ཆ་འཕྲིན་ཐེར་འདོན། mzjubao@cnr.cn

སྲིད་དོན་གསར་འགྱུར།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་14ཉིན་ཧྲང་ཏ་མན་ལ་གློག་འཕྲིན་བཏང་གནང་ནས། ཁོང་གིས་སིང་ཀ་ཕོར་གྱི་ཙུང་ཐུང་གི་འགན་བཞེས་པར་བཀྲ་ཤིས་བདེ་ལེགས་ཞུས་ཡོད།

2023-09-16 17:15:00     责编:娜科

ཞི་ཅིན་ཕིང་གིས། ཀྲུང་གོ་དང་སིང་ཀ་ཕོར་ནི་ཕན་ཚུན་མཛའ་གྲོགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་དང་མཉམ་ལས་ཀྱི་རོགས་ཟླ་གལ་ཆེན་ཞིག་ཡིན། ཕྱོགས་གཉིས་པོའི་ཐུན་མོང་གི་འབད་བརྩོན་འོག ཀྲུང་གོ་དང་སིང་ཀ་ཕོར་རྒྱལ་ཁབ་གཉིས་པོས་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པ་དང་མཉམ་ལས་མཉམ་རྒྱལ་གྱི་ལེགས་གྲུབ་ལྡན་པའི་ལམ་བུའི་ཐོག་བསྐྱོད་དེ། རང་སོའི་གོང་འཕེལ་དང་དར་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་བ་མ་ཟད། ས་ཁུལ་རྒྱལ་ཁབ་ཀྱི་མཉམ་ལས་ལ་དཔེ་སྟོན་གྱི་ནུས་པའང་འདོན་སྤེལ་བྱས་ཡོད། ད་ལོ་ཀྲུང་གོ་དང་སིང་ཀ་ཕོར་གྱི་འབྲེལ་བ་དེ་ཆ་ཕྱོགས་ཧྲིལ་པོའི་སྤུས་ཚད་མཐོ་བའི་རྒྱང་ལྟའི་རང་བཞིན་གྱི་རོགས་ཟླའི་འབྲེལ་བར་རིམ་འཕར་བྱུང་བ་དེས་དུས་སྐབས་གསར་པར་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཆུ་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ང་རང་ནས་ཀྲུང་གོ་དང་སིང་ཀ་ཕོར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཙུང་ཐུང་ཧྲང་ཏ་མན་དང་ལས་ཀའི་འབྲེལ་བ་བཟང་པོ་བཙུགས་ཏེ། ཀྲུང་གོ་དང་སིང་ཀ་ཕོར་གྱི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་ཁྲིད་སྟོན་དང་། རྒྱལ་ཁབ་གཉིས་པོའི་དེང་རབས་ཅན་གྱི་འཕེལ་རིམ་དེ་བས་ལེགས་པའི་ངང་མཉམ་འདྲེས་དང་ཕན་ཚུན་སྐུལ་འདེད་གཏོང་རྒྱུར་སྐུལ་སྤེལ་བཏང་སྟེ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་དེ་བས་མང་བ་ཐོབ་ཆེད་དང་། ས་ཁུལ་ཞི་བདེ་དང་། དར་རྒྱས། བརྟན་ལྷིང་བཅས་ཡོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད་ཅེས་བསྟན་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག ཟླ་བ་ཚེ་རིང་།

ཡིག་སྒྱུར། སྐལ་བཟང་བདེ་སྐྱིད། 

中央广播电视总台 央广网 版权所有

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་14ཉིན་ཧྲང་ཏ་མན་ལ་གློག་འཕྲིན་བཏང་གནང་ནས། ཁོང་གིས་སིང་ཀ་ཕོར་གྱི་ཙུང་ཐུང་གི་འགན་བཞེས་པར་བཀྲ་ཤིས་བདེ་ལེགས་ཞུས་ཡོད།