ཆ་འཕྲིན་ཐེར་འདོན། mzjubao@cnr.cn

སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་དང་ཕུའུ་ཅིང་ནས་བརྙན་ལམ་བརྒྱུད་མཇལ་འཕྲད་གནང་བ།

2026-02-06 09:32:00     责编:卓玛才让
 ཟླ་2ཚེས་4ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་བརྙན་ལམ་བརྒྱུད་མཇལ་འཕྲད་གནང་ཡོད།

ཞི་ཅིན་ཕིང་གིས་ཙུང་ཐུང་ཕུའུ་ཅིང་དང་ཨུ་རུ་སུའི་མི་དམངས་ལ་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་གནང་ཡོད། ཁོང་གིས། དེ་རིང་ཀྲུང་གོའི་ལུགས་རྙིང་ལོའི་དཔྱིད་ཚུགས་དང་ཏག་ཏག་འཁེལ་བ་དེའི་ཐོག་ནས་དཔྱིད་ཀྱི་དཔལ་ཡོན་ས་གཞི་ཆེ་མོར་བཞད་པ་དང་ལས་རྣམ་ཀུན་གྱི་འགོ་གསར་པ་ཚུགས་པ་མཚོན་གྱི་ཡོད། ང་རང་ས་ཙུང་ཐུང་ཕུའུ་ཅིང་དང་ལྷན་དུ་དོན་སྙིང་གིས་ཕྱུག་པའི་ཉིན་མོ་འདིར་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བའི་འཆར་གཞི་གསར་པ་མཉམ་དུ་འགོད་འདོད་ཡོད་ཅེས་གསུངས་གནང་ཡོད། ཕུའུ་ཅིང་གིས། དཔྱིད་ཚུགས་ཀྱི་དུས་འདིར་སྐྱེ་དངོས་ཀུན་ལ་སླར་ཡང་གསོན་ཤུགས་གསར་པ་རྒྱས་པས། ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བ་ཡང་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་འགྲོ་བ་དང་ཡར་ཐོན་ཡོང་རྒྱུ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་གོའི་མི་དམངས་ལ་ལོ་གསར་གྱི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། གྱི་ལིང་གི་སྙིང་སྟོབས་ཕེལ་བ་དང་བསམ་དོན་ཡིད་བཞིན་འགྲུབ་པའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་གནང་ཡོད། 

ཞི་ཅིན་ཕིང་གིས། འདས་ཟིན་པའི་ལོ་གཅིག་ནང་ང་རྣམ་གཉིས་ཀྱིས་ཐུག་འཕྲད་ཐེངས་གཉིས་བྱས་ཏེ་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་གོང་འཕེལ་གྱི་དུས་མཚམས་གསར་པ་སླེབས་རྒྱུར་སྣེ་ཁྲིད་བྱས་ཡོད། རྒྱལ་ཁབ་གཉིས་ཀྱིས་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་པ་དང་། ཕྱོགས་གཉིས་པོས་འཛམ་གླིང་དམག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱེད་པའི་ཆོད་སེམས་བརྟན་པོ་མངོན་ཡོད། ཕྱོགས་གཉིས་པོའི་དཔལ་འབྱོར་ཉོ་ཚོང་གི་འགྲོ་འོང་བརྟན་པོ་བྱུང་བ་དང་། ཀྲུང་གོ་དང་ཨུ་རུ་སུའི་རིག་གནས་ལོ་ཐུགས་གྲ་ལེགས་འགྲིག་ངང་མཇུག་བསྡུས་པ། རྒྱལ་ཁབ་གཉིས་པོའི་མི་ཆོས་རིག་གནས་སྤེལ་རེས་ཀྱི་མཉམ་ལས་སྐས་རིམ་གསར་པ་སླེབས་ཏེ། མི་སྣའི་འགྲོ་འོང་སྔར་བས་ཟབ་ཏུ་ཕྱིན་ཡོད། ཕྱོགས་གཉིས་པོས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་ཐེན་ཅིན་དབུ་ཚོགས་དང་མོ་སི་ཁོའི་ཙུང་ལིའི་གྲོས་ཚོགས་སྔ་རྗེས་སུ་བདེ་བླག་ངང་གཙོ་གཉེར་བྱས་པ་དང་། ཕྱོགས་མང་རོགས་ལས་ལ་ཤུགས་སྣོན་བརྒྱབ་ནས། དེ་བས་དྲང་གཞག་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་རྒྱུར་མུ་མཐུད་འབད་བརྩོན་བྱས་ཡོད་ཅེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། ་ལོ་ནི་ཀྲུང་གོའི་ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པ་འགོ་ཚུགས་པའི་ལོ་ཡིན་པས། ཀྲུང་གོས་ཆུ་ཚད་དེ་བས་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་སྔར་བས་ཧུར་ཐག་དང་རང་འགུལ་ངང་རྒྱ་ཆེར་གཏོང་བ་དང་། ཨུ་རུ་སུ་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་་གོང་འཕེལ་གྱི་གོ་སྐབས་གསར་པ་མཉམ་སྤྱོད་བྱ་རྒྱུ་ཡིན། ་ལོ་ནི་ཀྲུང་གོ་དང་ཨུ་རུ་སུའི་དབར་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་ངོ་30འཁོར་བའི་ལོ་དང་། ཀྲུང་གོ་དང་ཨུ་རུ་སུའི་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཆིངས་ཡིག་ལ་མིང་རྟགས་བཀོད་དེ་ལོ་25འཁོར་བའི་ལོ། ཀྲུང་གོ་དང་ཨུ་རུ་སུའི་སློབ་གསོའི་ལོ་འགོ་ཚུགས་པ་བཅས་ཀྱི་ལོ་ཡང་ཡིན། ཕྱོགས་གཉིས་པོས་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་དང་། མཐོ་རིམ་བར་གྱི་འགྲོ་འོང་དམ་ཟབ། ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱིས་སྔར་ལས་གཏིང་ཟབ་པའི་འཐབ་ཇུས་རོགས་ལས་དང་སྔར་ལས་དགེ་མཚན་ལྡན་ཞིང་འཇོན་ནུས་ཡོད་པའི་རྒྱལ་ཁབ་ཆེན་པོའི་འགན་འཁུར་བར་བརྟེན་ནས། ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་མུ་མཐུད་ཡང་དག་པའི་ལམ་བུའི་ཐོག་རྒྱུན་ཆད་མེད་པར་གོང་འཕེལ་འགྲོ་རྒྱུ་འགན་ལེན་བྱ་དགོས་ཞེས་ནན་སྟོན་གནང་ཡོད། 

