ཆ་འཕྲིན་ཐེར་འདོན། mzjubao@cnr.cn

སྲིད་དོན་གསར་འགྱུར།

ཀྲུང་དབྱང་འགོ་ཁྲིད་ཀྱིས་བློ་མཐུན་རྒན་གྲས་ཚོར་འཚམས་འདྲི་ཞུས་པ།

2023-01-20 15:14:00     责编:娜科

     དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ཁ་པར་སོགས་ཀྱི་རྣམ་པའམ་ཡང་ན་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་ལ་མངགས་བཅོལ་གནང་བའི་རྣམ་པའི་ཐོག་ནས་ཧུའུ་ཅིན་ཐའོ་དང་། ཀྲུའུ་རུང་ཅི། ལི་རུའེ་ཧོན། ཝུའུ་པང་གོ། ཝུན་ཅ་པའོ། ཅ་ཆིང་ལིན། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། སུང་ཕིང་། ལི་ལན་ཆིང་། ཙེང་ཆིང་ཧུང་། ཝུའུ་ཀོན་ཀྲེང་། ལི་ཁྲང་ཁྲུན། ལུའོ་ཀན། ཧོ་གོ་ཆང་། ལིའུ་ཡུན་ཧྲན། ཀྲང་ཀའོ་ལི། ཐེན་ཅི་ཡུན། ཁྲི་ཧའོ་ཐེན། ཝང་ལེ་ཆོན། ཝང་ཀྲའོ་གོ། ཧུའེ་ལེང་ཡུས། ལིའུ་ཆི། ཝུའུ་དབྱི། ཚའོ་ཀང་ཁྲོན། ཙེང་ཕེ་ཡན། ཝང་ཀང་། ལིའུ་ཡན་ཏུང་། ལི་ཡོན་ཁྲའོ། མ་ཁའེ།  ལི་ཅན་གོ། ཧྥན་ཁྲང་ལུང་། མེང་ཅན་ཀྲུའུ། ཀུའོ་ཅིན་ལུང་། དབྱང་ཅེ་ཁྲི། ཁྲེན་ཆོན་གོ། ཀུའོ་ཧྲེང་ཁུན། ཝང་ཧན་པིན། ཧོ་ཡུང་། ཏུའུ་ཆིང་ལིན། ཀྲའོ་ཧུང་ཀྲུའུ། ཡིའུ་ཆོན། ཝང་པིན་ཆན། ཙོའུ་ཅ་ཧྭ། ཕེང་ཕེ་ཡུན། ཀྲོའུ་ཀོང་ཀྲའོ། ལི་ཐེ་དབྱིང་། ཞུས་ཅ་ལུའུ། ཅང་ཀྲེང་ཧྭ། ཀུའུ་ཞིའུ་ལེན། རག་སྡིས། ཧྲེང་ཧྭ་རེན། ལུའུ་ཡུང་ཞང་། ཨུ་ཡུན་ཆི་མུའུ་ཀེ། ཧྭ་ཅན་རྨིན། ཁྲེན་ཀྲི་ལི། ཀྲོའུ་ཐའེ་ནུང་། སི་མཱ་དབྱི·ཐེ་ལི་ཝར་ཏི། ཅང་ཧྲུའུ་ཧྲེང་། སང་གོ་ཝེ། ཝང་ཧྲེང་ཅུན། ཁྲེན་ཁྲང་ཀྲི། ཡན་ཅུན་ཆི། ཀྲང་ཕིང་། བྱམས་པ་ཕུན་ཚོགས། ཀྲང་པའོ་ཝུན། ཐང་ཅ་ཞོན། ལེའང་ཀོང་ལེ། ཏའེ་པིན་གོ། ཁྲང་ཝན་ཆོན། ཧན་ཀྲུའུ་པིན། ཅ་ཁྲུན་ཝང་། རེན་ཅན་ཤིན། སུང་ཅན། ཧུའུ་ཆི་ལི། ཝང་ཀྲུང་ཡུས། ལི་ཀུའེ་ཞན། ཀྲང་ཁེ་ཧུའེ། ཧའོ་ཅན་ཤིའུ། ཞུས་ཁོང་ཏི། ཀྲང་ཧོའེ་ཞི། ལི་མེང་། ལིའོ་ཧུའེ། པའེ་ལི་ཁྲེན། ཁྲེན་ཁུའེ་ཡོན། ཨ་པུའུ་ལའེ་ཐི·ཨ་པུའུ་ཏུའུ་རེ་ཞི་ཐི། ལི་ཀྲའོ་ཀྲུའོ། ཧོང་མེང་ཧྥུ། ཀྲང་མེ་དབྱིང་། ཀྲང་རུང་མིང་། ཆན་ཡུན་ལུའུ། སུན་ཅ་ཀྲེང་། ལི་ཅིན་ཧྭ། ཀྲེང་ཝན་ཐུང་། ཏེང་ཕུའུ་ཧྥང་། ལི་ཝུའུ་ཝེ། ཁྲེན་ཙུང་ཤིང་། ཝང་ཀྲི་ཀྲེན། ཧན་ཆི་ཏེ། ལིན་ཝུན་དབྱི། ལུའོ་ཧྥུ་ཧོ། ལི་ཧའེ་ཧྥེང་། ཁྲེན་ཡོན། ཀྲོའུ་ཞའོ་ཁྲོན། ཝང་ཅ་རུའེ། ཆི་ཞུས་ཁྲུན། མ་ཕེ་ཧྭ། ལིའུ་ཞའོ་ཧྥེང་། ཝང་ཆིན་རྨིན་སོགས་བློ་མཐུན་རྒན་གྲས་ཚོར་འཚམས་འདྲི་ཞུས་གནང་བ་དང་། ཁོང་ཚོར་ལྷག་བསམ་ཟོལ་མེད་ཀྱི་དུས་ཆེན་གྱི་འཚམས་འདྲི་ཞུས་པ་དང་། ཁོང་ཚོར་དཔྱིད་གསར་དུས་ཆེན་སྤྲོ་པོ་དང་ནད་མེད་ཚེ་རིང་ཡོང་བའི་སྨོན་འདུན་ཞུས་གནང་ཡོད་པ་རེད། 

