ཆ་འཕྲིན་ཐེར་འདོན། mzjubao@cnr.cn

སྲིད་དོན་གསར་འགྱུར།

བདེན་འཚོལ་དུས་དེབ་ཐོག་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ་བ།

2023-12-01 11:43:00     责编:娜科

  ཟླ་12པའི་ཚེས་1ཉིན་དཔེ་སྐྲུན་བྱས་པའི་《བདེན་འཚོལ》དུས་དེབ་འདོན་ཐེངས་23པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།  རྒྱལ་ཁབ་ཀྱི་ཀྲུའུ་ཞི།  ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་འགོ་བརྗོད་དུ། 《རྨོ་ཞིང་སྲུང་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། ས་ཞིང་བ་ཚྭ་ཅན་ཕྱོགས་བསྡུས་བསྒྱུར་བཀོད་དང་བེད་སྤྱོད་བྱ་རྒྱུར་དམ་འཛིན་བྱེད་དགོས》ཞེས་པ་སྤེལ་ཡོད།

རྩོམ་ཡིག་ནང་།  རྨོ་ཞིང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པའི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུག་གི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་ཡོང་བ་བྱེད་དགོས།  འབྲུ་རིགས་བདེ་འཇགས་ནི་རྒྱལ་ཁབ་ཀྱི་དོན་ཆེན་ཡིན་པ་དང་། རྨོ་ཞིང་ནི་འབྲུ་རིགས་ཐོན་སྐྱེད་བྱེད་པའི་སྲོག་རྩ་ལྟ་བུ་ཡིན།  ང་ཚོའི་ཏང་གིས་རྨོ་ཞིང་ལ་སྲུང་སྐྱོང་བྱེད་པའི་གནད་དོན་ལ་སྔ་བར་ཕྱི་གསུམ་དུ་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད།  ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན།  ཏང་ཀྲུང་དབྱང་གིས་སྔ་རྗེས་སུ་བྱ་ཐབས་ནན་པོ་རབ་དང་རིམ་པ་བཏོན་པ་དང་རྨོ་ཞིང་གི་དམར་ཐིག་བརྟན་སྲུང་བྱས་ཡོད་ཅིང་། རྨོ་ཞིང་གི་སྤྱིའི་གཞི་ཁྱོན་རྒྱུན་མཐུད་ཆག་པའི་རྣམ་པ་ཐོག་མའི་ཆ་ནས་བཀག་འགོག་ཐུབ་ཡོད།  དེ་དང་ཆབས་ཅིག རང་རྒྱལ་གྱི་མི་མང་ལ་ས་ཆ་ཉུང་བའི་རྒྱལ་ཚུལ་ལ་འགྱུར་ལྡོག་བྱུང་མེད་པ་དང་།   རྨོ་ཞིང་“ཞིང་མིན་ཅན”དང་“འབྲུ་མིན་ཅན”གྱི་གནད་དོན་སྔར་བཞིན་མངོན་གསལ་དོད་པོ་ཡོད་པ།   རྨོ་ཞིང་གི་དམར་ཐིག་སྲུང་བའི་རྨང་གཞི་ད་དུང་མི་འདང་བ།   ས་ཞིང་ཆུ་བེད་ཐད་ད་དུང་དངུལ་མང་པོ་ཆད་ཡོད་པ་སོགས་ཀྱི་གནད་དོན་ཐད་ངོས་འཛིན་གསལ་པོ་ཡོང་བ་བྱེད་དགོས།    དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག  རྨོ་ཞིང་སྲུང་སྐྱོང་གི་ལས་འགན་ཡང་དུ་ཕྱིན་མེད་ལ།  དེ་ལས་ལྡོག་སྟེ་སྔར་བས་དཀའ་ཚེགས་ཆེ་རུ་ཕྱིན་ཡོད་ཅེས་ནན་སྟོན་གནང་ཡོད། 

