ཆ་འཕྲིན་ཐེར་འདོན། mzjubao@cnr.cn

སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ཁོང་ཀོ་ཅིན་གྱི་ཙུང་ཐུང་དང་གྲོས་མོལ་གནང་བ།

2023-05-27 15:50:00     责编:桑吉卓玛

སྤྱི་ཟླ་5པའི་ཚེས་26ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཁོང་ཀོ་ཅིན་གྱི་ཙུང་ཐུང་ཆི་སའེ་ཁེ་ཏི་དང་གྲོས་མོལ་གནང་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་རྒྱལ་ཁབ་གཉིས་པོའི་མཉམ་ལས་གཉིས་རྒྱལ་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱ་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་ཡོད།

ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཁོང་ཀོ་ཅིན་རྒྱལ་ཁབ་གཉིས་པོས་མི་རིགས་བཅིངས་འགྲོལ་ལས་འགུལ་བརྩོན་ལེན་དང་བཙན་འཛུལ་ལ་ངོ་རྒོལ་བྱེད་པའི་ལོ་རྒྱུས་འཕེལ་རིམ་ཁྲོད་སྲོལ་རྒྱུན་གྱི་མཛའ་གྲོགས་འབྲེལ་བ་གཏིང་ཟབ་བཙུགས་ཡོད་པ་དང་། རྒྱ་ཁྱབ་ཀྱི་ངོས་འཛིན་གཅིག་མཐུན་ལྡན་པ་དང་། དཔུང་པ་མཉམ་གཤིབ་ཀྱི་འཐབ་ཇུས་རོགས་ཟླ་ཡང་ཡིན། ཉེ་བའི་ལོའི་ནང་། ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་། ཀྲུང་གོ་དེ་ཉིད་ལོ་མང་བསྟུད་མར་ཁོང་ཀོ་ཅིན་གྱི་ཉོ་ཚོང་རོགས་ཟླ་ཆེ་ཤོས་དང་ཕྱི་དངུལ་ཡོང་ཁུངས་རྒྱལ་ཁབ་ཆེ་ཤོས་སུ་གྱུར་བ་དང་། ཕྱོགས་གཉིས་པོའི་དབར་ཁེ་ཕན་གྱི་གཅིག་མཐུན་མ་ལག་དང་ལས་དབང་གི་གཅིག་མཐུན་མ་ལག་བརྟན་པོ་བཏོད་ཡོད། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ལེགས་འགྲུབ་ལྡན་པའི་ཉམས་མྱོང་ལས། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ལ་རང་རྒྱལ་ཁབ་ཀྱི་རྒྱལ་ཚུལ་དང་འཚམས་པའི་དེང་རབས་ཅན་གྱི་འགྲོ་ལམ་འཚོལ་ཞིབ་བྱེད་པའི་དབང་ཆ་ཡོད་ལ་དང་ནུས་པ་ཡང་ཡོད་པ་མངོན་ཡོད། ཀྲུང་གོའི་ཕྱོགས་ནས་ཁོང་ཀོ་ཅིན་དང་མཉམ་དུ་གོང་འཕེལ་འཐབ་ཇུས་ཀྱི་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་ཐོག གོང་འཕེལ་དར་རྒྱས་ཀྱི་ལམ་བུའི་ཐོག་ཕན་ཚུན་རྒྱབ་སྐྱོར་དང་། ཐུན་མོང་ཐོག་མཉམ་ལས་བྱེད་པ། གོང་འཕེལ་ལ་མཉམ་དུ་སྐུལ་འདེད་གཏོང་བ། ཐུན་མོང་ཐོག་ཡར་རྒྱས་ཡོང་བ་བཅས་བྱེད་འདོད་ཡོད། ཀྲུང་གོའི་སྤུས་ཚད་མཐོ་བའི་གོང་འཕེལ་གྱིས་ཁོང་ཀོ་ཅིན་ལ་མཉམ་ལས་ཀྱི་གོ་སྐབས་སྔར་ལས་མང་བ་དང་སྔར་བས་རྒྱ་ཆེ་བའི་ཁྲོམ་ར་མཁོ་འདོན་བྱེད་ཐུབ་པ་དང་། ཕྱོགས་གཉིས་འབྲེལ་བར་གོང་འཕེལ་སྔར་ལས་ལྷག་པ་ཡོང་རྒྱུར་སྐུལ་འདེད་ཐུབ་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས། ཀྲུང་གོའི་ཕྱོགས་ནས་སྔར་རྒྱུན་བཞིན་ཁོང་ཀོ་ཅིན་གྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་རོགས་སྐྱོར་བྱ་རྒྱུ་དང་། ཁོང་ཁོ་ཅིན་གྱི་བཟོ་ལས་ཅན་གྱི་འཐབ་ཇུས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ། ནུས་རྒྱུ་དང་། གཏེར་ལས། ཞིང་ལས། རྨང་གཞིའི་སྒྲིག་བཀོད། བཟོ་སྐྲུན་ལས་རིགས་སོགས་ཁྱབ་ཁོངས་ལ་རྒྱབ་སྐྱོར་བྱ་རྒྱུ། གྲངས་འཛིན་དཔལ་འབྱོར་དང་། སློབ་གསོ། འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱས་ནས། ཁོང་ཀོ་ཅིན་ལ་ཞིང་ལས་ལག་རྩལ་གྱི་ཆེད་མཁས་ཚོ་ཆུང་གཏོང་འདོད་ཡོད། ཁོང་ཀོ་ཅིན་ཕྱོགས་ནས་ཀྲུང་གོའི་ཁེ་ལས་ཀྱིས་ཁོང་ཀོ་ཅིན་དུ་མ་འཇོག་དང་ཐོན་ལས་དར་རྒྱས་གཏོང་རྒྱུར་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ཞབས་ཞུའི་སྟབས་བདེ་མཁོ་འདོན་བྱས་ཏེ། དྲང་གཞག་དང་། དྲང་བདེན། བདེ་འཇགས་བཅས་ཀྱི་ཚོང་གཉེར་ཁོར་ཡུག་གཏོད་རྒྱུའི་རེ་བ་ཡོད། ཀྲུང་གོའི་ཕྱོགས་ནས་ཕྱོགས་མང་བྱ་དོན་ནང་ཁོང་ཀོ་ཅིན་ཕྱོགས་དང་མཐུན་སྦྱོར་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། ཐུན་མོང་ཐོག་ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱ་རྒྱུ་དང་། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས། ཀྲུང་གོ་ནི་འཛམ་གླིང་ཐོག་གི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་དེ་ཡིན་པ་དང་། ཨ་ཧྥེ་རི་ཁ་གླིང་ནི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་གཅིག་སྡུད་ཆེ་ཤོས་ཀྱི་སྐམ་ས་དེ་ཡིན། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་དེ་ཉིད་སྔ་ནས་ད་བར་ལས་དབང་གཅིག་མཐུན་མ་ལག་ཡིན། མིག་སྔའི་རྒྱལ་སྤྱིའི་དུས་བབ་འོག ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་དེ་ཉིད་དེ་སྔའི་དུས་གང་རུང་ཞིག་ལས་ཀྱང་མཐུན་སྒྲིལ་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། ཕྱོགས་གཉིས་པོས་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་དར་སྤེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། རྣམ་པ་གང་རུང་གི་བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ། རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་བྱ་རྒྱུར་ངོ་རྒོལ། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོང་བཅས་བྱེད་དགོས། ཀྲུང་གོའི་ཕྱོགས་ནས་ཨ་ཧྥེ་རི་ཁ་གླིང་གིས་རང་བཙན་རང་བདག་གི་གོང་འཕེལ་འགྲོ་ལམ་ཐོག་བསྐྱོད་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ལ། ཨ་ཧྥེ་རི་ཁ་གླིང་དེ་ཉིད་འཛམ་གླིང་གི་ཆབ་སྲིད་དང་། དཔལ་འབྱོར། ཤེས་དཔལ་བཅས་ཀྱི་ཕྱོགས་གལ་ཆེན་ཞིག་ཏུ་འགྱུར་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོས་རང་ངོས་ཀྱི་གོང་འཕེལ་གསར་པར་བརྟེན་ནས་ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་ལ་གོ་སྐབས་གསར་པ་བསྐྲུན་པ་དང་། ཨ་ཧྥེ་རི་ཁ་གླིང་གི་གྲོགས་པོ་དང་མཉམ་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་ཏ་ཁར་གྲོས་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱེད་པ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་བ། ཨ་ཧྥེ་རི་ཁ་གླིང་རྒྱུན་མཐུད་གོང་འཕེལ་འགྲོ་རྒྱུར་རྒྱབ་སྐྱོར་བྱེད་པ། ལག་གདང་སྦྲེལ་ཏེ་དུས་རབས་གསར་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་ལས་དབང་གཅིག་མཐུན་མ་ལག་བསྐྲུན་པ་བཅས་བྱ་འདོད་ཡོད་ཅེས་ནན་སྟོན་གནང་ཡོད།

