ཆ་འཕྲིན་ཐེར་འདོན། mzjubao@cnr.cn

སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་འདིར་ལན་ཆ་བཟང་པོ་བྱུང་འདུག

2023-12-02 11:26:00     责编:娜科

     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཟླ་11ཚེས་30ཉིན་ཧྲང་ཧའེ་རུ་འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཡོད། ཁོང་གིས་འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གལ་ཆེའི་འགག་གཏོར་གསར་པ་ཐོབ་པ་བྱས་ནས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཁྲོད་སྣེ་ཁྲིད་དང་དཔེ་སྟོན་གྱི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད། 

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་གནས་བབ་ཧྲིལ་པོ་དང་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཆར་འགོད་གསར་པ་བཟོས་ཡོད། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རྩ་བའི་གཞི་འཛིན་སར་བྱས་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། འཕྱུགས་པ་མེད་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་ཐོག དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྒྱུན་ཆད་མེད་པར་རྩོམ་རྒྱུ་ཡིན་ཞེས་བརྗོད་ཡོད། 

འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་འཕེལ་རྒྱས་གཏོང་བའི་འཐབ་ཇུས་བཏོན་པ་མ་ཟད་ལག་ལེན་བསྟར་ནས་ལོ་5སོང་རིང་། འཆར་འགོད་ཀྱི་སྲིད་ཇུས་མ་ལག་གྲུབ་ཁར་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་། འཁྲུག་ཆ་དོད་པའི་འཕར་སྣེའི་ནུས་པ་ཟམ་མི་ཆད་པར་བརྟན་དུ་གོང་མཐོར་བཏང་བ། དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་བཙུགས་པ། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བར་འགག་གཏོར་གལ་ཆེན་བྱུང་ཡོད། 

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་། འབྲི་ཆུའི་ཟུར་གསུམ་གླིང་ས་ཁོངས་ཀྱིས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ས་ཁོངས་ལས་སྒྲོལ་བའི་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་དགོས། ཚན་རྩལ་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཐོན་ལས་གསར་པ་དང་། ལས་རྣམ་གསར་པ། མ་དཔེ་གསར་པ་བཅས་ཐོན་པར་བྱ་དགོས་ཞེས་ནན་སྟོན་གནང་ཡོད། 

ཅང་སུའུ་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་གི་ཐིང་ཀྲང་ཀྲུའུ་ཨའེ་ཤུན་གྱིས། བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་བྱས་ཏེ་སྲོལ་རྒྱུན་ཐོན་ལས་བརྗེ་བསྒྱུར་དང་། གསར་དར་ཐོན་ལས་རྒྱ་སྐྱེད། འབྱུང་འགྱུར་ཐོན་ལས་སྐྱེད་སྲིང་བཅས་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། ཧུའུ་ཉིང་ཐོན་ལས་གསར་གཏོད་ཁུལ་དང་། ཐའེ་ཧུའུ་མཚེའུ་ཡི་ཚན་རིག་གསར་གཏོད་ཁུལ་སོགས་གཞི་རྟེན་གལ་ཆེན་སྐྱེད་སྲིང་མགྱོགས་སུ་གཏོང་བ་དང་། གོ་ལ་ཧྲིལ་པོར་ཤུགས་རྐྱེན་ལྡན་པའི་ཐོན་ལས་གསར་གཏོད་ཀྱི་མཐོ་ས་གཏོད་པ། འཛམ་གླིང་རིམ་པའི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་ཁྱུ་ཚོགས་འཛུགས་སྐྲུན་མགྱོགས་སུ་གཏོང་བ། ཐོན་ལས་ཀྱི་སྦྲེལ་ཐག་སྟོབས་ཆེ་དང་རྒྱུན་མཐུད་ཁ་གསབ་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་བཅས་ཀྱིས། འབྲི་ཆུའི་ཟུར་གསུམ་གླིང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ“དཔལ་འབྱོར་གྱི་གྲུ་གནོན་རྡོ་དང་། འཕེལ་རྒྱས་ཀྱི་སྒུལ་ཤུགས་འབྱུང་ཁུངས། བསྒྱུར་བཅོས་ཀྱི་ཚོད་ལྟའི་ཞིང་ཁ”བཅས་ཡག་པོ་བསྐྲུན་རྒྱུ་ཡིན་ཞེས་གསུངས་པ་རེད། 

ཀྲེ་ཅང་ཞིང་ཆེན་འཕེལ་བསྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཁྲེན་ཧའེ་ཐའོ་ཡིས། ཀྲེ་ཅང་གིས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཆ་ཕྱོགས་ཡོངས་ནས་ཧྲང་ཧའེ་དང་སྦྲེལ་མཐུད་དང་། ཅང་སུའུ་དང་ཨན་ཧུའེ་དང་ལག་གདང་སྦྲེལ་བ། ཀྲེ་ཅང་གི་བཟང་ཆ་འདོན་སྤེལ། གྲངས་འཛིན་འབྲི་ཆུའི་ཟུར་གསུམ་གླིང་གི་སྣེ་ཁྲིད་པ་དང་ཚན་རྩལ་ཐོན་ལས་ཀྱི་བཟང་ཆ་གསར་པ་སྔར་བས་གཏོད་པ་བཅས་བྱེད་རྒྱུ་ཡིན། ཅ་ཧྲན་གྱི“དཔེ་སྟོན་གཉིས”སྔོན་ལ་བྱས་ཏེ་མཐུན་སྦྱོར་འཕེལ་རྒྱས་ཀྱི་ལམ་སྲོལ་གསར་པ་སྔར་བས་གཏོད་རྒྱུ་ཡིན་ཞེས་གསུངས་པ་རེད། 

འབྲི་ཆུའི་ཟུར་གསུམ་གླིང་གི་མངའ་ཁོངས་སུ་ཤོན་ཁྲེང་ནི་ཨན་ཧུའེ་དང་མཉམ་དུ་ཀྲེ་ཅང་དང་ཅང་སུའུ་འབྲེལ་མཚམས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཉག་ཅིག་དེ་ཡིན། ཨན་ཧུའེ་ཞིང་ཆེན་ཤོན་ཁྲེང་གྲོང་ཁྱེར་གྱི་དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུས་ཀྱི་ཅུས་ཀྲང་ཆིའུ་ཐེ་ཅུན་གྱིས། ང་ཚོས་ས་བབ་ཀྱི་བཟང་ཆ་འདོན་སྤེལ་བྱས་ཏེ་ཆུ་ཚད་མཐོ་པོས་འབྲི་ཆུའི་ཟུར་གསུམ་གླིང(ཤོན་ཁྲེང)ཐོན་ལས་མཉམ་ལས་ཁུལ་བཙུགས་ནས། ནུས་རྒྱུ་གསར་པ་དང་། རླངས་འཁོར་གྱི་ལྟེ་བའི་ལྷུ་ལག རྩེར་སོན་སྒྲིག་ཆས་བཟོ་སྐྲུན་སོགས་གཙོ་ཁྲིད་ཐོན་ལས་ཀྱི་རྨང་གཞིའི་བཟང་ཆ་འདོན་སྤེལ་བྱེད་པ་དང་། འབྲི་ཆུའི་ཟུར་གསུམ་གླིང་གི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་ལས་བགོས་མཉམ་ལས་ནང་གཏིང་ཟབ་ཞུགས་པ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད། 

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། འབྲི་ཆུའི་ཟུར་གསུམ་གླིང་ས་ཁོངས་ཀྱིས་གཞི་གཅིག་ཅན་གྱི་འཕེལ་རྒྱས་སྒྲིག་སྲོལ་དང་ལམ་སྲོལ་མགྱོགས་མྱུར་འཐུས་ཚང་དུ་གཏོང་དགོས་ཞེས་བསྟན་གནང་ཡོད། 

འབྲི་ཆུའི་ཟུར་གསུམ་གླིང་གི་འབྱུང་ཁམས་སྦགས་མེད་གཞི་གཅིག་ཅན་གྱི་འཕེལ་རྒྱས་དཔེ་སྟོན་ཁུལ་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཕྱོགས་བསྡུས་མཐུན་སྦྱོར་པུའི་པུའུ་ཀྲང་ཁྲེན་ཆན་སུང་གིས། དཔེ་སྟོན་ཁུལ་གྱིས་གཞི་གཅིག་ཅན་གྱི་ལམ་ལུགས་གསར་གཏོད་ཚོད་ལྟའི་ཞིང་ཁ་རྒྱུན་མཐུད་ངང་བསྐྲུན་རྒྱུ་དང་། དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། གཞི་གཅིག་ཅན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐབས་ལམ་ནུས་ལྡན་ཧུར་ཐག་ངང་བཏོད་དེ་འབྲི་ཆུའི་ཟུར་གསུམ་གླིང་གི་སྤུས་ཚད་དེ་བས་མཐོ་བའི་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་དཔེ་སྟོན་སྣེ་ཁྲིད་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད། 

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། འབྲི་ཆུའི་ཟུར་གསུམ་གླིང་ས་ཁོངས་ཀྱིས་རིམ་པ་མཐོ་བའི་མཐུན་སྦྱོར་སྒོ་དབྱེར་སྐུལ་འདེད་ཧུར་ཐག་གཏོང་དགོས། ལམ་ལུགས་རྣམ་པའི་སྒོ་འབྱེད་གཙོ་གནད་དུ་འཛིན་པའི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བ་དང་། བསྒྱུར་བཅོས་ཀྱི་ཉམས་མྱོང་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་རེས་དང་འདྲ་བཟོ་ཁྱབ་སྤེལ་བྱེད་པར་ཤུགས་སྣོན་རྒྱག་དགོས་ཞེས་ནན་སྟོན་གནང་ཡོད།

ཧྲང་ཧའེ་གྲོང་ཁྱེར་ཕུའུ་ཏུང་ཁུལ་གསར་འཕེལ་བསྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཤའོ་ལིན་གྱིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་འབྲི་ཆུའི་ཟུར་གསུམ་གླིང་ས་ཁོངས་ཀྱི་མཐོ་རིམ་མཐུན་སྦྱོར་སྒོ་དབྱེར་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གང་ལེགས་བྱས་པ་ཡིན། ཆུ་ཚད་མཐོ་བའི་ལམ་ལུགས་ཅན་གྱི་སྒོ་འབྱེད་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བར། ང་ཚོས་འབྲི་ཆུའི་ཟུར་གསུམ་གླིང་གི་རྒྱལ་སྤྱིའི་ཉོ་ཚོང་གི“སྐར་ཁུང་རྐྱང་པའི”མཉམ་ལས་མཉམ་སྐྲུན་ལམ་སྲོལ་ཟབ་སྤེལ་དང་། ས་ཁོངས་སྒྲོལ་བའི་འགག་སྒོའི་ལྟ་སྐུལ་དོ་དམ་ཕན་ཚུན་ཁས་ལེན་ལ་སྐུལ་འདེད། ཤེས་བྱའི་ཐོན་དབང་སྲུང་སྐྱོང་དང་གཞུང་དྲང་འགྲན་རྩོད་སོགས་མཐའ་མཚམས་རྗེས་ཀྱི་སྒྲིག་སྲོལ་ཁྱབ་ཁོངས་སུ་ས་ཁོངས་ལས་སྒྲོལ་བའི་རོགས་ལས་ལམ་སྲོལ་འཛུགས་གང་ཐུབ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད། 

ཀྲེ་ཅང་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་ཀྲོའུ་ཧྲན་དོ་དམ་ཨུ་ཡོན་ལྷན་ཁང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཕྱོགས་བསྡུས་ཆ་འཕྲིན་ཁྲུའི་ཁྲུའུ་ཀྲང་ཧོང་པོ་ཡིས། ང་ཚོས་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་གྱི་སྲིད་ཇུས་བཟང་ཆ་དང་སྒོ་དབྱེའི་ཁོར་ཡུག་ལ་བརྟེན་ནས་འབྲི་ཆུའི་ཟུར་གསུམ་གླིང་ལ་རྒྱལ་སྤྱིའི་ཁྲོམ་རའི་གོ་སྐབས་དེ་བས་མང་བ་མཁོ་འདོན་བྱས་ཡོད། སླད་ཕྱིན་ང་ཚོས་སྒོ་དབྱེའི་མཉམ་ལས་མུ་མཐུད་ཟབ་སྤེལ་དང་། ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་བ། དངུལ་རྩའི་གསར་གཏོད་དང་ཞབས་ཞུར་ཤུགས་སྣོན་རྒྱག་པ། འབྲི་ཆུའི་ཟུར་གསུམ་གླིང་ས་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་ཕྱོགས་བསྡུས་ནུས་པ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག ཟླ་བ་ཚེ་རིང་།

ཡིག་སྒྱུར། མཚམས་གཅོད།

འཛམ་གླིང་སྐར་ཁུངས།

ཕ་དབྱི་ཕྱོཊ་གཉིས་པོས་དམག་མཚམས་འཇོག་པའི་དུས་ཡུན་ནར་འགྱངས་བཏང་བ།

ས་གནས་དེ་གའི་དུས་ཚོད་ཟླ་11པའི་ཚེས་24ཉིན་གྱི་སྔ་དྲོའི་ཆུ་ཚོད་7པར། ཧ་མ་སི་དང་དབྱི་སི་རལ་གྱིས་ཀ་ཧྲ་ས་ཁུལ་དུ་གནས་སྐབས་དམག་མཚམས་འཇོག་པའི

中央广播电视总台 央广网 版权所有

ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་འདིར་ལན་ཆ་བཟང་པོ་བྱུང་འདུག

ཀྲེ་ཅང་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་ཀྲོའུ་ཧྲན་དོ་དམ་ཨུ་ཡོན་ལྷན་ཁང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཕྱོགས་བསྡུས་ཆ་འཕྲིན་ཁྲུའི་ཁྲུའུ་ཀྲང་ཧོང་པོ་ཡིས།