     བློ་མཐུན་རྒན་གྲས་ཚོས་དེའི་ཐད་ཐུགས་རྗེ་ཆེ་ཞུས་གནང་བ་མ་ཟད། འདས་ཟིན་པའི་ལོ་ལྔ་དང་དུས་རབས་གསར་པའི་ལོ་བཅུའི་ནང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བར་ཚད་མཐོའི་གདེང་འཇོག་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཉིད་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གནང་བར་བརྩི་བཀུར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད། བློ་མཐུན་རྒན་གྲས་ཚོས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་དང་ལག་ལེན་གཏིང་ཟབ་བསྟར་བ་བཅས་ཀྱིས། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ་དང་། འདུ་ཤེས་བཞི་ཟབ་ཏུ་གཏོང་བ། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ཏེ། སེམས་ཤུགས་བརྟན་གཏོང་དང་། བློ་གཅིག་སེམས་གཅིག དཀའ་སྤྱད་འབད་བརྩོན། དཔའ་ངར་ཆེར་སྐྱེད་བཅས་ཀྱི་སྒོ་ནས་མདུན་དུ་བསྐྱོད་དེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་པའི་ཐུགས་རེ་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག གཡུ་སྒྲོན།

ཡིག་སྒྱུར། ཟླ་བ་ཚེ་རིང་། 

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

ཀྲུང་དབྱང་འགོ་ཁྲིད་ཀྱིས་བློ་མཐུན་རྒན་གྲས་ཚོར་འཚམས་འདྲི་ཞུས་པ།

བློ་མཐུན་རྒན་གྲས་ཚོས་དེའི་ཐད་ཐུགས་རྗེ་ཆེ་ཞུས་གནང་བ་མ་ཟད། འདས་ཟིན་པའི་ལོ་ལྔ་དང་དུས་རབས་གསར་པའི་ལོ་བཅུའི་ནང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག