ཆ་འཕྲིན་ཐེར་འདོན། mzjubao@cnr.cn

སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་སྨི་ཧྲུའུ་སི་ཅིང་དང་མཇལ་འཕྲད་གནང་བ།

2023-05-25 16:31:00     责编:桑吉卓玛

སྤྱི་ཟླ་5པའི་ཚེས་24ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་ཨུ་རུ་སུའི་ཙུང་ལི་སྨི་ཧྲུའུ་སི་ཅིང་དང་མཇལ་འཕྲད་གནང་བ་རེད།

ཞི་ཅིན་ཕིང་གིས་སྨི་ཧྲུའུ་སི་ཅིང་ནས་ཙུང་ཐུང་ཕུའུ་ཅིང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་ལུགས་བརྒྱུད་ཞུ་གནང་རོགས་ཞུས་ཡོད། ཞི་ཅིན་ཕིང་གིས། ད་ལོའི་སྤྱི་ཟླ་3པར། ང་རང་ནས་ཨུ་རུ་སུར་བདེ་བླག་ངང་རྒྱལ་དོན་འཚམས་འདྲི་ཞུས་པ་དང་། ཙུང་ཐུང་ཕུའུ་ཅིང་དང་མཉམ་དུ་སླད་ཕྱིན་དུས་སྐབས་ཤིག་རིང་ཀྲུང་ཨུའི་འབྲེལ་བ་འཕེལ་རྒྱས་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ཀྱི་འཆར་གཞི་བཀོད་ཡོད། ཀྲུང་ཨུའི་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་གཏོང་རྒྱུ་ནི་དམངས་སེམས་ཀྱི་ཕྱོགས་ས་ཡིན་ལ་དུས་བབ་ཀྱི་འཕེལ་ཕྱོགས་ཀྱང་ཡིན། ཕྱོགས་གཉིས་པོས་ཀྲུང་ཨུའི་མཉམ་ལས་ཀྱི་བར་མཐོངས་ཆེ་བ་དང་། མདུན་ལམ་རྒྱ་ཆེ་བ། སྒུལ་ཤུགས་ཆེ་བ་བཅས་ཀྱི་ལེགས་ཆ་མུ་མཐུད་འདོན་སྤེལ་བྱས་ནས། ཁྱབ་ཁོངས་ཁག་གི་མཉམ་ལས་ཆུ་ཚད་དེ་བས་མཐོ་བ་ཞིག་ཏུ་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་པོའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་རྒྱུའི་རེ་བ་ཡོད་ཅེས་བསྟན་འདུག

ཞི་ཅིན་ཕིང་གིས། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་མཉམ་དུ་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་མུ་མཐུད་ཕན་ཚུན་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་དང་། མཉམ་འབྲེལ་རྒྱལ་ཚོགས་དང་། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས། འབོ་གསེར་རྒྱལ་ཁབ། རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་ཕྱོགས་མང་གར་སྟེགས་ཐོག་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་འདོད་ཡོད། ཕྱོགས་གཉིས་པོས་མི་མངོན་པའི་སྟོབས་ཤུགས་མུ་མཐུད་སྔོག་འདོན་གཏིང་ཟབ་བྱས་ནས་དཔལ་འབྱོར་ཉོ་ཚོང་གི་མ་འཇོག་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཕྱོགས་གཉིས་པོའི་མཉམ་ལས་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ནུས་རྒྱུ་དང་ཕན་ཚུན་སྦྲེལ་མཐུད་སོགས་མཉམ་ལས་ཀྱི་གཞི་རྩའི་རྒྱ་ཁྱོན་སྲ་བརྟན་དང་རྒྱ་ཆེར་གཏོང་བ། འཕར་གཞི་གསར་པ་དེ་བས་མང་བ་གཏོད་པ་བཅས་བྱེད་དགོས། མི་ཆོས་རིག་གནས་སྤེལ་རེས་མུ་མཐུད་ཆེ་རུ་བཏང་སྟེ་དམངས་སེམས་གཅིག་མཐུན་གྱི་རྣམ་པ་གསར་པ་གཏོད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་དེ་བཞིན་ཡོ་རོབ་དང་ཨ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་གྱི་རྒྱལ་ཁབ་ཁག་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཡོ་རོབ་དང་ཨ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་སྦྲེལ་མཐུད་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། དེ་བས་སྒོ་དབྱེའི་ས་ཁོངས་ཀྱི་ཁྲོམ་ར་ཆེན་པོ་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་པོ་དང་ཤར་གཏོང་ཐུབ་རྒྱུ་འགན་ལེན་བཅས་བྱས་ཏེ། ས་ཁུལ་དང་རྒྱལ་ཁབ་ལ་ཕན་པ་དངོས་ཐོབ་པ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

