ཆ་འཕྲིན་ཐེར་འདོན། mzjubao@cnr.cn

སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་དཔུང་སྡེའི་དམག་གྲབས་ལས་དོན་ཐད་ཞིབ་བཤེར་གནང་བ།

2023-01-20 15:14:00     责编:娜科

     དཔྱིད་གསར་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས་18ཉིན་པེ་ཅིང་བརྒྱད་གཅིག་ཐོག་བརྩེགས་ཁང་ཆེན་ནས་བརྙན་ལམ་བརྒྱུད་དམག་དཔུང་གི་དམག་གྲབས་ལས་ཀར་ཞིབ་བཤེར་གནང་བ་དང་འབྲེལ་ཡོད་དཔུང་སྡེར་བྱམས་བརྩེའི་ངང་འཚམས་འདྲི་ཞུས་གནང་ཞིང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ནས་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་ཡོངས་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག དམག་དཔུང་གི་ཞི་བའི་ལས་དོན་སྒྲུབ་མཁན། ཡུལ་དམག་དང་གྲ་སྒྲིག་དམག་ཞབས་མི་སྣ་བཅས་ལ་ཟོལ་མེད་ཀྱི་འཚམས་འདྲི་དང་དཔྱིད་གསར་གྱི་སྨོན་འདུན་ཞུས་གནང་ཡོད།  

     དཔྱིད་གསར་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་སུ་དམག་ཡོངས་ཀྱི་དམག་གྲབས་ལས་ཀར་དམ་འཛིན་ཅི་འདྲ་བྱུང་ཡོད་མེད་ཐད་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་ཡོད། ཕྱི་དྲོའི་ཆུ་ཚོད་4དང་སྐར་མ་30གཡས་གཡོན་དུ། ཞི་ཅིན་ཕིང་གིས་མཐའ་སྲུང་མཚོ་སྲུང་མཁའ་སྲུང་དང་དེ་བཞིན་བརྟན་སྲུང་དང་ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱེད་པའི་དམག་གྲབས་ལས་འགན་འཁུར་མཁན་འབྲེལ་ཡོད་དཔུང་སྡེ་དང་བརྙན་ལམ་བརྒྱུད་བཀལ་མོལ་གནང་བ་རེད། ཤིན་ཅང་དམག་ཁུལ་གྱི་ཧུང་ཆི་ལཱ་ཕུའུ་མཐའ་སྲུང་བརྒྱ་ཤོག་གི་ལས་སྒྲུབ་སོ་ལྟ་ཁང་གིས་མེས་རྒྱལ་གྱི་ནུབ་སྒོ་ཆེན་མོ་སྲུང་བཞིན་ཡོད། ཞི་ཅིན་ཕིང་གིས་བརྒྱ་ཤོག་གི་མཐའ་མཚམས་སྐོར་གཡེང་དོ་དམ་ཚོད་འཛིན་གྱི་གནས་ཚུལ་ཐད་བཀའ་འདྲི་གནང་བ་དང་། ཁོང་ཚོ་ནི་རྒྱལ་སྲུང་མཐའ་སྲུང་གི་དཔེ་བཟང་རྙིང་པ་ཡིན་ཞེས་བསྔགས་བརྗོད་གནང་བ་མ་ཟད། ཚང་མར་ཡང་འབད་བསྐྱར་འབད་ཀྱིས་བྱས་རྗེས་གསར་པ་འཇོག་རྒྱུའི་སྐུལ་ལྕག་གནང་བ་རེད། མཚོ་དམག་གི་དཔུང་རུ་173པས་དམག་གྲབས་སྐོར་གཡེང་ལས་འགན་སྒྲུབ་བཞིན་ཡོད་པ་དང་། ཞི་ཅིན་ཕིང་གིས་དཔུང་རུའི་འཕྲལ་སྒྲུབ་བཀོད་སྒྲིག་ཐད་ཀྱི་གྲ་སྒྲིག་གནས་ཚུལ་བཀའ་འདྲི་གནང་བ་དང་། ཁོང་ཚོར་མཚོ་ཐོག་ཏུ་དམག་འཐབ་བྱེད་པའི་དཔྱིད་གསར་དུས་ཆེན་ཞིག་བཏང་ནས་མེས་རྒྱལ་གྱི་མཚོ་ཁོངས་ཡག་པོ་སྲུང་དགོས་པའི་མངགས་བཅོལ་གནང་བ་རེད། མཁའ་དམག་མཁའ་འགྲུལ་དམག་གི་ལུའེ་ཤོག་ག་གེ་མོའི་ལས་རེས་ཡན་ལག་རུ་ཁག་གིས་དམག་འཐབ་ཀྱི་ལས་རེས་བྱེད་བཞིན་ཡོད། ཞི་ཅིན་ཕིང་གིས་ཡན་ལག་རུ་ཁག་གི་རྒྱུན་གཏན་མཁའ་ཟོན་དམག་གྲབས་ལས་དོན་སྤེལ་ཚུལ་ཐད་བཀའ་འདྲི་གནང་བ་དང་། ཁོང་ཚོར་གྲ་སྒྲིག་ཨང་གསར་བྱས་ནས་དུས་ཆེན་རིང་དེ་བས་དོགས་ཟོན་གྱིས་རང་རྒྱལ་གྱི་མཁའ་ཟོན་བདེ་འཇགས་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད། དྲག་ཆས་ཉེན་རྟོག་ཁྲ་རྔོན་འཕྲལ་རྒོལ་རུ་ཁག་ནི་རྒྱལ་ཁབ་རིམ་པའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་དཔུང་སྡེ་གཙོ་བོ་ཞིག་ཡིན་པ་དང་། དཔོན་དམག་ཚོས་སྦྱོང་བརྡར་བྱ་ཡུལ་དུ་སྦྱོང་བརྡར་བྱེད་བཞིན་ཡོད། ཞི་ཅིན་ཕིང་གིས་དཔུང་སྡེའི་དམིགས་བསལ་དམག་འཐབ་རྩལ་ནུས་སྦྱོང་བརྡར་བྱས་ཚུལ་ཐད་བཀའ་འདྲི་གནང་བ་དང་། ཚང་མར་དཀའ་སྤྱད་འབད་བརྩོན་གྱིས་འཇོན་ནུས་ཆེ་རུ་གཏོང་བ་དང་བློ་དཀར་སེམས་དཀར་གྱི་སྲུང་དམག་ཡག་པོ་ཞིག་བྱ་རྒྱུའི་མངགས་བཅོལ་གནང་བ་རེད། 