ཆི་སའེ་ཁེ་ཏིས། ང་རང་ནས་ཁོང་ཀོ་ཅིན་མི་དམངས་ཀྱི་ཚབ་ཞུས་ནས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་དང་ཀྲུང་གོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་རྒྱལ་ཁའི་ངང་སྐོང་འཚོགས་བྱས་པར་སླར་ཡང་སྤྲོ་སེམས་ཆེན་པོས་རྟེན་འབྲེལ་ཞུ་རྒྱུ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་ནས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འགན་གནས་བསྟུད་འཛིན་ཐུབ་པར་སླར་ཡང་སྤྲོ་སེམས་ཆེན་པོས་རྟེན་འབྲེལ་ཞུ་རྒྱུ། ཀྲུང་གོ་དེ་ཉིད་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུ་ཁྲིད་འོག་དུས་རབས་གསར་པར་གོང་འཕེལ་གྱི་གྲུབ་འབྲས་ཆེན་པོ་ཐོབ་པར་སྤྲོ་སེམས་ཆེན་པོས་རྟེན་འབྲེལ་ཞུ་རྒྱུ་ཡིན། ཀྲུང་གོས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་ངེས་ཡིན་པའི་ཡིད་ཆེས་ཡོད། དུས་རབས་ཕྱེད་ཀ་ཙམ་སོང་ཚུན། ཁོང་ཀོ་ཅིན་དང་ཀྲུང་གོའི་མཛའ་གྲོགས་མཉམ་ལས་ཀྱིས་དུས་ཚོད་ཀྱི་ཚོད་བགམ་ཐེག་པ་དང་གཡུར་ཟའི་གྲུབ་འབྲས་ཐོབ་པས་ཕྱོགས་གཉིས་པོས་ཐུན་མོང་ཐོག་གཅེས་འཛིན་བྱེད་འོས་པ་ཞིག་ཡོད། ཀྲུང་གོའི་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་ཁོང་ཀོ་ཅིན་གྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་རོགས་རམ་གལ་ཆེན་དང་རྩ་ཆེའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁོང་ཀོ་ཅིན་གྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་བསྟར་ནས་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཅིག་གྱུར་ཡོང་བའི་འབད་བརྩོན་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། ཁོང་ཀོ་ཅིན་གྱིས་ཀྲུང་གོའི་ཕྱོགས་དང་ལྷན་དུ། དཔལ་འབྱོར་ཉོ་ཚོང་དང་། ནུས་ཁུངས། རྨང་གཞིའི་སྒྲིག་བཀོད། སྨན་བཅོས་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཁོང་ཀོ་ཅིན་དང་ཀྲུང་གོའི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་རྒྱུ་དང་། གནད་སྨིན་བརྟན་ལྷིང་དང་གསར་གཏོད་རང་བཞིན་ལྡན་པའི་ཁོང་ཀྲུང་འབྲེལ་བ་འཛུགས་པ་བཅས་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་བསྐྲུན་འདོད་ཡོད་ཅེས་གསུངས་པ་རེད།

