ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

▶མདོ་ལར་ཁངས་ཆེན་བབས་པས་བགྲོད་ལམ་ཤར་གཏོང་ལ་འགོག་རྐྱེན་ཐེབས་པ།

2019-10-07 17:59:00     责编:桑吉卓玛

 

 

 

 

ཡུལ་དངོས་ཀྱི་བརྙན།

       མཚོ་སྔོན་ཞིང་ཆེན་གྱི་མདོ་ལ་ས་ཁུལ་དུ་ཁངས་ཆེན་བབས་ནས་བགྲོད་ལམ་ཤར་གཏོང་བྱེད་པར་འགོག་རྐྱེན་ཐེབས་ཡོད་པས་འགྲིམ་འགྲུལ་བགྲོད་ལམ་བཀག་སྡོམ་བྱས་འདུག

       མཚོ་སྔོན་འགྲིམ་འགྲུལ་ཉེན་རྟོག་པས་མདོ་ལ་རྫོང་གི་མཁར་དམར་གྱི་ལམ་ངོས་སུ་ཁངས་བབས་པ་ཧ་ཅང་ཚབས་ཆེ་བས་རླངས་འཁོར་བགྲོད་སྐྱོད་ཀྱི་ཆ་རྐྱེན་འཛོམས་མེད་པ་ཁྱབ་བསྒྲགས་བྱས། 

ཁངས་འཁྱགས་ཀྱི་གྲང་ངར་ལ་མ་འཛེམ་པར་གཞན་ཕན་གྱི་ལས་ལ་གཞོལ་བའི་འགྲིམ་འགྲུལ་ཉེན་རྟོག་པ།

ད་ལྟ་མདོ་ལ་རྫོང་གི་མཁར་དམར་གྱི་ལམ་ངོས་སུ་རླངས་འཁོར་བགྲོད་སྐྱོད་བྱ་མི་ཐུབ་པས་ ཟི་ལིང་ནས་ཀྲང་དབྱི་བར་བགྲོད་པའི་ཁ་ལོ་བས་བགྲོད་ལམ་བསྐོར་ནས་བགྲོད་དགོས་པ་དང་། ཁ་ལོ་བས་གནམ་གཤིས་ཀྱི་འགྱུར་ལྡོག་དང་ལམ་གྱི་གནས་ཚུལ་ལ་དོ་སྣང་ཆེན་པོ་བྱས་ཏེ་རླངས་འཁོར་བརྟན་པོ་སྒོས་བསྐོར་ནས་བདེ་འཇགས་ངང་བགྲོད་སྐྱོད་བྱ་དགོས། 

       མཚོ་སྔོན་འགྲིམ་འགྲུལ་ཉེན་རྟོག་པས་རྒྱལ་ལམ 227 གྱི་ མདོ་ལ་རྫོང་གི་མཁར་དམར ་གྱི་ལམ་དུམ་ལ་ཁངས་བབས་པ་ཧ་ཅང་ཚབས་ཆེ་བས་ཕྱོགས་གཉིས་ཀའི་འགྲིམ་འགྲུལ་བགྲོད་ལམ་བཀག་སྡོམ་བྱས་ཡོད།

ཁངས་འཁྱགས་ཁྲོད་རང་གི་ལས་དོན་ལ་འབད་ཀྱིན་པའི་འགྲིམ་འགྲུལ་ཉེན་རྟོག་པ།

    མཚོ་སྔོན་འགྲིམ་འགྲུལ་སྤྱི་ཁྱབ་རུ་ཁག་བཀོད་འདོམས་ལྟེ་གནས་ཀྱིས་ལམ་ངོས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱས་པར་གཞིགས་ན། རྒྱལ་ལམ 227 གྱི་ མདོ་ལ་རྫོང་གི་མཁར་དམར་གྱི་མངའ་ཁོངས་སུ་ཁངས་བབས་པའི་རྐྱེན་གྱིས་ཅིན་དབྱང་ལིང་དང་མདོ་ལ་རྫོང་གི་མཁར་དམར་གྱི་ལམ་ངོས་སུ་དར་ཆགས་ཡོད་པ་རེད། ད་ལྟ་ལམ་དུམ་དེའི་ཕྱོགས་གཉིས་ཀའི་བགྲོད་ལམ་འགྲིམ་འགྲུལ་བཀག་སྡོམ་བྱས་ཡོད།

 མདོ་ལ་རུ་ཆེན་མཁར་དམར་རུ་འབྲིང་གི་རོགས་སྒྲུབ་མི་དམངས་ཉེན་རྟོག་པས་དོ་དམ་བྱ་ཡུལ་དུ་ཉེན་རྟོག་པ་མང་དུ་མངགས་ནས་རླངས་འཁོར་རེ་རེའི་ཁ་ལོ་བར་བདེ་འཇགས་ཀྱི་དྲན་སྐུལ་བྱས་པ་སྟེ། རྒྱ་ཆེའི་ཁ་ལོ་བས་འགྲིམ་འགྲུལ་བཀག་སྡོམ་དང་དོ་དམ་བྱེད་པའི་རིང་འགྲིམ་འགྲུལ་ཉེན་རྟོག་པའི་བཀོད་འདོམས་ལ་ཉན་ཏེ་བདེ་འཇགས་ངང་རླངས་འཁོར་བགྲོད་སྐྱོད་བྱ་ཐུབ་པར་སྒུག་ནས། ཁངས་ཆར་བབས་པའི་ལམ་ངོས་དང་མཐོང་ཚད་དམའ་བའི་ལམ་དུ་ངེས་པར་དུ་རླངས་འཁོར་གཟབ་ནན་ངང་བསྐོར་བ་དང་མྱུར་ཚད་རན་པའམ་ཇེ་དལ་དུ་གཏང་ནས་བགྲོད་པ། རླངས་འཁོར་གྱི་བར་ཐག་རྒྱུན་འཁྱོངས་བཅས་བྱས་ཏེ་བགྲོད་ལམ་བདེ་འཇགས་དང་གོ་རིམ་ལྡན་པ། ཤར་བགྲོད་ཐུབ་པ་བཅས་འགན་ལེན་བྱས་ནས་བགྲོད་ལམ་འགྲིམ་འགྲུལ་གྱི་དོན་རྐྱེན་འབྱུང་བ་གཏན་འགོག་བྱ་དགོས།

 

 

 

 

ཡུལ་དངོས་ཀྱི་བརྙན།

 

གསར་འགོད་པས་ཡུལ་དངོས་ནས་རྒྱུས་ལོན་བྱས་པ་ལྟར་ན། ཁངས་ཀྱི་མཐུག་ཚད་ལ་ལི་སྨི50ཟིན་ཡོད་པ་རེད།

 

 

 

ཡུལ་དངོས་ཀྱི་བརྙན།

 

 

ཡོང་ཁུངས། ཨ་མདོ་བརྙན་གསར།

ལྟ་སྐུལ། ཝང་ཧྥེ།

རྩོམ་སྒྲིག་པ། ལྷ་སྐྱིད།

中央广播电视总台 央广网 版权所有