▶མཁའ་རླུང་སྦག་བཙོག་གིས་ལོ་རེར་མི་ས་ཡ་༧ལྷག་འཆི་བཞིན་པ།
སྤེལ་བའི་དུས་ཚོད། : 2018-05-03 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཨ་རིའི་མཁའ་དབྱིངས་ལས་ཁུངས་ཀྱིས་བཟོས་པའི་འཛམ་གླིང་གི་ས་ཁུལ་སོ་སོའི་མཁའ་རླུང་སྦག་བཙོག་ཐེབས་ཚུལ་གྱི་བརྙན་ཞིག

  འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་སྤྱི་ཟླ་༥ཚེས་༢ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། རྒྱལ་ཁབ་མི་ཉུང་བས་མཁའ་རླུང་བཙོག་སྐྱོན་ལ་ཁ་གཏད་གཅོག་པའི་ལས་དོན་མི་ཉུང་བ་སྤེལ་བཞིན་ཡོད་ནའང་། འཛམ་གླིང་གི་མི་༡༠རེའི་ནང་མི་༩ཙམ་གྱིས་ད་དུང་ཡང་བཙོག་སྐྱོན་ཆེན་པོ་ཐེབས་པའི་མཁའ་རླུང་ཁྲོད་འཚོ་བ་སྐྱེལ་བཞིན་ཡོད་པ་དང་། ལོ་རེར་མཁའ་རླུང་བཙོག་སྐྱོན་གྱིས་རྐྱེན་བྱས་ཏེ་ཚེ་སྲོག་ཤོར་བཞིན་པའི་མི་ས་ཡ་༧ཙམ་ཟིན་ཡོད་པ་རེད།

  བཙོག་སྐྱོན་ཐེབས་པའི་མཁའ་རླུང་ཁྲོད་དུ་མིའི་གློ་བ་དང་སྙིང་། ཁྲག་རྩ་བཅས་ཀྱིས་ནང་ཟུག་པའི་དུག་རྡུལ་འདུས་ཡོད་ཅིང་། དུག་རྡུལ་དེ་དག་གིས་གྲིབ་ནད་དང་སྙིང་ནད། གློ་སྐྲན། གློ་གཅོང་སོགས་བསྐྱེད་ཀྱིན་ཡོད་པ་དང་། ནད་དེ་དག་གིས་མིའི་ཚེ་སྲོག་འཕྲོག་བཞིན་ཡོད།

  མཁའ་རླུང་བཙོག་སྐྱོན་ཐེབས་རྐྱེན་གཙོ་བོ་ནི་བཟོ་ལས་དང་ཞིང་ལས། འགྲིམ་འགྲུལ། རྡོ་སོལ་འབུད་པའི་གློག་གི་བཟོ་གྲྭ། ཁྱིམ་ཚང་གི་གཡོས་སྦྱོར་སོགས་དང་། དེ་བཞིན་བྱེ་མ་དང་གད་སྙིགས་སྲེག་པ། ནགས་ཚལ་འབྲེག་གཅོད་བྱས་པ་སོགས་ཡིན་པ་རེད།

  འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་བརྟག་དཔྱད་འབྲས་བུ་ལྟར་ན། མཁའ་རླུང་བཙོག་སྐྱོན་གྱིས་ཤི་བའི་མིའི་བརྒྱ་ཆའི་༩༠ཙམ་ནི་ཡོང་འབབ་དམའ་འབྲིང་ཅན་གྱི་ཨེ་ཤ་ཡ་དང་ཧྥེ་གླིང་ནས་ཡིན་པ་དང་། མཁའ་རླུང་བཙོག་སྐྱོན་ཐེབས་པ་ཚབས་ཆེ་ཤོས་ཀྱི་ས་ཁུལ་ནི་དབུས་རྒྱ་མཚོ་ཤར་མ་དང་ཨེ་ཤ་ཡ་ཤར་ལྷོའི་ཁུལ་ཡིན་ཞིང་། དེ་རྗེས་ཧྥེ་གླིང་དང་ཞི་བདེ་རྒྱ་མཚོ་ཤར་མའི་ཁུལ་ཡིན། སྤྱིའི་ཆ་ནས་ཡོང་འབབ་མཐོ་བའི་རྒྱལ་ཁབ་ཀྱི་མཁའ་དབུགས་བཙོག་སྐྱོན་ཐེབས་ཚད་ཆེས་ཆུང་བ་སྟེ། ལྷག་པར་དུ་ཡོ་རོབ་དང་གླིང་ཆེན་ཨ་མེ་རི་ཁ། ཞི་བདེ་རྒྱ་མཚོའི་ཁུལ་བཅས་ཀྱི་མཁའ་རླུང་ནི་གཙང་ཤོས་སུ་གྱུར་ཡོད།

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  རྩོམ་སྒྲིག་པ། རྡོ་རྗེ་གཡུ་སྒྲོན།