ཆ་འཕྲིན་ཐེར་འདོན། mzjubao@cnr.cn

སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་ཀྲུང་དབྱང་གི་ལས་བྱེད་པའི་སློབ་གྲྭར་གཟིཌ་སྐོར་དུ་ཕེབས།

2026-06-09 16:08:00     责编:卓玛才让
 ས་གནས་དེ་གའི་དུས་ཚོད་ཟླ་བ་6ཚེས་9ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་དོན་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་གྱི་ཕེབས་རོགས་འོག ཕོང་ཡང་དུ་གནས་པའི་བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་ཀྲུང་དབྱང་གི་ལས་བྱེད་པའི་སློབ་གྲྭར་གཟིགས་སྐོར་དུ་ཕེབས་ཡོད།

ཆུ་ཚོད་11ཐོག ཞི་ཅིན་ཕིང་ཆེད་གཏོང་རླངས་འཁོར་ལ་བཞུགས་ནས་དེ་གར་འབྱོར་བ་དང་། ཅིན་ཀྲེང་ཨེན་གྱིས་སློབ་གྲྭའི་མཚོན་རྟགས་རང་བཞིན་གྱི་འཛུགས་སྐྲུན་ཏེ་བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་གི་མཚོན་རྟགས་རྡོ་རིང་མདུན་དུ་ཕེབས་སྒུག་ཞུས་ཡོད། དགེ་སློབ་བརྒྱ་ཕྲག་ལྷག་གིས་ལམ་གྱི་གཞོགས་གཉིས་སུ་རུ་སྟར་སྒྲིག་ནས་ཕེབས་བསུར་བཅར་བ་དང་། དགེ་སློབ་ཀྱི་འཐུས་མིས་ཞི་ཅིན་ཕིང་ལ་མེ་ཏོག་ཕུལ་ཡོད།

ཅིན་ཀྲེང་ཨེན་གྱི་ཕེབས་རོགས་འོག ཞི་ཅིན་ཕིང་གིས་ཞབས་ཐང་མར་སློབ་གྲྭའི་སྐས་རིམ་སློབ་ཁང་དུ་ཕེབས་པ་དང་། སློབ་ཁང་ནང་དུ་སློབ་མ་རྣམས་ཙོག་པོར་བསྡད་ཡོད་པ་དང་། སློབ་སྟོན་པས་བྱང་ཁོ་རེ་ཡའི་ཕྱི་འབྲེལ་སློབ་ཚན་ཁྲོད་ཀྱི་ཀྲུང་གོ་དང་བྱང་ཁོ་རེ་ཡའི་འབྲེལ་བའི་ནང་དོན་སློབ་ཁྲིད་གནང་བཞིན་ཡོད། ཀྲུང་གོ་དང་བྱང་ཁོ་རེ་ཡའི་ཏང་གཉིས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་དང་བསྟུན་ནས་དགེ་སློབ་རྣམས་ཀྱིས་ཡར་ལངས་ནས་ཏང་གཉིས་པོའི་སྤྱི་ཁྱབ་ཧྲུའུ་ཅིར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་ཡོད། ཞི་ཅིན་ཕིང་དང་ཅིན་ཀྲེང་ཨེན་རྣམ་གཉིས་ཀྱིས་སློབ་ཁྲིད་ལ་གཟིགས་ཞོར་སྐབས་སྐབས་སུ་དབུ་ལྕོག་ལྕོག་གིས་བསྔགས་བརྗོད་གནང་ཡོད།

སྐས་རིམ་སློབ་ཁང་ནས་ཞལ་གྱེས་རྗེས། ཞི་ཅིན་ཕིང་དང་ཅིན་ཀྲེང་ཨེན་རྣམ་གཉིས་ཀྱིས་གློག་སྒུལ་རླངས་འཁོར་ལ་བཞུགས་ཏེ་སློབ་གྲྭར་གཟིགས་སྐོར་གནང་བ་དང་། ལམ་བར་དུ་སློབ་གྲྭའི་རྨང་གཞིའི་སྒྲིག་བཀོད་དང་། སློབ་ཁྲིད་ཀྱི་ནང་དོན་བཀོད་སྒྲིག་སོགས་ངོ་སྤྲོད་ཞུས་པ་གསན་ཡོད།

