ཆ་འཕྲིན་ཐེར་འདོན། mzjubao@cnr.cn

སྲིད་དོན་གསར་འགྱུར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲེན་ཀྲེན་དཔལ་འབྱོར་དམིགས་གསལ་ཁུལ་བཙུགས་ནས་ལོ་ངོ་40འཁོར་བའི་རྟེན་འབྲེལ་ཆེན་མོའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་སྤྱི་ཚོགས་ལས་རིགས་ཁག་གིས་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

2020-10-16 15:44:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲེན་ཀྲེན་དཔལ་འབྱོར་དམིགས་གསལ་ཁུལ་བཙུགས་ནས་ལོ་ངོ་40འཁོར་བའི་རྟེན་འབྲེལ་ཆེན་མོའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་སྤྱི་ཚོགས་ལས་རིགས་ཁག་གིས་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། ཚང་མས་མཆོང་བའི་སྙིང་སྟོབས་དང་། གཏོད་པའི་ངར་ཤུགས། སྒྲུབ་པའི་སྤྱོད་ཚུལ་བཅས་ནམ་ཡང་གནས་པར་བྱས་ནས་དཔྱིད་ཀྱི་གཏམ་རྒྱུད་དེ་བས་མང་བ་མུ་མཐུད་རྩོམ་ནས། འཛམ་གླིང་ལ་ཧང་སངས་དགོས་པའི་བྱས་རྗེས་གསར་པ་ཧུར་ཐག་གཏོད་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་ཀྱི་ཡོད་པ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་གསུང་བཤད་ནང་། དཔལ་འབྱོར་དམིགས་བསལ་ཁུལ་མུ་མཐུད་གཉེར་དགོས་པ་མ་ཟད། སྔར་ལས་ལེགས་པར་གཉེར་ཐུབ་པ་དང་། སྔར་ལས་ཆུ་ཚད་མཐོ་བ་གཉེར་ཐུབ་པ་བྱ་དགོས་ཞེས་བསྟན་གནང་ཡོད།

ཀྲུང་གོ་འཛུགས་སྐྲུན་ཚན་རྩལ་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སིའི་ཧྭ་ནན་ཁུལ་ཆེན་གྱི་སྤྱི་ཁྱབ་བཟོ་སྐྲུན་དབུ་ཆེན་ལུའུ་ཅན་ཤིན་གྱིས། སྒྱུར་བཅོས་སྒོ་དབྱེ་མ་བྱས་ཚེ་ཧྲེན་ཀྲེན་ལ་དེ་རིང་གི་སྒྱུར་བཅོས་གྲུབ་འབྲས་འདི་ལྟ་བུ་ཡོང་མི་སྲིད། ངས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་བློ་ལ་བརྟན་པོར་ངེས་ནས་ཧྲེན་ཀྲེན་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་སྐྱོད་དཔེ་སྟོན་ཁུལ་བསྐྲུན་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བརྗོད་པ་རེད།

ཡན་ཞང་ཚན་རྩལ་འདུ་ཚད་མ་རྐང་ཚོད་འཛིན་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཅུས་ཀྱི་ཀྲུའུ་ཞི་ཁྲེན་ཀྲི་ལེ་ཡིས། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ནང་འདས་ཟིན་པའི་ལོ་40ཡི་ནང་ང་ཚོར་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་མ་ཟད། ད་དུང་ང་ཚོའི་འདས་ཟིན་པའི་གྲུབ་འབྲས་ཀྱི་ཉམས་མྱོང་ཁག་10ཕྱོགས་སྡོམ་གནང་ནས་ང་ཚོར་ཁ་ཕྱོགས་གསལ་སྟོན་གནང་ཡོད་པས་ངས་བལྟས་ན་དེ་ནི་ཧ་ཅང་ཡག་པོ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།