     འབྲེལ་ཡོད་དམག་དཔུང་དང་བརྙན་ལམ་བརྒྱུད་དེ་བཀའ་མོལ་གནང་གྲུབ་རྗེས། ཞི་ཅིན་ཕིང་གིས་དཔུང་སྡེའི་དམག་གྲབས་ལས་ཀར་ཁས་ལེན་གང་ལེགས་གནང་ཡོད། ཁོང་གིས། དཔྱིད་གསར་དུས་ཆེན་འཆར་ཉེར་ཡོད་པས། དམག་ཡོངས་ཀྱི་དཔུང་སྡེས་དམག་གྲབས་ལས་རེས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཉེན་སེལ་གེགས་སེལ་སོགས་དཀའ་ཉེན་ཆེ་ལ་ཛ་དྲག་ཅིང་ལྗིད་རྫོབ་ཆེ་བའི་ལས་འགན་ཐོན་ཚེ་ལེགས་སྒྲུབ་ཡག་པོ་བྱས་ཏེ། རྒྱལ་ཡོངས་མི་དམངས་རྣམས་སྤྲོ་སྣང་དང་། ཞི་མཐུན། བདེ་འཇགས་བཅས་ཀྱི་དཔྱིད་གསར་དུས་ཆེན་ཞིག་གཏོང་ཐུབ་པར་འགན་ལེན་བྱེད་དགོས་པ་དང་དུས་མཚུངས། གཅིག་གྱུར་འཆར་འགོད་ཡག་པོ་བྱ་རྒྱུར་སྣང་ཆེན་བྱས་ནས་དཔོན་དམག་གི་དུས་ཆེན་རིང་གི་འཚོ་བ་བཀོད་སྒྲིག་ཡག་པོ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

     ཀྲང་ཡིའུ་ཞ་དང་། ཧོ་ཝེ་ཏུང་། ལི་ཧྲང་ཧྥུ། ལིའུ་ཀྲེན་ལི། མེའོ་ཧྭ། ཀྲང་ཧྲེང་རྨིན་སོགས་བྱེད་སྒོར་ཞུགས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག སྐལ་བཟང་བདེ་སྐྱིད།

ཡིག་སྒྱུར། གཡུ་སྒྲོན། 

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

ཞི་ཅིན་ཕིང་གིས་དཔུང་སྡེའི་དམག་གྲབས་ལས་དོན་ཐད་ཞིབ་བཤེར་གནང་བ།

འབྲེལ་ཡོད་དམག་དཔུང་དང་བརྙན་ལམ་བརྒྱུད་དེ་བཀའ་མོལ་གནང་གྲུབ་རྗེས། ཞི་ཅིན་ཕིང་གིས་དཔུང་སྡེའི་དམག་གྲབས་ལས་ཀར་ཁས་ལེན་གང་ལེགས་གནང་ཡོད། ཁོང་གིས། དཔྱིད་གསར་དུས་ཆེན་འཆར་ཉེར་ཡོད་པས། དམག་ཡོངས་ཀྱི་དཔུང་སྡེས་དམག་གྲབས་ལས་རེས་ལ་