ཆ་འཕྲིན་ཐེར་འདོན། mzjubao@cnr.cn

སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ཁོང་ལ་བཀའ་ཤོག་ལག་ཁྱེར་གནང་འདུག

2020-07-30 11:16:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་དབྱང་དམག་ཨུད་ཀྱིས་ཧྲང་ཅང་དམག་དཔོན་གྱི་དམག་མིའི་གོ་རྟགས་སྤྲོད་པའི་མཛད་སྒོ་སྤྱི་ཚེས་29ཉིན་པེ་ཅིང་བརྒྱད་གཅིག་ཐོག་ཁང་དུ་གཟབ་རྒྱས་ངང་སྐོང་འཚོགས་བྱས་ཡོད། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཅང་དམག་དཔོན་གྱི་དམག་མིའི་གོ་རྟགས་ཐོབ་པའི་མེ་ཤུགས་འཕུར་མདའི་དམག་གི་ཆབ་སྲིད་ཨུ་ཡོན་བློ་མཐུན་ཞུས་ཀྲུང་པོ་ལ་བཀའ་ཤོག་ལག་ཁྱེར་གནང་ཡོད།

ཕྱི་དྲོའི་ཆུ་ཚོད་4དང་སྐར་མ་30ཙམ་ལ། དམག་མིའི་གོ་རྟགས་སྤྲོད་པའི་མཛད་སྒོ་དེ་བརྗིད་ཉམས་ལྡན་པའི་རྒྱལ་གླུའི་ཁྲོད་འགོ་ཚུགས་པ་རེད། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཆི་ལེའང་གིས་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཚན་བཀོད་གནང་བའི་ཧྲང་ཅང་དམག་དཔོན་གྱི་དམག་མིའི་གོ་རྟགས་སྤྲོད་པའི་བཀའ་རྒྱ་སྒྲོག་སྦྱང་གནང་བ་དང་། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་ཡིས་དམག་མིའི་གོ་རྟགས་སྤྲོད་པའི་མཛད་སྒོ་གཙོ་སྐྱོང་གནང་བ་རེད།
ཧྲང་ཅང་དམག་དཔོན་གྱི་དམག་མིའི་གོ་རྟགས་ཐོབ་པའི་ཞུས་ཀྲུང་པོ་ཡིས་དམག་གོས་གྲ་འགྲིག་པོ་གྱོན་ཤིང་དཔའ་ཉམས་ཆེར་བསྐྱེད་ངང་ཀྲུའུ་ཞི་སྟེགས་བུའི་མདུན་དུ་ཕེབས་པ་རེད། ཞི་ཅིན་ཕིང་གིས་ཁོང་ལ་བཀའ་ཤོག་ལག་ཁྱེར་གནང་སྟེ་བཀྲ་ཤིས་བདེ་ལེགས་ཞུས་པ་རེད། ཧྲང་ཅང་དམག་དཔོན་གྱི་དམག་མིའི་གོ་རྟགས་ཀྱི་དཔུང་རྟགས་བཏགས་པའི་ཞུས་ཀྲུང་པོ་ཡིས་ཞི་ཅིན་ཕིང་ལ་གུས་འདུད་ཞུས་པ་དང་། མཛད་སྒོར་ཞུགས་པའི་བློ་མཐུན་ཡོངས་ལ་གུས་འདུད་ཞུས་པས། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་ཡོད།

དམག་མིའི་གོ་རྟགས་སྤྲོད་པའི་མཛད་སྒོ་དེ་སྐད་གསང་མཐོན་པོའི་དམག་གླུའི་ཁྲོད་མཇུག་སྒྲིལ་བ་རེད།

ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་ཝེ་ཧྥེང་ཧོ་དང་། ལི་ཙུའོ་ཁྲེང་། མིའོ་ཧྭ། ཀྲང་ཧྲེང་རྨིན། དེ་བཞིན་དམག་ཨུད་ལས་ཁུངས་ཀྱི་སྡེ་ཁག་ཁག་དང་པེ་ཅིང་དུ་བཅར་སྡོད་ཚན་པ་ཆེ་གྲས་ཀྱི་འགོ་ཁྲིད་སོགས་དམག་མིའི་གོ་རྟགས་སྤྲོད་པའི་མཛད་སྒོར་ཞུགས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག ཟླ་བ་གཡུ་སྒྲོན།
ཡིག་སྒྱུར། ཟླ་བ་ཚེ་རིང་།

中央广播电视总台 央广网 版权所有