ཧྲེན་ཀྲེན་ནི་སྒྱུར་བཅོས་སྒོ་དབྱེ་བྱས་རྗེས་ཏང་དང་མི་དམངས་ཀྱིས་གསར་གཏོད་གནང་བའི་གྲོང་ཁྱེར་གསར་རྐྱང་ཞིག་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱིས་སྣམ་བུ་དཀར་པོ་ཚོས་ཀྱི་རྒྱན་པ་བཞིན་ས་སྟོང་དེར་ངོ་མཚར་ཆེ་བའི་མཛེས་རིས་ཤིག་བཀོད་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་གསུང་བཤད་ནང་། དཔལ་འབྱོར་དམིགས་བསལ་ཁུལ་གྱིས་ལོ་ངོ་40རིང་གི་བསྒྱུར་བཅོས་སྒོ་འབྱེད་དང་། གསར་གཏོད་གོང་སྤེལ་གྱིས་གསོག་འཇོག་བྱས་པའི་རྩ་ཆེའི་ཉམས་མྱོང་རྒྱུད་རིམ་ལྡན་པའི་སྒོ་ནས་ཕྱོགས་བསྡོམས་གནང་ཡོད།

ཧྲེན་ཀྲེན་ཆན་ཧའེ་ལི་ཧུའེ་ཐེབས་རྩ་དོ་དམ་ཚད་ཡོད་ཀུང་སིའི་ལས་འཛིན་དཔོན། ཁྲེན་ཡུས་ཀྱིས། ཧྲེན་ཀྲེན་གྱི་རྣམ་པ་ཞེས་པ་ནི་ཉམས་མྱོང་ཞིག་ཡིན་ལ་བྱ་ཐབས་ཤིག་ཀྱང་ཡིན། ཐབས་ཤེས་དེ་རིགས་ནི་བསམ་བློ་འགྱུར་ལྡོག་གཏོང་བ་ཞིག་ཡིན་ལ་འབྱུང་འགྱུར་གྱི་བློ་སྟོབས་དང་རང་ཉིད་ཀྱི་བློ་ཁོག་རྒྱུན་ཆད་མེད་པར་ཚད་བརྒལ་ཡོང་བ་བྱེད་པ་ཞིག་ཀྱང་རེད་ཅེས་བརྗོད་པ་རེད།

ཧྲེན་ཀྲེན་གྲོང་ཁྱེར་ཆན་ཧའེ་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཅིན་ཞ་ཡིས། གོམ་སྟབས་རྗེས་མར་ང་ཚོས་ཆན་ཧའེ་འདི་ཉིད་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་མོ་འབྱེད་ཡུལ་གྱི་འབྲེལ་ཐག་དང་། ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་བཅས་ཁུག་པོ་ཆེན་པོའི་ཁུལ་གྱི་ཕྱོགས་ཡོངས་སྒྱུར་བཅོས་གསར་གཏོད་ཚོད་ལྟའི་ལས་སྟེགས་ཤིག་ཏུ་སྔར་བས་གཏོད་དེ་སྒུལ་ནུས་གསར་པ་རྒྱུན་ཆད་མེད་པར་སྐྱེད་སྲིང་དང་སྒུལ་ནུས་གསར་པ་ཆེ་རུ་ཧུར་ཐག་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་ཕྱུག

中央广播电视总台 央广网 版权所有

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲེན་ཀྲེན་དཔལ་འབྱོར་དམིགས་གསལ་ཁུལ་བཙུགས་ནས་ལོ་ངོ་40འཁོར་བའི་རྟེན་འབྲེལ་ཆེན་མོའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་སྤྱི་ཚོགས་ལས་རིགས་ཁག་གིས་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲེན་ཀྲེན་དཔལ་འབྱོར་དམིགས་གསལ་ཁུལ་བཙུགས་ནས་ལོ་ངོ་40འཁོར་བའི་རྟེན་འབྲེལ་ཆེན་མོའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་སྤྱི་ཚོགས་ལས་རིགས་ཁག་གིས་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། ཚང་མས་མཆོང་བའི་སྙིང་སྟོབས་དང་། གཏོད་པའི་ངར་ཤུགས། སྒྲུབ་པའི་སྤྱོད་ཚུལ་བཅས་ནམ་ཡང་གནས་པར་བྱས་ནས་དཔྱིད་ཀྱི་གཏམ་རྒྱུད་དེ་བས་མང་བ་མུ་མ