ཞི་ཅིན་ཕིང་གིས་བྱང་ཁོ་རེ་ཡར་རྒྱལ་དོན་འཚམས་འདྲི་གནང་མཇུག་འགྲིལ་བ།
2026-06-10 09:47:00 责编:卓玛才让
ཟླ་6ཚེས་9ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བྱང་ཁོ་རེ་ཡར་རྒྱལ་དོན་འཚམས་འདྲི་གནང་མཇུག་ལེགས་པར་འགྲིལ་རྗེས་པེ་ཅིང་དུ་ཕྱིར་ལོག་གནང་ཡོད།
སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་ཟླ་ཕེང་ལི་ཡོན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རེན་ཚའེ་ཆི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱི་སོགས་ཕེབས་རོགས་མི་སྣ་གནམ་གྲུ་གཅིག་གི་ནང་བཞུགས་ཏེ་ཕྱིར་ལོག་གནང་ཡོད།
