ཞི་ཅིན་ཕིང་གིས། ལོ་གསར་པ་ཤར་ཚུན། རྒྱལ་སྤྱིའི་དུས་བབ་ལ་སྔར་བས་གཡོ་འགུལ་ཐེབས་བཞིན་ཡོད། འགན་འཁུར་མཁན་གྱི་རྒྱལ་ཁབ་ཆེན་པོ་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཡིན་པའི་ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་ཀྱི་ངོས་ནས་བརྗོད་ནརྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་ལ་བརྟན་སྲུང་བྱེད་པར་སྐུལ་འདེད་གཏོང་བ་དང་། འཛམ་གླིང་དམག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་ལ་སྲུང་སྐྱོང་བརྟན་པོ་བྱེད་པ། མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱས་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་རྩའི་ཚད་གཞིར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། གོ་ལ་ཧྲིལ་པོའི་འཐབ་ཇུས་བརྟན་ལྷིང་ལ་ལག་གདང་སྦྲེལ་ནས་སྲུང་སྐྱོང་བྱེད་པ་བཅས་ཀྱི་འོས་འགན་ཡོད་ཅེས་གསུངས་གནང་ཡོད།

ཕུའུ་ཅིང་གིས། འདས་ཟིན་པའི་ལོ་གཅིག་ནང་། ཨུ་རུ་སུ་དང་ཀྲུང་གོས་ཐུན་མོང་ཐོག་འཛམ་གླིང་དམག་ཆེན་གཉིས་པར་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུས་པ་དང་། ཨུ་རུ་སུ་དང་ཀྲུང་གོའི་མི་དམངས་ཀྱིས་གཅེས་པའི་ཚེ་སྲོག་སྐྱེས་སུ་ཕུལ་བ་སོགས་ཀྱི་བློས་གཏོང་ཆེན་པོ་བྱས་ནས་ཐོབ་པའི་འཛམ་གླིང་ཞི་བདེར་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ་དང་ལོ་རྒྱུས་ཀྱི་དོན་དངོས་གནས་ཚུལ་ལ་སྲུང་སྐྱོང་བྱས་ཡོད། རྒྱལ་ཁབ་གཉིས་པོའི་དབར་ཉོ་ཚོང་དང་། ནུས་ཁུངས། ཚན་རྩལ། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཇི་ཙམ་བྱས་པ་དེ་ཙམ་གྱི་ཟབ་ཏུ་སོང་བ་དང་། མི་ཆོས་རིག་གནས་སྤེལ་རེས་ཉིན་རེ་བཞིན་ཟབ་ཏུ་ཕྱིན་པ། རིག་གནས་ལོ་ཐུགས་གྲ་ལེགས་འགྲིག་བྱུང་བ། ཕན་ཚུན་འཐུས་མཆན་འགོད་མི་དགོས་པའི་སྲིད་ཇུས་ལག་ལེན་བསྟར་བ་དེས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་འགྲོ་འོང་སྔར་བས་སྟབས་བདེར་གྱུར་ཡོད། ལོ་གསར་པར་རྒྱང་ལྟ་བྱས་ཚེ། ཨུ་རུ་སུ་ཕྱོགས་ཀྱིས་ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བར་ཡིད་ཆེས་ཀྱིས་ཁེངས་ཡོད། ཕྱོགས་གཉིས་པོས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་ལ་སྲུང་སྐྱོང་བྱེད་པར་མུ་མཐུད་དུ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་དར་རྒྱས་མངོན་འགྱུར་ཡོང་བར་བྱེད་པ། སློབ་གསོ་དང་རིག་གནས་སོགས་ཁྱབ་ཁོངས་ཀྱི་མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས། རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བའི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོའི་དབར་མཉམ་འབྲེལ་རྒྱལ་ཚོགས་དང་། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས། འབོ་གསེར་རྒྱལ་ཁབ་སོགས་ཕྱོགས་མང་ལས་སྟེགས་སུ་འཐབ་ཇུས་རོགས་ལས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས། རྒྱལ་སྤྱིའི་བྱ་དོན་ལ་དྲང་ནུས་སྣོན་འདོད་ཡོད།  ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོས་ཧྲེན་ཀྲེན་དུ་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་འཚོགས་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱ་རྒྱུ་ཡིན་ཞེས་གསུངས་གནང་ཡོད། 

རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ད་དུང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་རྟག་གླེང་གནད་དོན་ཐད་དགོངས་འཆར་བརྗེ་རེས་གནང་ཡོད།

ཝང་དབྱི་གོང་གསལ་བྱེད་སྒོར་ཞུགས་ཡོད།

中央广播电视总台 央广网 版权所有

ཞི་ཅིན་ཕིང་དང་ཕུའུ་ཅིང་ནས་བརྙན་ལམ་བརྒྱུད་མཇལ་འཕྲད་གནང་བ།