ཆ་འཕྲིན་ཐེར་འདོན། mzjubao@cnr.cn

སྲིད་དོན་གསར་འགྱུར།

མིའི་རིཊ་ཀྱི་བདེ་འཇཊ་གཅིག་མཐུན་མ་ལག་གཏོད་དགོས།

2023-03-24 11:21:00     责编:桑吉卓玛

2022ལོའི་ཟླ་4པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་པོ་ཨའོ་ཨ་ཤེ་ཡའི་གླེང་སྟེགས་ཀྱི་ 2022ལོའི་ལོ་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་ཐེངས་དང་པོར་གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ་བཏོན་གནང་བ་རེད། གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོས་ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་རུང་བ་བཅས་ཀྱི་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱས་ནས། སྐད་ཆ་ཤོད་རེས་བྱེད་པ་ལས་འགྲན་རྒོལ་མི་བྱེད་པ་དང་། རོགས་ཟླ་འགྲིག་པ་ལས་མནའ་འབྲེལ་མི་འགྲིག་པ། མཉམ་རྒྱལ་ཡོང་བ་བྱེད་པ་ལས་རྒྱལ་ཕམ་མི་རྩོད་པ་བཅས་ཀྱི་རྣམ་པ་གསར་པའི་བདེ་འཇགས་ལམ་བུར་བསྐྱོད་རྒྱུ་དར་སྤེལ་བཏང་ཡོད། གྲོས་འགོ་དེའི་ཐོག་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གི་འདུ་ཤེས་ཀྱི་ལྟེ་བའི་དོན་སྙིང་མངོན་པ་དང། ད་ལོའི་སྤྱི་ཟླ་2པའི་བར། གྲོས་འགོ་དེར་རྒྱལ་ཁབ་དང་ས་ཁུལ་གྱི་སྒྲིག་འཛུགས་80ལྷག་གི་བསྔགས་བརྗོད་དང་རྒྱབ་སྐྱོར་ཐོབ་ཡོད།

2022ལོའི་ཟླ་4པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེངས་དང་པོར་གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ་བཏོན་གནང་བ་རེད། གྲོས་འགོ་གལ་ཆེན་དེས་མིའི་རིགས་ཀྱི་མདུན་ལམ་ལས་དབང་འགོ་འཛུགས་སར་བྱས་ཏེ་རྒྱལ་སྤྱིའི་བདེ་འཇགས་འགྲན་རྩོད་ལ་ཁ་གཏད་གཅོག་ཆེད་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱས་ཡོད།

ཞི་ཅིན་ཕིང་གིས། ང་ཚོས་ལྷན་དུ་འཛམ་གླིང་གི་ཞི་བདེ་དུས་འཇགས་ལ་སྲུང་སྐྱོང་བྱ་དགོས། འཇམ་འཐབ་ཀྱི་བསམ་བློས་གོ་ལ་ཧྲིལ་པོའི་ཞི་བདེའི་སྒྲོམ་གཞིར་གཏོར་བཤིག་གཏོང་རྒྱུ་དང་། བཙན་དབང་རིང་ལུགས་དང་བཙན་འགེབས་ཆབ་སྲིད་ཀྱིས་འཛམ་གླིང་ཞི་བདེར་གནོད་འཚེ་གཏོང་རྒྱུ། ཚོགས་པའི་འགྲན་རྒོལ་གྱིས་དུས་རབས་21པའི་བདེ་འཇགས་འགྲན་རྩོད་ཛ་དྲག་ཏུ་གཏོང་རྒྱུ་བཅས་ལས་མ་འདས་པས། ཀྲུང་གོའི་ཕྱོགས་ཀྱིས་གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ་འདོན་འདོད་ཡོད་ཅེས་བསྟན་གནང་ཡོད།

གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོས“མཐའ་འཁྱོངས་བྱ་རྒྱུ་དྲུག”ལྟེ་བའི་དོན་གནད་དུ་བཟུང་བ་སྟེ། ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་རུང་བ་བཅས་ཀྱི་བདེ་འཇགས་ལྟ་བ་མཐའ་འཁྱོངས་དང་། རྒྱལ་ཁབ་ཁག་གི་བདག་དབང་དང་མངའ་ཁོངས་ས་ཆ་ཆ་ཚང་ལ་སྲུང་སྐྱོང་བྱ་རྒྱུ་མཐའ་འཁྱོངས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དགོངས་དོན་དང་རྩ་དོན་ལ་བརྩི་སྲུང་ཞུ་རྒྱུ་མཐའ་འཁྱོངས། རྒྱལ་ཁབ་ཁག་གི་བདེ་འཇགས་ཐད་ཀྱི་ལུགས་མཐུན་གྱི་དོ་ཁུར་བྱ་གཞིར་མཐོང་ཆེན་བྱ་རྒྱུ་མཐའ་འཁྱོངས། སྐད་ཆ་ཤོད་རེས་དང་གྲོས་མོལ་བྱས་པ་བརྒྱུད་ཞི་བའི་ཐབས་ལམ་ཐོག་ནས་རྒྱལ་ཁབ་ཁག་ངབར་གྱི་འགལ་ཟླ་དང་རྩོད་གཞི་ཐག་གཅོད་བྱ་རྒྱུ་མཐའ་འཁྱོངས། སྲོལ་རྒྱུན་ཁྱབ་ཁོངས་དང་སྲོལ་རྒྱུན་མིན་པའི་ཁྱབ་ཁོངས་ཀྱི་བདེ་འཇགས་ལ་གཅིག་འགྱུར་འཆར་འགོད་ཀྱིས་སྲུང་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བཅས་བྱ་རྒྱུ་ཡིན།

《གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོའི་སྐོར་གྱི་ཡིག་ཆ》སྒྲིག་བཟོ་དང་འགྲེམས་སྤེལ་བྱེད་པ་ནི་ཀྲུང་གོའི་ཕྱོགས་ཀྱིས་གྲོས་འགོ་དེར་སྐུལ་འདེད་དང་དེ་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད། ད་ལོའི་སྤྱི་ཟླ་2པར།《 གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོའི་སྐོར་གྱི་ཡིག་ཆ》དངོས་སུ་འགྲེམས་སྤེལ་བྱས་པ་རེད། ཀྲུང་གོར་བཅའ་སྡོད་ཨུ་ར་ཀུའེ་ཡི་གཞུང་ཚབ་ཆེ་མོ་ཧྥེར་ནན་ཏོ•ལུ་ཀེ་ལི་སིས། ཀྲུང་གོའི་གྲོས་འགོ་འདི་ནི་སྒོ་དབྱེའི་གྲོས་འགོ་ཞིག་ཡིན་པས། རྒྱལ་ཁབ་ཁག་དེའི་ནང་ཞུགས་ཆོག་པ་མ་ཟད་དེར་ལེགས་སྐྱེས་ཀྱང་འབུལ་ཆོག་ཅེས་གསུངས་ཡོད།

དེ་རྗེས། ཀྲུང་གོའི་ཕྱོགས་ཀྱིས《ཆབ་སྲིད་ཀྱི་ཐོག་ནས་ཡུག་རེན་གྱི་ཉམས་ཉེན་ཐག་གཅོད་བྱ་རྒྱུའི་སྐོར་གྱི་ཀྲུང་གོའི་ལངས་ཕྱོགས》ཞེས་པའི་ཡིག་ཆ་ཁྱབ་བསྒྲགས་བྱས་ཏེ། ཡུག་རེན་གྱི་ཉམས་ཉེན་ཐག་གཅོད་བྱ་ཆེད་ཁྱོན་ཡོངས་དང་། ཕྱོགས་བསྡུས། ལག་ལེན་བསྟར་རུང་བ་བཅས་ཀྱི་ཇུས་གཞི་བཏོན་ཡོད། གཟའ་འཁོར་འདིའི་ནང་ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་གནང་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིང་གིས་ཡུག་རེན་གྱི་གནད་དོན་ཐད་དགོངས་འཆར་སྤེལ་རེས་གཏིང་ཟབ་གནང་ཡོད། ཞི་ཅིན་ཕིང་གིས། ཡུག་རེན་གྱི་ཉམས་ཉེན་གནད་དོན་ཐད། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དགོངས་དོན་དང་རྩ་དོན་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ་དང་། དངོས་ཡོད་གཞུང་དྲང་གི་ལངས་ཕྱོགས་འཛིན་པ། འདུམ་འགྲིག་དང་ཞི་གྲོས་ལ་སྐུལ་མ་ཧུར་ཐག་གཏོང་བ། གནས་ཚུལ་དངོས་ཀྱི་དྲང་འཁྱོག་བདེན་རྫུན་ལ་གཞིགས་ཏེ་རང་ངོས་ཀྱི་ལངས་ཕྱོགས་གཏན་འཁེལ་བཅས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཞི་བདེའི་ཕྱོགས་དང་། སྐད་ཆ་ཤོད་རེས་ཀྱི་ཕྱོགས། ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་བཅས་སུ་ལངས་རྒྱུ་རྒྱུན་འཁྱོངས་བྱེད་ཀྱི་ཡོད་ཅེས་བསྟན་གནང་ཡོད།

ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ་འདོན་མཁན་ཡིན་ལ། དེ་བས་ཀྱང་གྲོས་འགོ་དེ་ལག་ལེན་བསྟར་མཁན་གྱི་བྱ་འགུལ་བ་དེ་ཡང་ཡིན། ད་ལོའི་སྤྱི་ཟླ་3པར། ཀྲུང་གོའི་ཕྱོགས་ཀྱི་རྒྱབ་སྐྱོར་འོག སོ་ཏི་ཨ་རབ་དང་དབྱི་རན་གྱིས་པེ་ཅིང་དུ་སྐད་ཆ་ཤོད་རེས་བྱས་པ་རེད། སོ་ཏི་ཨ་རབ་དང་དབྱི་རན་གྱི་པེ་ཅིང་གི་སྐད་ཆ་ཤོད་རེས་དེ་ནི་གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ་ལག་བསྟར་ཧུར་ཐག་བྱེད་པའི་ལེགས་གྲུབ་ལྡན་པའི་ལག་ལེན་ཞིག་ཏུ་གྱུར་ཡོད། སི་ལོ་ཝེན་ཉི་ཡའི་དེ་སྔའི་ཙུང་ཐུང་ཏ་ཉི་ལོ•ཐུའར་ཁེས། ང་རང་གིས་བྱས་ན་དེ་ནི་ཞིབ་ཕྲའི་དཔེ་མཚོན་ཞིག་རེད། དེའི་ཐོག་ནས་ཀྲུང་གོས་རྒྱལ་སྤྱིའི་བྱ་དོན་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུའི་ཁས་ལེན་ལག་ལེན་ནན་ཏན་བསྟར་བ་མཚོན་གྱི་ཡོད་ཅེས་གསུངས་ཡོད།

རྒྱལ་སྤྱི་དང་ས་ཁུལ་གྱི་གླེང་མང་བའི་གནད་དོན་ལ་དམིགས་ཏེ། ཀྲུང་གོས་སྔ་ཕྱི་བར་གསུམ་དུ་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་ཀྱི་ཡོད་ཅིང་། ཁོ་རེ་ཡ་ཕྱེད་གླིང་ཕྲན་གྱི་ཉིང་རྡུལ་གནད་དོན་དང་། དབྱི་རན་གྱི་ཉིང་རྡུལ་གནད་དོན། ཨབ་ཀ་ནི་སི་ཐན་དང་སི་རི་ཡ་སོགས་གླེང་མང་བའི་གནད་དོན་ཆབ་སྲིད་ཀྱི་ཐོག་ནས་ཐག་གཅོད་བྱེད་པའི་ཁྲོད་ཧུར་ཐག་ཞུགས་ཀྱི་ཡོད། ཀྲུང་གོས་ད་དུང་འཇིགས་སྐུལ་ལ་ངོ་རྒོལ་དང་། གྲངས་འཛིན་བཅོས་སྒྲིག སྐྱེ་དངོས་བདེ་འཇགས། གནམ་གཤིས་འགྱུར་ལྡོག་སོགས་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་ནང་གཏིང་ཟབ་ཞུགས་ཀྱི་ཡོད་པ་དང་། རིམ་རྩིས་བརྒྱབ་ན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་སྲུང་མི་སྣ་མི་ཐེངས་5ཁྲི་ལྷག་ཙམ་བཏང་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གཞོན་པ་ལཱ་ཁོ་ལུའུ་ཝས། ང་ཚོས་ཞི་སྲུང་བྱ་སྤྱོད་ཀྱི་ལས་ཕྱོད་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་ཧུར་ཐག་གཏོང་བའི་ཐད་ཀྲུང་གོས་རྒྱབ་སྐྱོར་བྱས་ཡོད། ང་ཚོས་དེ་ནི་ཧ་ཅང་གལ་འགངས་ཆེན་པོ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུངས་ཡོད།