རྩོམ་ཡིག་ནང་ད་དུང་རྨོ་ཞིང་སྲུང་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་པའི་སྤྱིའི་རིག་ལམ་དང་འགག་རྩའི་བྱ་ཐབས་བཏོན་གནང་ཡོད།  རྩོམ་ཡིག་ནང་།   རྨོ་ཞིང་ལ་སྲུང་སྐྱོང་བྱེད་པ་ནི་མ་ལག་ལས་གྲྭ་ཞིག་ཡིན་ཞིང་།  མིག་སྔའི་ཆར་འབོར་ཚད་དང་སྤུས་ཚད་གཉིས་ཀ་སྟངས་འཛིན་ཡག་པོ་བྱེད་པ་དང་།  ཁྲིམས་འཛིན་ནན་པོ་བྱེད་པ།  མ་ལག་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ།  རྒྱུན་མཐུད་བེད་སྤྱོད་བྱེད་པ་སོགས་ཀྱི་བླང་བྱ་གལ་ཆེན་དམ་འཛིན་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས་ཞེས་ནན་སྟོན་གནང་བ་དང་།   རྨོ་ཞིང་གི་སྲོག་རྩ་དེ་བརྟན་སྲུང་ཡག་པོ་བྱེད་པར།  འགག་རྩའི་བྱ་ཐབས་ཁག་གཅིག་ངེས་པར་དུ་བཟུང་དགོས། དེ་ཡང་གཅིག་ནས་རྨོ་ཞིང་སྲུང་སྐྱོང་གི་འགན་འཁྲི་ནན་ཏུ་གཏོང་དགོས་པ་དང་།  གཉིས་ནས་རྨོ་ཞིང་གི་སྤུས་ཀ་ལེགས་སུ་གཏོང་དགོས་པ།   གསུམ་ནས་རྨོ་ཞིང་བཟུང་གསབ་དོ་སྙོམས་ལམ་ལུགས་བསྒྱུར་བཅོས་འཐུས་ཚང་དུ་གཏོང་དགོས་པ།   བཞི་ནས་ཞིང་པ་དང་ས་གནས་སྲིད་གཞུང་གིས་རྨོ་ཞིང་ལ་སྲུང་སྐྱོང་དང་།  འབྲུ་རིགས་འདེབས་འཛུགས་དང་འབྲུ་རིགས་དམ་འཛིན་བྱེད་པའི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱེད་དགོས་པ།  ལྔ་ནས་རིགས་ཁག་གི་སྲོལ་རྒྱུན་མ་ཡིན་པའི་རྨོ་ཞིང་ཐོན་ཁུངས་གསར་སྤེལ་ཧུར་ཐག་བྱེད་དགོས་པ་བཅས་ཡིན་ཞེས་ནན་སྟོན་གནང་ཡོད།  

རྩོམ་ཡིག་ནང་།  ས་ཞིང་བ་ཚྭ་ཅན་གྱི་ཕྱོགས་བསྡུས་བསྒྱུར་བཀོད་དང་བེད་སྤྱོད་དམ་འཛིན་ཡག་པོ་བྱེད་དགོས་པ་དང་།  ས་ཞིང་བ་ཚྭ་ཅན་གྱི་ཕྱོགས་བསྡུས་བསྒྱུར་བཀོད་བེད་སྤྱོད་ནི་རྨོ་ཞིང་སྲུང་སྐྱོང་དང་ལེགས་བཅོས་བྱེད་པའི་གལ་ཆེ་ས་ཞིག་ཡིན།  ས་ཞིང་བ་ཚྭ་ཅན་ཕྱོགས་བསྡུས་བསྒྱུར་བཀོད་དང་བེད་སྤྱོད་བྱེད་པ་དེར་དོན་སྙིང་གལ་ཆེན་ལྡན་ཡོད།  ས་ཞིང་བ་ཚྭ་ཅན་གསར་སྤེལ་དང་བེད་སྤྱོད་བྱེད་པའི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གང་ལེགས་བྱེད་པ་དང་།  ད་ཡོད་ས་ཞིང་བ་ཚྭ་ཅན་གྱི་བསྒྱུར་བཀོད་དང་ལེགས་བཅོས་ལ་ཤུགས་སྣོན་རྒྱག་པ།  ས་ཞིང་བ་ཚྭ་ཅན་ལ་འགྱུར་བར་སྔོན་འགོག་ནུས་ལྡན་བྱེད་པ་དང་།  ས་ཞིང་བ་ཚྭ་ཅན་གྱི་ཁྱད་ལྡན་ཞིང་ལས་དར་སྤེལ་གཏོང་བར་འབད་བརྩོན་ལྷོད་མེད་བྱེད་དགོས་ཞེས་བསྟན་གནང་ཡོད།  

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག གཡུ་སྒྲོན།

ཡིག་སྒྱུར། བསྟན་འཛིན་འཇམ་དཔལ། 

འཛམ་གླིང་སྐར་ཁུངས།

ཕ་དབྱི་ཕྱོཊ་གཉིས་པོས་དམག་མཚམས་འཇོག་པའི་དུས་ཡུན་ནར་འགྱངས་བཏང་བ།

ས་གནས་དེ་གའི་དུས་ཚོད་ཟླ་11པའི་ཚེས་24ཉིན་གྱི་སྔ་དྲོའི་ཆུ་ཚོད་7པར། ཧ་མ་སི་དང་དབྱི་སི་རལ་གྱིས་ཀ་ཧྲ་ས་ཁུལ་དུ་གནས་སྐབས་དམག་མཚམས་འཇོག་པའི

中央广播电视总台 央广网 版权所有

བདེན་འཚོལ་དུས་དེབ་ཐོག་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ་བ།