གྲོས་མོལ་གནང་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཐུན་མོང་ཐོག་མ་འཇོག་དང་། སྦགས་མེད་དཔལ་འབྱོར། གྲངས་འཛིན་དཔལ་འབྱོར་སོགས་ཁྱབ་ཁོངས་མང་པོའི་ཕྱོགས་གཉིས་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པར་བདེན་དཔང་གནང་ཡོད།

ཕྱོགས་གཉིས་པོས《ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཁོང་ཀོ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་ཡོད།

གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱིའི་ཐང་ཆེན་དུ་ཆི་སའེ་ཁེ་ཏིར་དགའ་བསུ་ཞུ་བའི་མཛད་སྒོ་གཉེར་ཡོད།

ཆི་སའེ་ཁེ་ཏི་སླེབས་སྐབས། གུས་ལུགས་དམག་གིས་རུ་སྟར་བསྒྲིགས་ནས་གུས་འདུད་ཞུས་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གཟིགས་ཞིབ་སྟེགས་བུའི་ཐོག་ཕེབས་པ་དང་། དམག་དཔུང་རོལ་ཆ་ཚོགས་པས་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་གཏོང་བྱས་པ། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྟེན་འབྲེལ་མེ་སྒྱོགས་ཐེངས་21བརྒྱབ་ཡོད། ཆི་སའེ་ཁེ་ཏིས་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་མ་ཟད་རུ་སྟར་ཁག་བགོས་ལ་གཟིགས་ཡོད།

ཞི་ཅིན་ཕིང་གི་སྐུ་ཟླ་ཕེང་ལི་ཡོན་དང་ཆི་སའེ་ཁེ་ཏིའི་སྐུ་ཟླ་ཏན་ཉི་སི་དགའ་བསུ་ཞུ་བའི་མཛད་སྒོའི་ནང་ཞུགས་ཡོད། ཉིན་དེའི་དགོང་མོ། ཞི་ཅིན་ཕིང་དང་ཕེང་ལི་ཡོན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་དོག་ཚོམས་ཆེན་དུ་ཆི་སའེ་ཁེ་ཏི་དང་སྐུ་ཟླ་ཏན་ཉི་སིར་དགའ་བསུ་ཞུ་བའི་གསོན་སྟོན་བཤམས་ཡོད།

ཝང་དབྱི་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག གཡུ་སྒྲོན།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།

འཛམ་གླིང་སྐར་ཁུངས།

▶སུའུ་ཏན་གྱི་གདོང་ཐུག་ཁྲོད་ཉུང་མཐར་ཡང་མི་676རྐྱེན་ལམ་དུ་ཤོར་འདུག

སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་ཏེ་སུའུ་ཏན་དྲག་ཆས་དམག་དཔུང་དང་མྱུར་སྐྱོར་དཔུང་སྡེས་ཟླ་5པའི་ཚེས་11ཉིན་སོ་ཏི་ཨ་རབ་ཏུ་ཐོག་མའི་རྩ་དོན་གྲོས་མཐུན་ལ་མིང་རྟགས་བཀོད་ནས་དུས་ཐུང་དམག་མཚམས་འཇོག་རྒྱུའི་སྐོར་ལ་སྔོན་དུ་གྲོས་བསྡུར་བྱས་ཏེ། བྲེལ་མྱུར་མི་ཆོས་དངོས་ཟོག་སོགས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུར་མོས་མཐུན་བྱུང་ཡོད།

中央广播电视总台 央广网 版权所有

ཞི་ཅིན་ཕིང་གིས་ཁོང་ཀོ་ཅིན་གྱི་ཙུང་ཐུང་དང་གྲོས་མོལ་གནང་བ།

སྤྱི་ཟླ་5པའི་ཚེས་26ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཁོང་ཀོ་ཅིན་གྱི་ཙུང་ཐུང་ཆི་སའེ་ཁེ་ཏི་དང་གྲོས་མོལ་གནང་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་རྒྱལ་ཁབ