སྨི་ཧྲུའུ་སི་ཅིང་གིས་ཕུའུ་ཅིང་གིས་ཞི་ཅིན་ཕིང་ལ་མཛའ་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་ལུགས་བརྒྱུད་ཞུ་གནང་ཞིང་། ཁོང་གིས། ད་ལོའི་སྤྱི་ཟླ་3པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུར་ལོ་རྒྱུས་རང་བཞིན་གྱི་རྒྱལ་དོན་འཚམས་འདྲི་གནང་བ་དེ་ ལེགས་གྲུབ་བྱུང་བ་དང་། ཨུ་ཀྲུང་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བའི་དུས་རབས་གསར་པ་བཏོད་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་བྱུང་བའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ནན་ཏན་བྱས་ནས། རྒྱལ་ཁབ་གཉིས་པོའི་ཙུང་ལིའི་དུས་བཀག་གྲོས་མོལ་དང་འབྲེལ་ཡོད་མཉམ་ལས་ལམ་སྲོལ་གང་ལེགས་སྤྱད་དེ་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འཛམ་གླིང་སྣེ་མང་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་བཏང་སྟེ་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་སྲ་བརྟན་དུ་གཏོང་འདོད་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མི་ཆོས་རིག་གནས་སྤེལ་རེས་ལ་སྔར་བས་ཤུགས་སྣོན་བརྒྱབ་ཐོག ཨུ་རུ་སུ་དང་ཀྲུང་གོའི་མཛའ་གྲོགས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བསྟན་འདུག

ཝང་དབྱི་དང་། ཧོ་ལི་ཧྥེང་། ཆིན་ཀང་སོགས་མཇལ་འཕྲད་ནང་ཞུགས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག ཟླ་བ་ཚེ་རིང་།
ཡིག་སྒྱུར། གཡུ་སྒྲོན།

འཛམ་གླིང་སྐར་ཁུངས།

▶སུའུ་ཏན་གྱི་གདོང་ཐུག་ཁྲོད་ཉུང་མཐར་ཡང་མི་676རྐྱེན་ལམ་དུ་ཤོར་འདུག

སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་ཏེ་སུའུ་ཏན་དྲག་ཆས་དམག་དཔུང་དང་མྱུར་སྐྱོར་དཔུང་སྡེས་ཟླ་5པའི་ཚེས་11ཉིན་སོ་ཏི་ཨ་རབ་ཏུ་ཐོག་མའི་རྩ་དོན་གྲོས་མཐུན་ལ་མིང་རྟགས་བཀོད་ནས་དུས་ཐུང་དམག་མཚམས་འཇོག་རྒྱུའི་སྐོར་ལ་སྔོན་དུ་གྲོས་བསྡུར་བྱས་ཏེ། བྲེལ་མྱུར་མི་ཆོས་དངོས་ཟོག་སོགས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུར་མོས་མཐུན་བྱུང་ཡོད།

中央广播电视总台 央广网 版权所有

ཞི་ཅིན་ཕིང་གིས་སྨི་ཧྲུའུ་སི་ཅིང་དང་མཇལ་འཕྲད་གནང་བ།

སྤྱི་ཟླ་5པའི་ཚེས་24ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་ཨུ་རུ་སུའི་ཙུང་ལི་སྨི་ཧྲུའུ་སི་ཅིང་དང་མཇལ་འཕྲད་གནང་བ་རེད།