ཆ་འཕྲིན་ཐེར་འདོན། mzjubao@cnr.cn

སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་རྒྱལ་ཁབ་འདི་གཉིས་ཀྱི་ཙུང་ཐུང་ལ་གློག་འཕྲིན་བཏང་བ།

2023-03-23 10:51:00     责编:娜科

     སྤྱི་ཟླ་3པའི་ཚེས་20ཉིན།   རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཱ་ལ་ཝེ་དང་མོ་ཙམ་པི་ཁེ་ལ་ཚ་ཁུལ་རླུང་འཁོར་གྱི་གནོད་འཚེ་ཕོག་པར་ཁག་སོ་སོར་མཱ་ལ་ཝེའི་ཙུང་ཐུང་ཁྲ་ཁེ་ཝུའེ་ལ་དང་མོ་ཙམ་པི་ཁེའི་ཙུང་ཐུང་ཉིའུ་ཤིས་ལ་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ་རེད། 

     ཞི་ཅིན་ཕིང་གིས།  ཚ་ཁུལ་རླུང་འཁོར“ཧྥུའུ་ལའེ་ཏིས”མཱ་ལ་ཝུའེ་དང་མོ་ཙམ་པི་ཁེར་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཚབས་ཆེན་བཟོས་པ་ཤེས་རྟོགས་བྱུང་བས་ང་རང་ནས་ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་ནས་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཟབ་མོ་ཞུ་རྒྱུ་དང་། རྐྱེན་ལམ་དུ་ཤོར་མཁན་གྱི་ཁྱིམ་མི་དང་རྨས་མར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན། ཁྱེད་ཚོའི་རྒྱལ་ཁབ་གནོད་འཚེ་ལས་རྣམ་པར་རྒྱལ་བ་དང་ཁྱིམ་གཞིས་བསྐྱར་སྐྲུན་ཐུབ་ངེས་ཡིན་པར་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།   

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག གཡུ་སྒྲོན།

ཡིག་སྒྱུར། པ་སངས་ལྷ་མོ། 

འཛམ་གླིང་སྐར་ཁུངས།

▶རྒྱ་མཚོའི་ནང་སྤོས་འགྱིག་གི་རྡུལ་ཕྲན་དུང་ཕྱུར་ཁྲི་170ཙམ་ཡོད་འདུག

གཞན་ཡང་དཔལ་འབྱོར་རིག་པའི་ཇུས་འདོན་ཚོགས་པ་དང་འཇར་ཕན་གྱི་ཁེ་གཉེར་མིན་པའི་སྒྲིག་གཞི་སྟེ་འཇར་ཕན་རྒྱུ་ནོར་ཚོགས་པས་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པའི་སྙན་ཞུའི་ནང་།

中央广播电视总台 央广网 版权所有

ཞི་ཅིན་ཕིང་གིས་རྒྱལ་ཁབ་འདི་གཉིས་ཀྱི་ཙུང་ཐུང་ལ་གློག་འཕྲིན་བཏང་བ།