེད།    དེ་ནི་ཉེས་ཆད་གཅིག་འཐུས་སུ་གཏོང་བའི་རྩ་དོན་ཡིན།

    ཁྲེན་ཧྲུའུ་ལུང་གི་གྱོད་དོན་ནང་།  ཁྲེན་ཧྲུའུ་ལུང་གིས་ཉེས་པ་ཁག་གསུམ་བསགས་ཡོད་པས།  ཁག་སོ་སོར་ཚེ་གང་བཙོན་འཇུག་དང་།   དུས་བཀག་བཙོན་འཇུག་ལོ་བརྒྱད།  དུས་བཀག་བཙོན་འཇུག་ལོ་བདུན་བཅས་བྱ་རྒྱུའི་ཁྲིམས་ཐག་བཅད་ཡོད།   དེའི་ཁྲོད་ཁོ་པར་ཁྲུན་ཐག་བཅད་པའི་ནང་ཚེ་གང་བཙོན་འཇུག་གཅིག་ཡོད།  དེ་མིན་གྱི་དུས་བཀག་བཙོན་འཇུག་ལོ་བརྒྱད་དང་།  དུས་བཀག་བཙོན་འཇུག་ལོ་བདུན་གྱི་ནག་ཉེས་གཙོ་བོ་དེ་གཉིས་ནི་ཉེས་ཆད་གཅིག་འཐུས་སུ་གཏོང་དགོས་པས།   མཐའ་མཇུག་ཏུ་ཁོ་པར་ཚེ་གང་བཙོན་འཇུག་གི་ཆད་པ་བཅད་ཡོད་པ་རེད།  

གྱོད་དཔེ་གཉིས་པ། རྒྱལ་ཁབ་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུད་ཀྱི་དེ་སྔའི་ཅུད་ཀྲང་གཞོན་པ་ཝུ་ཀྲེན་གྱིས་ལྐོག་ངན་བླངས་པ་དང་། འགན་གནས་གང་བྱུང་བེད་སྤྱོད་བྱས་པའི་གྱོད་གཞི།

     སྤྱི་ལོ་2019ལོའི་ཟླ་11པར། ཝུ་ཀྲེན་གྱི་གྱོད་གཞིའི་འདྲི་ཞིབ་དང་པོའི་ཁྲུན་ཐག་བཅད་ཡོད། ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མ་ཝུ་ཀྲེན་གྱིས་ལྐོག་ངན་བླངས་པའི་ནག་ཉེས་ཀྱི་ཐོག་ནས་དུས་བཀག་བཙོན་འཇུག་ལོ་བཅུ་གཅིག་བྱ་རྒྱུ་མ་ཟད། མི་དམངས་ཤོག་སྒོར་ཁྲི་100ཡི་དངུལ་ཆད་གཅོད་རྒྱུ་དང་། འགན་གནས་གང་བྱུང་བེད་སྤྱོད་བྱས་པའི་ནག་ཉེས་ཀྱི་ཐོག་ནས་དུས་བཀག་བཙོན་འཇུག་ལོ་དགུ་བྱ་རྒྱུའི་ཐག་བཅད་པ་དང་། མཐར་དུས་བཀག་བཙོན་འཇུག་ལོ་བཅུ་དྲུག་དང་སྒོར་ཁྲི100ཡི་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུའི་ཐག་བཅད་པ་རེད། 

     གཏན་འབེབས་ལ་གཞིགས་ན། ཉེས་ཆད་མང་པོའི་ཁྲོད་དུས་བཀག་བཙོན་འཇུག་དང་། བཀག་ཉར་རམ་རྩིས་སྤྲོད་དོ་དམ་བཅས་གཉིས་ཡན་ཡོད་ན། སྡེབ་ཆད་ཁུར་ཡུན་གྱི་སྡོམ་གྲངས་མན་དང་། ནག་ཉེས་མང་པོའི་ཁྲོད་ཀྱི་དུས་བཀག་རིང་ཤོས་ཡན་གྱི་ཚད་བཀག་ལྟར། ཉེས་ཆད་ཁུར་ཡུན་བབ་བསྟུན་སྒོ་ནས་གཏན་འཁེལ་བྱེད་དགོས་པ་མ་ཟད་ལག་བསྟར་བྱ་དགོས། འོན་ཀྱང་། དོ་དམ་རྩིས་སྤྲོད་ཀྱི་དུས་ཡུན་རིང་ཤོས་ལ་ལོ་གསུམ་ལས་བརྒལ་མི་ཆོག་པ་དང་། བཀག་ཉར་བྱེད་པའི་དུས་ཡུན་རིང་ཤོས་ལ་ལོ་གཅིག་ལས་བརྒལ་མི་ཆོག་པ། དུས་བཀག་བཙོན་འཇུག་གི་སྡེབ་ཆད་ཁུར་ཡུན་ཁྱོན་བསྡོམས་ལོ་སུམ་ཅུ་སོ་ལྔ་མ་ཟིན་པ་དག་ལ། དུས་བཀག་བཙོན་འཇུག་རིང་ཤོས་ལ་ལོ་ཉི་ཤུ་ལས་བརྒལ་མི་ཆོག་པ་དང་། སྡེབ་ཆད་ཁུར་ཡུན་ཁྱོན་བསྡོམས་ལོ་སུམ་ཅུ་སོ་ལྔ་ཡན་ཟིན་པར། དུས་བཀག་བཙོན་འཇུག་རིང་ཤོས་ལ་ལོ་ཉི་ཤུ་རྩ་ལྔ་ལས་བརྒལ་མི་ཆོག དེ་ནི་ལྕི་གཅོད་ཚོད་འཛིན་གྱི་རྩ་དོན་ཞེས་པ་དེ་རེད། 

     ཝུ་ཀྲེན་གྱི་གྱོད་གཞིའི་ཁྲོད། ཝུ་ཀྲེན་གྱིས་ནག་ཉེས་ཁག་གཉིས་བསགས་པས། ཁག་སོ་སོར་དུས་བཀག་བཙོན་འཇུག་ལོ་བཅུ་གཅིག་དང་། དུས་བཀག་བཙོན་འཇུག་ལོ་དགུའི་ཁྲིམས་ཆད་བཅད་པ་རེད། ལྕི་གཅོད་ཚོད་འཛིན་གྱི་རྩ་དོན་ལྟར། ཝུ་ཀྲེན་ལ་གོང་གི་ལོ་ཚད་དེ་གཉིས་ཀྱི་བསྡོམ་གྲངས་མན་དང་། ཉེས་ཆད་ཁུར་ཡུན་རིང་ཤོས་ལོ་བཅུ་གཅིག་ཡན་གྱི་བར་གཅོད་གཏན་འཁེལ་ལ་གཞིགས་ན། སྡེབ་ཆད་ཁུར་ཡུན་ལོ་སུམ་ཅུ་སོ་ལྔ་མ་ཟིན་པར་བརྟེན། ཉེས་ཆད་ཁུར་ཡུན་རིང་ཤོས་ལ་ལོ་ཉི་ཤུ་ལས་བརྒལ་མི་ཆོག ཝུ་ཀྲེན་ལ་མཐའ་མཇུག་དུས་བཀག་བཙོན་འཇུག་ལོ་བཅུ་དྲུག་བྱ་རྒྱུ་གཏན་འཁེལ་བྱས་ཤིང་། དེ་ནི་གོང་གསལ་གཏན་འབེབས་དང་མཐུན་གྱི་ཡོད། 

     དེ་མིན། གལ་སྲིད་ནག་ཉེས་སྣ་ཚོགས་ཀྱི་ཁྲོད་དུས་བཀག་བཙོན་འཇུག་དང་བཀག་ཉར་གྱི་ཆད་པ་ཡོད་ཚེ། དུས་བཀག་བཙོན་འཇུག་ལག་བསྟར་བྱེད་དགོས། གལ་སྲིད་ནག་ཉེས་སྣ་ཚོགས་ཁྲོད་དུས་བཀག་བཙོན་འཇུག་དང་རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་ཡོད་པའམ་བཀག་ཉར་དང་རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་ཡོད་ཚེ། དུས་བཀག་བཙོན་འཇུག་དང་བཀག་ཉར་ལག་བསྟར་བྱས་པའི་རྗེས། རྩིས་སྤྲོད་དོ་དམ་སྔར་བཞིན་ལག་བསྟར་བྱ་དགོས། 

གྱོད་དཔེ་གསུམ་པ། ཀུའེ་ཀྲོའུ་ཞིང་ཆེན་མི་དམངས་སྲིད་གཞུང་གི་དེ་སྔའི་ཞིང་སྤྱི་གཞོན་པ་ཝང་ཞའོ་ཀོང་གིས་ལྐོག་ངན་བླངས་པ་དང་། ལྐོག་ཟ་བྱས་པ། གབ་འབྲེལ་ལྐོག་མཐུན་བྱས་པ་བཅས་ཀྱི་ནག་ཉེས་བསགས་པ།

     སྤྱི་ལོ་2019ལོའི་ཟླ་4པར། ཝང་ཞའོ་ཀོང་གི་གྱོད་གཞིའི་འདྲི་གཅོད་ཐེངས་དང་པོའི་ཁྲུན་ཐག་བཅད་ཡོད། ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མ་ཝང་ཞའོ་ཀོང་གིས་ལྐོག་རྔན་བླངས་པའི་ནག་ཉེས་བསགས་པར་དམིགས་ཏེ་དུས་བཀག་བཙོན་འཇུག་ལོ་བཅུ་བཞི་བྱ་རྒྱུ་མ་ཟད་དངུལ་ཆད་མི་དམངས་ཤོག་སྒོར་ཁྲི300གཅོད་རྒྱུའི་ཐག་གཅོད་བྱས་པ་དང་། ལྐོག་ཟ་བྱས་པའི་ཉེས་པ་བསགས་པར་དམིགས་ཏེ་དུས་བཀག་བཙོན་འཇུག་ལོ་ལྔ་བྱ་རྒྱུ་མ་ཟད། དངུལ་ཆད་མི་དམངས་ཤོག་སྒོར་ཁྲི50གཅོད་རྒྱུའི་ཐག་བཅད་ཡོད། གབ་འབྲེལ་ལྐོག་མཐུན་བྱས་པའི་ནག་ཉེས་བསགས་པར་དམིགས་ནས་དུས་བཀག་བཙོན་འཇུག་ལོ་བདུན་བྱ་རྒྱུ་མ་ཟད། དངུལ་ཆད་མི་དམངས་ཤོག་སྒོར་དུང་ཕྱུར1དང་བྱེ་བ7གཏོང་རྒྱུའི་ཐག་གཅོད་བྱས་ཡོད། དུས་བཀག་བཙོན་འཇུག་ལོ་ཉི་ཤུ་ལག་བསྟར་བྱ་རྒྱུའི་ཐག་གཅོད་བྱས་པ་མ་ཟད་དངུལ་ཆད་མི་དམངས་ཤོག་སྒོར་དུང་ཕྱུར1དང་བྱེ་བ7དང་ས་ཡ3དང5འབུམ་གཅོད་རྒྱུའི་ཐག་བཅད། ཝང་ཞའོ་ཀོང་གིས་ལྐོག་རྔན་བླངས་པ་དང་། ལྐོག་ཟ་བྱས་པ། གབ་འབྲེལ་ལྐོག་མཐུན་སོགས་ཀྱི་ཁྲིམས་འགལ་ཐོབ་ཆ་དང་དེ་ལས་བྱུང་བའི་ཁེ་བཟང་ཡོད་ཚད་ཁྲིམས་ལྟར་གཞུང་བཞེས་བཏང་ནས་རྒྱལ་མཛོད་ནང་འཇུག་རྒྱུའི་ཐག་བཅད་ཡོད།

     གཏན་འབེབས་ལ་གཞིགས་ན། བྱས་ཉེས་གྲངས་འབོར་མང་པོའི་ཁྲོད་ཟུར་སྣོན་ཉེས་ཆད་(རང་རྒྱལ་གྱི་ཉེས་ཁྲིམས་ནང་གཏན་འབེབས་བྱས་པའི་ཟུར་སྣོན་ཉེས་ཆད་ནང་། དངུལ་ཆད་གཅོད་པ་དང་། ཆབ་སྲིད་དབང་ཆ་འཕྲོག་པ། རྒྱུ་ནོར་གཞུང་བཞེས་གཏོང་བ་བཅས་རེད་)བཅད་པའི་རིགས་ལ་སྔར་བཞིན་ཟུར་སྣོན་ཉེས་ཆད་གཅོད་རྒྱུ་དང་། དེ་དག་ཁྲོད་ཟུར་སྣོན་ཉེས་ཆད་རིགས་འདྲ་བ་ཁག་ཟླ་སྒྲིལ་བཏང་ནས་ལག་ལེན་བསྟར་རྒྱུ་དང་། རིགས་མི་འདྲ་བ་ཁག་བགོས་སུ་ལག་ལེན་བསྟར་རྒྱུ་རེད། དེ་ནི་སྡེབ་ཆད་གཅོད་པའི་རྩ་དོན་ཡིན།

     ཝང་ཞའོ་ཀོང་གི་གྱོད་གཞིའི་ནང་། ཝང་ཞའོ་ཀང་གིས་བྱས་ཉེས་རིགས་གསུམ་བསགས་ཡོད་པ་དང་། ཉེས་ཆད་གཙོ་བོ་ཕུད། ད་དུང་ཁག་སོ་སོར་བྱས་ཉེས་ཟླ་སྒྲིལ་དུ་བཏང་ནས་ཉེས་ཆད་མི་དམངས་ཤོག་སྒོར་ཁྲི་300གཅོད་རྒྱུ་མ་ཟད། མི་དམངས་ཤོག་སྒོར་ཁྲི་50དང་མི་དམངས་ཤོག་སྒོར་དུང་ཕྱུར1དང་བྱེ་བ7ཟུར་སྣོན་ཉེས་ཆད་ཆབས་སྦྲགས་སུ་གཅོད་རྒྱུ་རེད།  སྡེབ་ཆད་གཅོད་པའི་རྩ་དོན་གྱི་རྩིས་རྒྱག་སྟངས་ལ་གཞིགས་ན། ཆདཔ་བཅད་པ་གསུམ་པོའི་གྲངས་འབོར་བསྡོམས་པས་ཁྱོན་སྒོར་དུང་ཕྱུར1དང་བྱེ་བ7དང་ས་ཡ་3དང5འབུམ་ཟིན་པས། འདི་ནི་ཝང་ཞའོ་ཀོང་ལ་ཉེས་ཆད་ཆབས་སྦྲགས་སུ་བཅད་པའི་མཐའ་མའི་ཆད་གཅོད་ཀྱི་གྲངས་འབོར་ཡིན་པ་རེད།

     བྱས་ཉེས་མང་པོའི་ཆད་པ་སྡེབ་གཅོད་བྱེད་སྐབས་བྱས་ཉེས་བསག་པའི་སྤྱི་འབོར་ལྟར་ཐག་གཅོད་བྱེད་ཀྱི་ཡོད། དེ་ནི་བཅའ་ཁྲིམས་ཐོག་ཅུང་ནན་པའི་ལམ་ལུགས་ཤིག་ཡིན། དེ་ལས་གནམ་རྙི་གཞི་རྒྱ་ཆེ་ན་ཡང་། མི་ངན་ཐར་བའི་སྲུབས་ཀ་མེད་ཅེས་པའི་དཔེ་ལྟར། བྱས་ཉེས་བསགས་ཕྱིན། རེ་རེ་བཞིན་ཁྲིམས་རྒྱར་ཚུད་རྒྱུ་ལས་ཐར་ཐབས་མེད་པ་བསྟན་ཡོད།

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཡིག་སྒྱུར། ཟླ་བ་ཚེ་རིང་། བསྟན་འཛིན་འཇམ་དཔལ། རིན་ཆེན་དབང་འདུས།

中央广播电视总台 央广网 版权所有

“སྟག་རྒན”གསུམ་པོ་འདིར་ཆད་པ་ལྕི་པོ་འདི་འདྲ་གཅོད་དོན་ཅི།