སློབ་ཁྲིད་ཐོག་ཁང་བར་གྱི་ནགས་སའི་ཐོག་ཏུ་ཕེབས་ནས། ཞི་ཅིན་ཕིང་དང་ཅིན་ཀྲེང་ཨེན་རྣམ་གཉིས་ཀྱིས་ཕྱག་ཏུ་སྦྱག་མ་བཟུང་ནས་ལྕང་མར་ས་རྒྱག་པ་དང་། ཆུ་བརྒྱབ་ནས་ཚུང་ཧྲུའུ་ཤིང་བཙུགས་གནང་ཡོད། ཚུང་ཧྲུའུ་ཤིང་ནི་དུས་བཞིར་སྔོ་ལྗང་ཡིན་ཞིང་། ཀྲུང་གོ་དང་བྱང་ཁོ་རེ་ཡའི་མཛའ་གྲོགས་ནམ་ཡང་ཉམས་པ་མེད་པ་མཚོན་ཡོད། དེ་རྗེས། ཏང་གཉིས་པོའི་ཆེས་མཐོའི་འགོ་ཁྲིད་མི་སྣའི་དཔང་པོའི་འོག ཚའེ་ཆི་དང་བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུད། ཀྲུང་དབྱང་ཧྲུའུ་ཅི་ཅིན་ཚའེ་ལུང་གཉིས་ནས་མཉམ་དུ་ཤིང་བཙུགས་མཚོན་རྟགས་བྱང་བུའི་ཡོལ་བ་ཕྱེ་ཡོད། མཚོན་རྟགས་བྱང་བུའི་མདུན་ངོས་སུ་ཀྲུང་གོ་དང་བྱང་ཁོ་རེ་ཡའི་ཡིག་རིགས་གཉིས་ཀྱི་ཐོག་ནས་ཀྲུང་གོ་དང་བྱང་ཁོ་རེ་ཡའི་མཛའ་གྲོགས་ཇི་སྲིད་བར་དུ་གནས་གྱུར་ཅིག་ཅེས་པའི་ཡིག་འབྲུ་ཆེན་པོ་འགའ་བྲིས་ཡོད། ཕྱོགས་གཉིས་པོའི་ཕེབས་རོགས་མི་སྣ་དང་བྱང་ཁོ་རེ་ཡའི་སློབ་མའི་ཐལ་མོའི་རྡེབ་སྒྲའི་ཁྲོད་དུ་ཞི་ཅིན་ཕིང་དང་ཅིན་ཀྲེང་ཨེན་རྣམ་གཉིས་ཀྱིས་ཤིང་འཛུགས་མཚོན་རྟགས་བྱང་བུའི་མདུན་དུ་ཕྱག་བཏང་ནས་དྲན་རྟེན་སྐུ་པར་བསྐྱོན་ཡོད།

ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས་ཡོད།

འཛམ་གླིང་སྐར་ཁུངས།

ཨུ་ཡུག་གདོང་ཐུག་གི་གནས་ཚུལ་གསར་ཤོས།

མིག་སྔར། ཡུག་རེན་ཕྱོགས་ཀྱི་རོགས་སྐྱོབ་དང་ཉེན་རྟོག་ལས་དོན། གྲོང་ཁྱེར་དོ་དམ། མྱུར་སྐྱོབ་མི་སྣ་བཅས་ཀྱིས་རྒྱུན་མཐུད་ངང་མེ་གསོད་པ་དང་མི་སྣ་འཚོལ་སྐྱོབ། རྨས་མ་སྐྱོབ་བཅོས་བཅས་ཀྱི་ལས་དོན་སྤེལ་བཞིན་ཡོད།

中央广播电视总台 央广网 版权所有

ཞི་ཅིན་ཕིང་བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་ཀྲུང་དབྱང་གི་ལས་བྱེད་པའི་སློབ་གྲྭར་གཟིཌ་སྐོར་དུ་ཕེབས།