ཆ་འཕྲིན་ཐེར་འདོན། mzjubao@cnr.cn

སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ཞིབ་འཇུག་སློབ་མའི་སློབ་གསོའི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ།

2020-07-30 16:02:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞིབ་འཇུག་སློབ་མའི་སློབ་གསོའི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཤིང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཚར་བ་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་དབུལ་སྒྲོལ་འགག་གཏོར་ལ་རྒྱལ་ཁ་ལེན་པའི་རྨང་གཞིའི་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་གྱི་ལམ་བུ་གསར་པའི་ཕྱོགས་སུ་སྐྱོད་གྲབས་ཡོད་པས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་སྤྱོད་ཡོན་གཉིས་ལྡན་གྱི་མཐོ་རིམ་ཤེས་ལྡན་མི་སྣ་འབོར་ཆེན་ཞིག་གསོ་སྐྱོང་དང་སྐྱེད་སྲིང་བྱ་རྒྱུ་ཡིན་ཁ་ཚ་དགོས་གཏུག་ཡིན་ཞེས་གསུངས་ཡོད་པ་རེད།

ཞི་ཅིན་ཕིང་གིས། ཞིབ་འཇུག་སློབ་མའི་སློབ་གསོ་དེ་གསར་གཏོད་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། གསར་གཏོད་ནུས་པ་ཆེ་རུ་གཏོང་བ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ནུས་པ་གལ་ཆེན་ལྡན་ཡོད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཞིབ་འཇུག་སློབ་མའི་སློབ་གསོར་མཐོང་ཆེན་དང་། ཞིབ་འཇུག་སློབ་མའི་སློབ་གསོ་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པར་སྐུལ་འདེད་གཏོང་བ། བྱེད་པ་བཞིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཚན་རྩལ་གྱི་མདུན་གྲལ་དང་འགག་རྩའི་ཁྱབ་ཁོངས་ལ་དམིགས་ཏེ་རིག་གཞུང་ཚན་ཁག་དང་ཆེད་ལས་ལེགས་སྒྲིག་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ། སློབ་དཔོན་གྱི་དཔུང་ཁག་ཆུ་ཚད་མཐོ་རུ་གཏོང་བ། ཤེས་ལྡན་མི་སྣའི་གསོ་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ། རྒྱལ་ཁབ་ལ་དགོས་མཁོ་ཆེ་བའི་མཐོ་རིམ་ཤེས་ལྡན་མི་སྣ་གསོ་སྐྱོང་གང་མགྱོགས་བཅས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་འབུལ་དགོས་པའི་ནན་བཤད་གནང་ཡོད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས། ཞིབ་འཇུག་སློབ་མའི་སློབ་གསོས་བང་རིམ་མཐོ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་གསར་གཏོད་གསར་སྐྲུན་གྱི་འགན་འཁྲི་གལ་ཆེན་འཁུར་ཡོད་པས། རྒྱལ་ཁབ་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་ཡོང་བའི་རྨང་རྡོ་གལ་ཆེན་ཞིག་ཡིན། བསྒྱུར་བཅོས་སྒོ་དབྱེ་བྱས་ཚུན། རང་རྒྱལ་གྱི་ཞིབ་འཇུག་སློབ་མའི་སློབ་གསོར་ལོ་རྒྱུས་རང་བཞིན་གྱི་མཆོང་བརྒལ་བྱུང་ཞིང་། ཤེས་ལྡན་མི་སྣ་ཕུལ་བྱུང་ཅན་ཁག་ཅིག་གསོ་སྐྱོང་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱེད་པ། རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འཐབ་ས་གཙོ་བོ་དང་། མི་དམངས་མང་ཚོགས་ཀྱི་དགོས་མཁོ། འཛམ་གླིང་གི་ཚན་རྩལ་འཕེལ་རྒྱས་གཏོང་བ་སོགས་ཀྱི་ཆེས་མདུན་གྲལ་ལ་ཁ་ཕྱོགས་པ་བཅས་བྱས་ཏེ། ཁྱབ་ཁོངས་མང་པོའི་དགོས་མཁོ་དང་འཚམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་དགོས། ཞིབ་འཇུག་སློབ་མ་གསོ་སྐྱོང་བྱེད་པའི་མ་དཔེ་བསྒྱུར་བཅོས་གཏིང་ཟབ་དང་། རྒྱུགས་སྤྲོད་སློབ་བསྡུའི་ལམ་ལུགས་དང་རིག་ཚན་དང་སློབ་ཚན་བཀོད་སྒྲིག་སྔར་བས་ལེགས་སུ་གཏོང་བ། ཚན་སློབ་མཉམ་འདྲེས་དང་ཐོན་སློབ་མཉམ་འདྲེས་ཡོང་རྒྱུར་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཞིབ་འཇུག་སློབ་མའི་ལག་ལེན་བྱེད་ནུས་དང་གསར་གཏོད་བྱེད་ནུས་ཆེ་རུ་གཏོང་གང་ཐུབ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་སྔར་ལས་སྲ་ཞིང་བརྟན་པའི་ཤེས་ལྡན་མི་སྣའི་འདེགས་སྐྱོར་མཁོ་འདོན་བྱ་དགོས་ཞེས་གསུངས་ཡོད་པ་རེད།