ཤེས་པ་དང་ཉམས་ལེན་གཅིག་གྱུར་དང་། ཁ་བཤད་ལག་བསྟར་ཐུབ་པ་སྟེ། གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་པའི་ཐབས་ལམ་སྔར་བས་ཁ་གསལ་དུ་བཏང་བ་དང་། ཀྲུང་གོས་གོ་ལ་ཧྲིལ་པོའི་བདེ་འཇགས་སྲུང་སྐྱོང་བྱེད་པའི་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་དང་འགན་འཁྲི་འཁུར་སེམས་མངོན་ཡོད། ཉེ་ཆར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་དབར་གྱི་མཐོ་རིམ་གླེང་མོལ་ཚོགས་འདུའི་ཐོག ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱིས་བསྐྱོད་པ་ནི་ཞི་བདེ་འཕེལ་རྒྱས་ཀྱི་ལམ་མཆོག་ཅིག་ཡིན་ཞེས་གསུངས་པ་དང་། ཁོང་གིས། ང་ཚོས་སྐད་ཆ་ཤོད་རེས་ལ་བརྟེན་ནས་མི་མཐུན་པའི་ཆ་སེལ་རྒྱུ་དང་མཉམ་ལས་ལ་བརྟེན་ནས་རྩོད་གཞི་སེལ་རྒྱུ་དར་སྤེལ་གཏོང་བ་དང་། རྣམ་པ་གང་རུང་གི་བཙན་དབང་རིང་ལུགས་དང་བཙན་འགེབས་ཆབ་སྲིད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། མཐུན་སྒྲིལ་གྱི་སྙིང་སྟོབས་དང་མཉམ་རྒྱལ་གྱི་བསམ་བློས་རྙོག་འཛིང་ཆེ་བའི་བདེ་འཇགས་ཀྱི་འགྲན་སློང་ལ་ཁ་གཏད་གཅོག་རྒྱུའི་འདོད་ཚུལ་འཛིན་པ་བཅས་བྱས་ཏེ། དྲང་གཞག་དྲང་བདེན་དང་མཉམ་སྐྲུན་མཉམ་སྤྱོད་ཀྱི་བདེ་འཇགས་རྣམ་པ་ཞིག་གཏོད་རྒྱུའི་གྲོས་འགོ་བཏོན་ཡོད་ཅེས་ནན་བཤད་གནང་བ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག སྐལ་བཟང་བདེ་སྐྱིད།
སྒྲིག་སྒྱུར། རིན་ཆེན་དབང་འདུས།

འཛམ་གླིང་སྐར་ཁུངས།

▶རྒྱ་མཚོའི་ནང་སྤོས་འགྱིག་གི་རྡུལ་ཕྲན་དུང་ཕྱུར་ཁྲི་170ཙམ་ཡོད་འདུག

གཞན་ཡང་དཔལ་འབྱོར་རིག་པའི་ཇུས་འདོན་ཚོགས་པ་དང་འཇར་ཕན་གྱི་ཁེ་གཉེར་མིན་པའི་སྒྲིག་གཞི་སྟེ་འཇར་ཕན་རྒྱུ་ནོར་ཚོགས་པས་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པའི་སྙན་ཞུའི་ནང་།

中央广播电视总台 央广网 版权所有

མིའི་རིཊ་ཀྱི་བདེ་འཇཊ་གཅིག་མཐུན་མ་ལག་གཏོད་དགོས།

2022ལོའི་ཟླ་4པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་པོ་ཨའོ་ཨ་ཤེ་ཡའི་གླེང་སྟེགས་ཀྱི་ 2022ལོའི་ལོ་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་ཐེངས་དང་པོར་གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ་བཏོན་གནང་བ་རེད། གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོས་ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས།