ཆ་འཕྲིན་ཐེར་འདོན། mzjubao@cnr.cn

སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་མང་ཚོགས་ཀྱི་ཁྱིམ་དུ་ཕེབས་པ་ཞེས་པའི་དེབ་དེ་པར་བསྐྲུན་བྱས་འདུག

2023-01-11 10:03:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྒྲིག་འཛུགས་བྱས་ནས་རྕོམ་སྒྲིག་་བྱས་པའི་ཞི་ཅིན་ཕིང་མང་ཚོགས་ཀྱི་ཁྱིམ་དུ་ཕེབས་པ་ཞེས་པའི་དེབ་དེ། ཉེ་ཆར་ཀྲུང་གོ་བུད་མེད་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་
མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་སེམས་ནང་གི་ཆེས་མཐོ་ཤོས་ཀྱི་གནས་ལ་འཇོག་པ། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་རེ་སྙེག་བྱེད་པ་དེ་འབད་བརྩོན་གྱི་དམིགས་ཡུལ་ལ་བརྩི་བ། ཁྱིམ་ཚང་གི་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་སྣང་འཇོག་བྱེད་པ་བཅས་བཏོན་གནང་བས། དུས་རབས་གསར་པའི་ཁྱིམ་ཚང་གི་བྱ་གཞག་འཕེལ་རྒྱས་ལ་ལོ་རྒྱུས་
རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུར་སྣེ་ཁྲིད་གནང་ཡོད།

ཞི་ཅིན་ཕིང་མང་ཚོགས་ཀྱི་ཁྱིམ་དུ་ཕེབས་པ་ཞེས་པའི་དེབ་དེའི་ནང་བཅར་འདྲིའི་རྩོམ་ཡིག་32བརྒྱུད་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟོག་ཞིབ་དང་བརྟག་ཞིབ་གནང་སྐབས་མང་ཚོགས་ཀྱི་ཁྱིམ་ཚང་རེ་རེར་ཕེབས་ནས་ཁོ་ཚོར་འཚོ་བའི་སྐྱིད་སྡུག་དང་དམངས་འདོད་དྲིས་གནང་བ་དང་དམངས་ཕན་སྲིད་ཇུས་བརྗོད་པ་སོགས་ཀྱི་མི་སེམས་འགུལ་བའི་གཏམ་རྒྱུད་གསོན་ཉམས་དོད་པོའི་ངང་བསྟན་ཡོད་པ་དང་། མི་དམངས་ཀྱི་གཙོ་འཛིན་མི་དམངས་ལ་གཅེས་པ་དང་། མི་དམངས་ཀྱི་གཙོ་འཛིན་ལ་མི་དམངས་ཀྱིས་བརྩི་བའི་
མི་སེམས་འགུལ་བའི་གནས་ཚུལ་གསོན་ཉམས་དོད་པོས་བཀོད་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ང་རང་ནས་རང་ཉིད་བརྗེད་པ་དང་མི་དམངས་ཀྱི་རེ་བ་ཆུད་ཟོད་དུ་མི་གཏོང་བའི་ལྷག་བསམ་རྣམ་དག་གི་སེམས་པ་མཚོན་ཡོད་པས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་རྒྱུ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ཁྱིམ་ཚང་ཁྲི་སྟོང་མང་པོས་མཐུན་སྒྲིལ་འབད་ཐབས་བྱ་རྒྱུར་ཕན་ཐོགས་ཡོད།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

ཞི་ཅིན་ཕིང་མང་ཚོགས་ཀྱི་ཁྱིམ་དུ་ཕེབས་པ་ཞེས་པའི་དེབ་དེ་པར་བསྐྲུན་བྱས་འདུག

སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་རྒྱུ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ཁྱིམ་ཚང་ཁྲི་སྟོང་མང་པོས་མཐུན་སྒྲིལ་འབད་ཐབས་བྱ་རྒྱུར་ཕན་ཐོགས་ཡོད།