ཆ་འཕྲིན་ཐེར་འདོན། mzjubao@cnr.cn

སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ཆ་ཏེའི་ཙུང་ཐུང་ལ་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།

2024-05-22 10:27:00     责编:娜科

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་5ཚེས་20ཉིན་མུ་ཧན་མོ་ཏེ•དབྱི་ཏེ་ལི་སི•ཏའེ་པི•དབྱི་ཐེ་ནུའོ་ལ་གློག་འཕྲིན་བཏང་ནས། ཁོང་ཆ་ཏེ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུས་པ་རེད། 

ཞི་ཅིན་ཕིང་གིས། ཉེ་ལམ་ལོ་ཤས་རིང་། ཀྲུང་གོ་དང་ཆ་ཏེའི་འབྲེལ་བ་གོང་འཕེལ་གྱི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད་པ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་པ། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་ཏན་ཏིག་ཐེབས་པ། རྒྱལ་སྤྱིའི་རོགས་ལས་དེ་བས་དམ་ཟབ་ཏུ་ཕྱིན་ཡོད། ང་རང་ནས་ཀྲུང་གོ་དང་ཆ་ཏེའི་འབྲེལ་བ་གོང་འཕེལ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་བཞིན་པ་དང་། ཙུང་ཐུང་མུ་ཧན་མོ་ཏེ་དང་ལྷན་དུ་འབད་བརྩོན་བྱས་ཏེ། ཕན་ཚུན་རྒྱབ་སྐྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་མཛའ་གྲོགས་མཉམ་ལས་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་དེ་བས་ཆེ་བ་བསྐྲུན་འདོད་ཡོད་ཅེས་བསྟན་ཡོད། 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག སྐལ་བཟང་བདེ་སྐྱིད།

ཡིག་སྒྱུར། ཟླ་བ་ཚེ་རིང་། 

中央广播电视总台 央广网 版权所有

ཞི་ཅིན་ཕིང་གིས་ཆ་ཏེའི་ཙུང་ཐུང་ལ་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།