རྒྱལ་ཡོངས་ཀྱི་ཞིབ་འཇུག་སློབ་མའི་སློབ་གསོའི་གྲོས་ཚོགས་དེ་སྤྱི་ཚེས་29ཉིན་པེ་ཅིན་དུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་གྲོས་ཚོགས་ལ་ཞུགས་གནང་བ་མ་ཟད་གསུང་བཤད་ཀྱང་གནང་ཡོད། ཁོང་གིས། ཞིབ་འཇུག་སློབ་མའི་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ། ཞིབ་འཇུག་སློབ་མའི་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་རྒྱུས་ལྟེ་བར་བཅས་བྱས་ཏེ། སྒྱུར་བཅོས་གསར་གཏོད་གཏིང་ཟབ་ཏུ་གཏོང་བ་དང་ནང་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཞིབ་འཇུག་བྱ་རྒྱུ་དེ་ཞིབ་འཇུག་སློབ་མའི་བྱང་ཚད་དཔྱད་བསྡུར་བྱེད་པའི་གཞི་རྩའི་དམིགས་ཚད་དུ་འཛིན་ནས། རིག་གཞུང་ཚན་ཁག་གི་ཆེད་ལས་བཀོད་སྒྲིག་ལེགས་འགྱུར་བྱེད་པ་དང་། རིགས་དབྱེ་གསོ་སྐྱོང་དང་སྒོ་དབྱེ་མཉམ་ལས་བྱ་རྒྱུར་མཐོང་ཆེན་བྱས་ཏེ། ཞིབ་འཇུག་དང་གསར་གཏོད་བྱེད་ནུས་ལྡན་པའི་མཐོ་རིམ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་དགོས། སློབ་དཔོན་གྱི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། སློབ་གནས་མི་འདྲ་བའི་རིགས་ལ་དམིགས་ནས། སློབ་གསོའི་གདེང་འཇོག་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྤུས་ཚད་དོ་དམ་དང་སློབ་གྲྭའི་རྣམ་པ་དང་སློབ་སྲོལ་ནན་དུ་བཏང་སྟེ་ཞིབ་འཇུག་སློབ་མའི་སློབ་གསོ་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ཁྲིད་སྟོན་བྱེད་དགོས་ཞེས་གསུངས་ཡོད་པ་རེད།

གྲོས་ཚོགས་དེ་བརྙན་མཐོང་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་པ་དང་། པེ་ཅིན་སློབ་ཆེན་དང་། ཆིང་ཧྭ་སློབ་ཆེན། ཧྭ་ཀྲུང་ཚན་རྩལ་སློབ་ཆེན། ཞི་ཨན་གློག་རྡུལ་ཚན་རྩལ་སློབ་ཆེན། ཅང་སུའུ་ཞིང་ཆེན་གྱི་འགན་འཁུར་བློ་མཐུན་བཅས་ཀྱིས་གྲོས་ཚོགས་ཐོག་སྤེལ་རེས་གཏམ་བཤད་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མཚམས་གཅོད།

中央广播电视总台 央广网 版权所有

ཞི་ཅིན་ཕིང་གིས་ཞིབ་འཇུག་སློབ་མའི་སློབ་གསོའི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞིབ་འཇུག་སློབ་མའི་སློབ་གསོའི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཤིང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཚར་བ་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་དབུལ་སྒྲོལ་འགག་གཏོར་ལ་རྒྱལ་ཁ་ལེན་པའི་རྨང་གཞིའི་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་