ཆ་འཕྲིན་ཐེར་འདོན། mzjubao@cnr.cn

སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ཁ་ལུའོ་སི·ནུའོ་ཝར་རྟེན་འབྲེལ་གློག་འཕྲིན་བཏང་བ།

2026-07-30 17:15:00     责编:卓玛才让
 རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་7ཚེས་29ཉིན་ཁ་ལུའོ་སི·ནུའོ་ཝར་གློག་འཕྲིན་བཏང་ནས། ཁོང་སོ་ཐོ་མེ་དང་ཕུ་རིན་སི་ཕེ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་ཐོན་བྱུང་ནས་འགན་གནས་བསྟུད་འཛིན་བྱས་པར་རྟེན་འབྲེལ་ཞུས་གནང་བ་རེད།

ཞི་ཅིན་ཕིང་གིས། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་སོ་ཐོ་མེ་དང་ཕུ་རིན་སི་ཕེ་བར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་ཚུལ་ཡག་པོ་ཡོད་པ་དང་། ཕྱོགས་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་རྒྱུན་མཐུད་ཟབ་ཏུ་ཕྱིན་པ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་དང་འབྲེལ་བ་ཡོད་པའི་ཐད་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱས་པ། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ང་རང་ནས་ཀྲུང་གོ་དང་སོ་ཐོ་མེ་དང་ཕུ་རིན་སི་ཕེ་བར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། ཙུང་ཐུང་ནུའོ་ཝ་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱ་རྒྱུ་གོ་སྐབས་སུ་བྱས་ནས། ཀྲུང་གོ་དང་སོ་ཐོ་མེ་དང་ཕུ་རིན་སི་ཕེ་བར་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་བསྐྲུན་འདོད་ཡོད་ཅེས་བསྟན་གནང་བ་རེད།

中央广播电视总台 央广网 版权所有

ཞི་ཅིན་ཕིང་གིས་ཁ་ལུའོ་སི·ནུའོ་ཝར་རྟེན་འབྲེལ་གློག་འཕྲིན་བཏང་བ།